སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པ་མཇུག་སྒྲིལ། ཝང་ཞའོ་ཧུའེ་དང་ཧྲི་ཞའོ་ལིན། ཡུས་ལི་ཅུན་གྲོས་ཚོགས་སུ་ཞུགས། ཐེན་ཞང་ལི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གནང་།

ཡོང་ཁུངས། ཁམས་པའི་བརྙན་འཕྲིན་ཁང་།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༢ ཚེས་ ༧

སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པ་མཇུག་སྒྲིལ།

ཝང་ཞའོ་ཧུའེ་དང་ཧྲི་ཞའོ་ལིན། ཡུས་ལི་ཅུན་གྲོས་ཚོགས་སུ་ཞུགས། ཐེན་ཞང་ལི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གནང་།

ཧོ་ཧྲུའུ་ཕིང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་།

སྤྱི་ཟླ་2པའི་ཚེས་6ཉིན་གྱི་ཕྱི་དྲོར། སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པའི་ངང་ལེགས་གྲུབ་བྱུང་ནས་ཁྲེན་ཏུའུ་གྲོང་ཁྱེར་དུ་མཇུག་བསྒྲིལ་བ་རེད།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཐེན་ཞང་ལི་ཡིས་ཚོགས་འདུ་མཇུག་བསྒྲིལ་བའི་མཛད་སྒོ་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་ཀྱང་གནང་བ་རེད། ཚོགས་འདུ་མཇུག་བསྒྲིལ་བའི་མཛད་སྒོའི་ལག་བསྟར་ཀྲུའུ་ཞི་ནི་ཐེན་ཞང་ལི་དང་། ཀྲུང་མེན། ཏུའུ་ཧོ་པིང་། ཨོ་དབྱང་ཙེ་ཧྭ། ལིའུ་ཁྲེན་མིང་། དབྱང་ཏན། ཞེ་ཧྲང་ཧྭ། ལིའུ་ཞུས་ཀོང་། ཞུས་ཝེ་ལིན། ཧོ་ཧྲུའུ་ཕིང་། མཱ་པོ་བཅས་རེད།

ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཞའོ་ཧུའེ་དང་། ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་ཧྲི་ཞའོ་ལིན། ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཡུས་ལི་ཅུན་བཅས་གདན་ཞུས་ལྟར་ཚོགས་འདུ་མཇུག་བསྒྲིལ་བའི་མཛད་སྒོར་ཞུགས་པ་མ་ཟད། ཀྲུའུ་ཞི་སྟེགས་བུར་བཞུགས།

ཚོགས་འདུ་མཇུག་བསྒྲིལ་བའི་མཛད་སྒོ་མ་འཚོག་གོང་དུ་འཚོགས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག ཧོ་ཧྲུའུ་ཕིང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་བ་དང་། ཝང་ཡི་སོགས་མི་20སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དུ་བདམས་ཐོན་བྱུང་བ་རེད།

མཇུག་བསྒྲིལ་བའི་མཛད་སྒོའི་ཐོག་སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་། སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པའི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཚུན་གྱི་གྲོས་གཞིའི་ལས་དོན་གནས་ཚུལ་སྙན་ཞུའི་སྐོར་གྱི་གྲོས་ཆོད། སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་གཞི་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་བཞི་པའི་གྲོས་གཞི་ཞིབ་བཤེར་གནས་ཚུལ་སྐོར་གྱི་སྙན་ཞུ། སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པའི་ཆབ་སྲིད་གྲོས་ཆོད་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

