རྔ་བ་ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་ལོ་གསར་གྱི་འཚམས་འདྲི་དང་སྨོན་འདུན་ཞུས།
ངེད་གསར་འགྱུར་གྱི་གསར་བཀོད། ཞུས་ཀྲི་ཝུན་དང་ལུའོ་ཀྲེན་ཧྭ། ལི་ཝེ་གོ དབྱང་ཞིང་། ལི་ཆང་། ཧྥེང་ཡུས་སོགས་ཀྱིས་ཚོགས་པ་སྣེ་ཁྲིད་ནས་འཚམས་འདྲི་གནང་བར་ཕེབས་ཏེ། ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་ལོ་གསར་གྱི་འཚམས་འདྲི་དང་སྨོན་འདུན་ཞུས།
ལོ་གསར་པ་བསླེབ་ལ་ཉེ་བས། ཞིང་དཔོན་གཞོན་པ། ཁུལ་ཨུའི་ཧྲུའུ་ཅི་ཞུས་ཀྲི་ཝུན་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ལུའོ་ཀྲེན་ཧྭ། ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ལེ་ཝེ་གོ ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་དབྱང་ཞིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཆང་དང་ཧྥེང་ཡུས་སོགས་ཀྱིས་ཚོགས་པ་སོ་སོའི་སྣེ་ཁྲིད་དེ། ས་གནས་ཁག་ཏུ་འཚམས་འདྲི་གནང་། ཁུལ་དུ་སྡོད་པའི་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེ། སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། མེ་ཟོན་རོགས་སྐྱོབ་ཀྱི་རུ་མི། དཀའ་ངལ་ཡོད་པའི་ཚོགས་སྤྱི།གཟིགས་སྐྱོང་བྱ་ཡུལ།“བཟང་བཞིའི”རོང་འབྲོག་པའི་ཁྱིམ་ཚང་། གཞི་རིམ་གྱི་ལས་བྱེད་མང་ཚོགས་སོགས་ལ་བྱམས་བརྩེའི་ངང་འཚམས་འདྲི་གནང་སྟེ། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོད་ཁོལ་མཚོན་པར་མ་ཟད། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་དཔྱིད་གསར་གྱི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས།
ཞུས་ཀྲི་ཝུན་དྲག་པོའི་ཉེན་རྟོག་རྔ་བའི་རུ་ཁག་དང་རྔ་བའི་མེ་གསོད་རོགས་སྐྱོབ་རུ་ཁག །ཁུལ་མེ་གསོད་རོགས་སྐྱོབ་རུ་ཁག །རྔ་བའི་ཡན་ལག་དམག་ཁུལ་བཅའ་སྡོད་བྱ་ཡུལ་དུ་ཕེབས་ནས། དཔུང་སྡེའི་དཔོན་དམག་དང་རོགས་སྐྱོབ་མི་སྣར་བྱམས་བརྩེའི་འཚམས་འདྲི་གནང་བ་དང་། འཚམས་འདྲི་གནང་བའི་སྐབས་སུ། ཞུས་ཀྲི་ཝུན་གྱིས་ད་དུང་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་སྨོན་འདུན་བཟང་པོ་ཞུས་པ་དང་། རྔ་བར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་ལས་རིགས་ཁག་གི་མི་སྣའི་ཁྱིམ་ཚང་འཆམ་མཐུན་དང་འཚོ་བ་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུས།
ལུའོ་ཀྲེན་ཧྭ་ཧུང་ཡོན་རྫོང་གི་བརྩེ་སེམས་ས་ཚིགས་དང་སྤྱི་ཚོགས་ཕན་བདེའི་ལྟེ་གནས་སོགས་སུ་ཕེབས་ཏེ། ཁོར་ཡུག་འཕྲོད་བསྟེན་པ་དང་། མྱུར་སྐྱེལ་བ། ཟ་མ་སྐྱེལ་མཁན། གཅིག་བསྡུས་ཀྱིས་འཚོ་སྐྱོང་བྱས་པའི་རྒན་རྒོན། གཞུང་དོན་དུ་སྐུ་གཤེགས་པའི་ལས་བྱེད་པའི་ཁྱིམ་མི། ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་བཅས་ལ་གཅིག་བསྡུས་ཀྱིས་གཟིགས་ཞིབ་དང་འཚམས་འདྲི་གནང་བ་རེད།
ཁུལ་ཨུས་གཅིག་གྱུར་གྱི་བཀོད་སྒྲིག་འོག །ལི་ཝེ་གོ་དང་དབྱང་ཞིང་། ལི་ཆང་། ཧྥེང་ཡུས་བཅས་དང་ཁུལ་གྱི་འགོ་ཁྲིད་གཞན་པ་རྣམས་ཀྱིས་འཚམས་འདྲི་གནང་བ་རེད་དོ། །
