མེ་རྟའི་ལོ་གཡང་དགའ་བས་བསུ། དཔྱིད་ཀྱི་དུས་སྟོན་སྤྲོ་བས་འཕེལ། 2026ལོའི་མེ་རྟ་ལོའི་ལོ་སར་སྤྲོ་ཚོགས་དང་ངས་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་སུ་དཔྱིད་གསར་དུས་ཆེན་རོལ་ཞེས་པའི་བྱེད་སྒོ་སྤེལ།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
བཀྲ་ཤིས་ལྷ་མོ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༡ ཚེས་ ༢༨

སྤྱི་ཟླ་1པོའི་ཚེས་25ཉིན། མཛོད་དགེ་རྫོང་ཨུའི་དྲིལ་བསྒྲགས་པུའུ་དང་རྫོང་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་ཀྱིས་སྟག་ཚ་གྲོང་རྡལ་ཚོང་ལས་སྡེ་ཁུལ་གྱི“ཆུ་ཚོད་ལྔ་དང་ཕྱེད་ཀའི་སྤྱི་ཕན་སློབ་ཁྲིད”དང་མཉམ་དུ་2026ལོའི་མེ་རྟ་ལོའི་ལོ་གསར་སྤྲོ་ཚོགས་དང་ངས་དུས་རབས་གསར་པའི་དཔལ་ཡོན་ལྟེ་གནས་སུ་དཔྱིད་གསར་དུས་ཆེན་ལ་རོལ་ཞེས་པའི་བྱེད་སྒོ་བདེ་བླག་ངང་སྤེལ། བྱེད་སྒོར་རིག་རྩལ་འཁྲབ་སྟོན་དང་ཕ་མ་བུ་ཕྲུག་གི་རོལ་རྩེད། ཟས་མཆོག་མྱོང་རོལ་སོགས་ཀྱི་ལམ་ནས་གཞིས་ལུས་བྱིས་པ་དང་དཀའ་ཁག་ཅན་གྱི་བྱིས་པ། དེ་མིན་སྤྱི་ཕན་སློབ་ཁྲིད་ཀྱི་སློབ་མ་རྣམས་ལ་དགའ་སྤྲོ་འཕེལ་བའི་དཔྱིད་གསར་གྱི་རིག་གནས་ལ་ཉམས་ལེན་བྱེད་དུ་བཅུག

བྱེད་སྒོ་དེ《ང་དང་ང་ཡི་མེས་རྒྱལ། གཅིག་ཀྱང་ལུས་མི་རུང་》ཞེས་པའི་ཟློས་གར་འཁྲབ་སྟོན་བྱས་པ་བརྒྱུད་སྤེལ་འགོ་ཚུགས་པ་དང་ཡུལ་དངོས་སུ་སྤྲོ་བས་ཁེངས། བྱིས་པ་རྣམས་ཀྱིས་སློབ་ཆེན་སློབ་མ་དང་བླངས་པ་དང་མཉམ་དུ་གླུ་གར་དང་སྙན་ངག་གྱེར་འདོན་སོགས་ལེ་ཚན་བཅུ་ལྷག་འཁྲབ་སྟོན་བྱས། སྲོལ་རྒྱུན་དང་དེང་རབས་ཡུག་གཅིག་ཏུ་འདྲེས་ཤིང་། གསོན་ཤུགས་འཕེལ་བའི་རིག་རྩལ་འཁྲབ་སྟོན་བརྒྱུད་དཔྱིད་གསར་དུས་ཆེན་གྱི་དགའ་སྟོན་བརྒྱུད་སྒྲོག་དང་། གཞོན་ནུ་ལོ་ཆུང་གི་ཤེས་ཡོན་དང་བསམ་པའི་དཔལ་ཡོན་ལེགས་པར་མངོན།

དེའི་རྗེས་ཀྱི“གཅེས་ནོར་འཚོལ་བའི”ཕ་མ་བུ་ཕྲུག་གི་བྱེད་སྒོར་སྤྲོ་སྣང་ལྡན་པའི་རོལ་རྩེད་མང་པོ་བཀོད་སྒྲིག་བྱས་ནས། བྱིས་པ་རྣམས་ལ་སྲོལ་རྒྱུན་གྱི་ལོ་སར་ཉམས་ལེན་བྱེད་ཞོར་ཕ་མའི་དབར་གྱི་བརྩེ་ཞེན་ཇེ་ཟབ་ཏུ་བཏང་། ཡུལ་དངོས་སུ་བྱ་དགའ་དང་མངར་ཟས། སིལ་ཟས་བཅས་སྣ་ཚོགས་གྲ་སྒྲིག་བྱས་ནས་སྤྲོ་སྣང་འཕེལ་བའི་དུས་ཆེན་གྱི་རྣམ་པ་མངོན།

བྱེད་སྒོ་དེར་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་གྱི་ཞབས་ཞུ་ལེགས་པར་བཏོན། རིག་གནས་དམངས་ཕན་དང་སྤྱི་ཕན་གཅེས་སྐྱོང་གཅིག་ཏུ་སྦྲེལ་ནས། གཞོན་ནུ་ལོ་ཆུང་གི་དཔྱིད་གསར་དུས་ཆེན་གྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་དང་། ཁྱིམ་ཚང་དང་སྡེ་ཁུལ་མཐུན་སྦྱོར་སྒོས་མི་གཞི་གསོ་སྐྱོང་གི་ལམ་ལུགས་བརྟན་པོ་འཛུགས་པར་སྐུལ་འདེད་བཏང་། བྱེད་སྒོར་ཞུགས་པའི་ཁྱིམ་བདག་དང་བྱིས་པ་རྣམས་ཀྱིས་བཤད་རྒྱུར། སྤྲོ་སྣང་འཕེལ་བའི་ཁོར་ཡུག་འདིར་སྤྱི་ཚོགས་ཀྱི་ཐུགས་ཁུར་ཚོར་ཐུབ། ང་ཚོས་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་སུ་དོན་སྙིང་ལྡན་པའི་དཔྱིད་གསར་དུས་ཆེན་རོལ་ཐུབ་ཅེས་བཤད།