ཐེན་ཞང་ལི་ཡིས་གསུང་བཤད་གནང་དུས། ཚང་མས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་བ་ནི་དར་ཆ་མཐོན་པོར་བསྒྲེངས་པ་དང་། སེམས་ཤུགས་གཅིག་ཏུ་བསྡུས་པ། མཐུན་སྒྲིལ་མདུན་བསྐྱོད་བྱེད་པ། བྱ་སྤྱོད་ལེགས་ཤིང་གཙང་བ་བཅས་ཀྱི་ཚོགས་ཆེན་ཞིག་རེད། ཚོགས་འདུའི་རིང་ཨུ་ཡོན་རྣམས་ཀྱིས་ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་འཆར་འགོད་རྩ་གནད་ཀྱི་འཆར་ཟིན་དང་། སྲིད་གཞུང་གི་ལས་དོན་སྙན་ཞུ། ཞིང་ཆེན་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུ། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུ་སོགས་སྙན་ཞུ་གཞན་དག་ལ་ནན་ཏན་ངང་གྲོས་བསྡུར་དང་། ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་དང་གྲོས་གཞིའི་ལས་དོན་གནས་ཚུལ་སྙན་ཞུར་ནན་ཏན་ངང་གྲོས་ཞིབ་བྱས་ཏེ་དགོངས་འཆར་དང་གྲོས་འགོ་གང་ལེགས་བཏོན་ནས་གྲུབ་འབྲས་ཕུན་སུམ་ཚོགས་པ་ཐོབ་ཡོད་ཅེས་གསུངས་པ་རེད།

ཐེན་ཞང་ལི་ཡིས། ད་ལོ་ནི་ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པ་འགོ་ཚུགས་པའི་ལོ་ཡིན་པས། ཞིང་ཆེན་ཏང་ཨུས་སི་ཁྲོན་གྱི་ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་འཕེལ་རྒྱས་ལ་སྤྱིའི་བཀོད་སྒྲིག་གནང་སྟེ། རྒྱལ་ཁབ་ཀྱི་འཐབ་ཇུས་གནས་གཞིའི་འདེགས་སྐྱོར་ཁུལ་གཙོ་བོ་མགྱོགས་མྱུར་འཛུགས་སྐྲུན་བྱེད་པ་དང་། རྒྱལ་ཁབ་ཀྱི་ས་ཁོངས་འཕེལ་རྒྱས་ཀྱི་སྣེ་བཞི་པ་མགྱོགས་མྱུར་འཛུགས་སྐྲུན་བྱེད་པའི་དམིགས་འབེན་དང་ལས་འགན་གསལ་པོ་བཏོན་ཡོད། མི་དམངས་སྲིད་གྲོས་ཀྱི་ལས་ཀའི་སྟེགས་བུ་རྒྱ་ཆེ་བས་བྱ་བ་མང་པོ་བསྒྲུབ་ཐུབ། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་རིམ་པ་ཁག་གི་རྩ་འཛུགས་དང་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་གཏན་འཁེལ་གཉིས་ལ་བློ་བརྟན་འགྱུར་མེད་ཀྱིས་བརྩི་སྲུང་དང་། སྲུང་སྐྱོང་གཉིས་བློ་ཐག་རྦད་ཆོད་ཀྱིས་ལག་བསྟར། ཏང་གི་འགོ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར། དམངས་གཙོ་གྲོས་མོལ་བཅས་ཕན་ཚུན་ཟུང་འབྲེལ་ཡོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་གནས་བབ་རྒྱུན་འཁྱོངས་བྱེད་པ་དང་། ལྟེ་བ་བཞི་དང་གཙོ་གནད་གཅིག་གི་སྤྱིའི་ལས་དོན་བླང་བྱ་རྒྱུན་འཁྱོངས་བྱེད་པ། ཆེད་ལས་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ལས་འགན་གསར་པ་ཕྲག་ཏུ་ཁུར་བ། དངོས་སྒྲུབ་ལ་ཤུགས་རྒྱག་པ་བཅས་བྱས་ཏེ། གཅིག་སྒྲིལ་བཞིའི་ལས་དོན་ཏན་ཏིག་སྒོས་སྒྲུབ་ནས་ཞིང་ཆེན་གྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བར་བྱས་རྗེས་འཇོག་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། དུས་རབས་གསར་པར་སྲིད་གྲོས་ཀྱི་རྣམ་པ་གསར་པ་གཏོད་དགོས་ཞེས་གསུངས་པ་རེད།

ཐེན་ཞང་ལི་ཡིས། ཆབ་སྲིད་གཙིགས་སུ་འཛིན་པ་རྒྱུན་འཁྱོངས་དང་། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གིས་སྲིད་གྲོས་ལས་ཀར་ཁྱོན་ཡོངས་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས། བློ་བརྟན་འགྱུར་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལ་བརྟེན་ནས་འདུ་ཤེས་ཇེ་བརྟན། དུས་རབས་གསར་པའི་སི་ཁྲོན་སྐྱོང་བ་དང་དར་རྒྱས་གཏོང་བའི་བྱ་གཞག་གོང་དུ་སྤེལ་མཁན་དང་། དོན་གཉེར་མཁན། དྲིལ་བསྒྲགས་མཁན་བཅས་བྱེད་དགོས་ལ། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ནས་སྲིད་གྲོས་ཀྱི་འགན་འཁྲི་གསར་པ་མངོན་དགོས། དོན་གཉེར་བྱེད་པ་གཙིགས་སུ་འཛིན་པ་དང་། དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་མོའི་སྒུལ་ཤུགས་གཙོ་བོ་བསྐྲུན་པ། ཁྲེང་ཏུའུ་དང་ཁྲུང་ཆིང་གི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་གྱི་འཕེལ་རྒྱས་ནུས་པ་མཐོར་འདེགས། རྒྱལ་ཁབ་འཐབ་ཇུས་ལྟེ་བའི་རྒྱབ་རྟེན་ནུས་པ་ཇེ་དྲག་གཏོང་བའི་འཐབ་ཇུས་འགན་འཁྲི་ཆེན་མོ་གསུམ་ལ་དམིགས་ནས། ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་འགོ་ཡག་པོ་རྩོམ་པར་གཞིགས་ནས། ཞིང་ཆེན་ཏང་ཨུའི་ཅན་བཞི་མཉམ་སྤེལ་དང་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས། ཁོངས་ལྔ་མཉམ་དར་བཅས་ཀྱི་འཕེལ་རྒྱས་འཐབ་ཇུས་ལག་ལེན་བསྟར་བ་དང་། ནང་མཁོ་བརྟན་ཐོག་རྒྱ་བསྐྱེད་དང་ཚན་རྩལ་ལ་བརྟེན་ནས་ཐོན་ལས་སྤེལ་བ། གཅིག་གྱུར་བཀོད་འདོམས་དང་མཉམ་དུ་དར་རྒྱས་སོགས་ཀྱི་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱ་དགོས། རྒྱུན་ཆད་མེད་པར་བློ་སེམས་རྩེ་གཅིག་གིས་དེང་རབས་ཅན་གྱི་སི་ཁྲོན་འཛུགས་སྐྱོང་བྱ་དགོས་པ་དང་། དཔལ་འབྱོར་དར་བའི་ཞིང་ཆེན་ལ་རང་གི་ནུས་པ་འདོན་པའི་བྱེད་སྒོ་ཡག་པོ་སྤེལ་ནས། ལྟེ་བའི་བཀོད་པའི་ཞབས་ཞུའི་ཐད་སྲིད་གྲོས་ཀྱི་ནུས་པ་གསར་པ་འདོན་དགོས། དམངས་འཚོ་གཙིགས་འཛིན་རྒྱུན་འཁྱོངས་དང་། ཡང་དག་པའི་ཆབ་སྲིད་ལྟ་བ་འཛུགས་སྐྱོང་དང་ལག་ལེན་བསྟར་བ། ཨུ་ཡོན་གྱིས་དམངས་ལ་ཞབས་ཞུ་བསྒྲུབ་པའི་བྱེད་སྒོ་སྤེལ་བ། གནད་དོན་ཡོད་ན་གྲོས་བསྡུར་བྱ་སའི་སྟེགས་བུ་ཇེ་རྒྱས་ཇེ་ལེགས་གཏོང་བ། ལས་ཞུགས་དང་ཡོང་སྒོ་ཇེ་མང་། རྒན་གཅིག་གཞོན་གཅིག སློབ་གསོ་དང་སྨན་བཅོས། སྡོད་ཁང་འགན་སྲུང་སོགས་དམངས་འཚོའི་འགག་རྩ་ལ་དམིགས་ནས་གྲོས་གཞི་འདོན་པ་དང་། དམངས་འདུན་གནས་ཚུལ་ཡར་ཞུ་དང་གྲོས་བསྡུར་བྱས་ནས། མི་དམངས་སྔར་ལས་སྐྱིད་པོ་ཡོང་བའི་ཐད་སྲིད་གྲོས་ཀྱི་ནུས་པ་གསར་པ་འདོན་དགོས། མཐུན་སྒྲིལ་གཙིགས་སུ་འཛིན་པ་རྒྱུན་འཁྱོངས་དང་། ཕྱོགས་ཡོངས་མཐུན་སྒྲིལ་གྱི་མཉམ་འབྲེལ་ལེགས་ཆ་འདོན་པ། སྲིད་ཏང་གི་འབྲེལ་བ་དང་མི་རིགས་ཀྱི་འབྲེལ་བ། ཆོས་ལུགས་འབྲེལ་བ། གྲལ་རིམ་གྱི་འབྲེལ་བ། རྒྱལ་ཕྱི་ནང་གི་སྤུན་ཟླའི་འབྲེལ་བ་བཅས་འཆམ་མཐུན་ཡོང་བར་བྱས་ནས། སྲིད་གྲོས་རྩ་འཛུགས་ཨུ་ཡོན་དང་ཨུ་ཡོན་གྱིས་ལས་རིགས་སོ་སོར་འབྲེལ་བ་བྱེད་པ་དང་། ལས་རིགས་སོ་སོས་མང་ཚོགས་ཀྱི་ལས་ཀར་སྣེ་ཁྲིད་དེ། དམངས་སེམས་གཅིག་བསྡུས་ཐད་སྲིད་གྲོས་ཀྱི་ནུས་པ་གསར་པ་འདོན་དགོས། རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་པའི་སྲིད་གྲོས་ལ་གོ་བ་ལེན་པ་དང་གྲོས་མོལ་བཟོ་ཤེས་པ། སྲིད་གླེང་མཁས་པ། སྒྲིག་ལམ་སྲུང་བ། སྒྲིག་སྲོལ་ཁུར་བ། ཀུན་སྤྱོད་བཟང་བའི་བླང་བྱ་གལ་ཆེན་ལྟར། རང་ཉིད་ཀྱི་ལས་གནས་ཐོག་བྱས་རྗེས་འཇོག་པ་དང་། སྲིད་གྲོས་འགན་འཁྲི་སྒྲུབ་དུས་རང་ཉིད་ཀྱིས་སྟོབས་ཤུགས་འབུལ་བ། བྱ་བ་སྤྱོད་པ་དངོས་ནས་དུས་རབས་གསར་པའི་སྲིད་གྲོས་བའི་རྣམ་པ་གསར་པ་མངོན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སི་ཁྲོན་གྱི་རྣམ་པ་གསར་པ་གཏོད་པར་བྱས་རྗེས་སྔར་ལས་ཆེན་པོ་གཞག་དགོས་ཞེས་གསུངས་པ་རེད།

གདན་ཞུས་ལྟར་མཇུག་བསྒྲིལ་བའི་གྲོས་ཚོགས་ནང་ཞུགས་པ་མ་ཟད་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་མཁན་ལ་ད་རུང་། ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན། ཞིང་ཆེན་སྲིད་གཞུང། ཞིང་ཆེན་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་། སི་ཁྲོན་དུ་བཅའ་སྡོད་བྱེད་པའི་དམག་དཔུང་བཅས་ཀྱི་དབུ་ཁྲིད་བློ་མཐུན། སི་ཁྲོན་ཞིང་ཆེན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཁག་ཅིག ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། སྐབས་བཅུ་གཉིས་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུའུ་ཞི་གཞོན་པ། སྐབས་འདིའི་ནང་ད་ལྟའི་ལས་གནས་ནས་བུད་པའི་ཞིང་ཆེན་རིམ་པའི་དབུ་ཁྲིད་བློ་མཐུན་བཅས་འདུས་པ་རེད།