ཞིང་ཆེན་ཡོངས་ཀྱི་དྲིལ་བསྒྲགས་པུའུ་ཀྲང་གི་ཚོགས་འདུ་འཚོགས་པ།
ཟླ་1པོའི་ཚེས་19ཉིན། ཞིང་ཆེན་ཡོངས་ཀྱི་དྲིལ་བསྒྲགས་པུའུ་ཀྲང་གི་ཚོགས་འདུ་ཁྲེང་ཏུའུ་རུ་བསྡུ་འཚོགས་བྱས། ཚོགས་འདུའི་ཐོག་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། རྒྱལ་ཡོངས་དྲིལ་བསྒྲགས་པུའུ་ཀྲང་ཚོགས་འདུའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ། འདས་པའི་ལས་དོན་ལ་ཕྱོགས་བསྡོམས་དང་ད་ལྟའི་གནས་བབ་ལ་དབྱེ་ཞིབ། ད་ལོའི་ལས་དོན་ལ་བཀོད་སྒྲིག་བཅས་བྱས།
ཚོགས་འདུའི་ཐོག་2026ལོ་ནི“ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི”འཆར་འགོད་འགོ་ཚུགས་པའི་ལོ་ཡིན་པས། ཞིང་ཆེན་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་དང་རིག་གནས་འཐབ་ཕྱོགས་ཀྱིས་ལྟེ་བར་དམིགས་ཏེ་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་དགོས་པ་དང་། ཏང་གི་གསར་གཏོད་རིག་པའི་གཞུང་ལུགས་སློབ་སྦྱོང་དང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་ཏུ་གཏོང་བ། གཙོ་རྒྱུན་གླེང་ཕྱོགས་ཁྲིད་སྟོན་ནུས་པ་མཐོར་འདེགས་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་དང་ལག་ལེན་དུ་བསྟར་བ། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་གཏོང་བ། ཀྲུང་ཧྭ་ཤེས་རིག་ཁྱབ་སྤེལ་གྱི་ནུས་པ་དང་ཤུགས་རྐྱེན་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཞི་ཅིན་ཕིང་གི་རིག་གནས་བསམ་བློ་ལག་ལེན་གྱི་མཐོ་ས་གསར་པ་མགྱོགས་པོར་བསྐྲུན་ནས། དུས་རབས་གསར་པའི་སི་ཁྲོན་བཅོས་སྐྱོང་དང་སི་ཁྲོན་དར་སྤེལ་གཏོང་རྒྱུ་དེ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་རོགས་རམ་བྱེད་དགོས་ཞེས་ནན་གྱིས་བསྟན།
ཚོགས་འདུའི་ཐོག་2026ལོའི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སེམས་ཤུགས་གཅིག་ཏུ་སྒྲིལ་ནས། ཏང་ཨུ་དང་ཏང་ཙུའུ་ཡིས་ལྟེ་བའི་ཚོགས་ཆུང་ཟུར་ཞུགས་དང་ཟུར་ཉན་བྱེད་ཤུགས་ཟབ་ཏུ་གཏོང་བ། གཞོན་ནུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ཚོགས་ཆུང་གི་སློབ་སྦྱོང་ལམ་ལུགས་ཅན་དང་ཚད་ལྡན་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། རིག་གནས་བསམ་བློའི་ཞིབ་འཇུག་ལྟེ་གནས་ཀྱི་མཐུན་སྦྱོར་ཞིབ་འཇུག་རྟེན་གཞི་ཡག་པོ་འཛུགས་པ། དྲ་སྦྲེལ་གཙོ་གནད་དུ་བྱས་པའི་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་མཉམ་འདྲེས་གསར་གཏོད་ཡག་པོ་བྱེད་དགོས། བརྗོད་གཞི་གལ་ཆེན་དྲིལ་བསྒྲགས་ཡག་པོ་བྱས་ཏེ་དཔལ་འབྱོར་དྲིལ་བསྒྲགས་མངོན་གསལ་དོད་པའི་གནས་སུ་བཞག་ནས་གཙོ་རྒྱུག་སྨྱན་སྦྱོར་མ་ལག་རང་བཞིན་གྱི་འཕོ་འགྱུར་གཏིང་ཟབ་ཏུ་བཏང་སྟེ། གླེང་ཕྱོགས་ལ་ཁ་གཏད་གཅོག་པ་དང་གླེང་ཕྱོགས་ཁྲིད་སྟོན་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། ཕུགས་བསམ་དང་དད་སེམས་སློབ་གསོ་དམ་འཛིན་ཡག་པོ་བྱས་ནས་བསམ་བློ་དང་ཆབ་སྲིད་ལས་དོན་ལ་གནད་ལ་འཁེལ་བའི་སྒོ་ནས་སྐུལ་འདེད་གཏོང་བ། ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བ་བཅས་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། ཐེན་ཧྥུའུ་རིག་རྩལ་བརྩམས་ཆོས་གྲགས་ཅན་གྱི་མཐོ་རིམ་འཆར་གཞི་ལག་བསྟར་བྱས་ནས།རྒྱུག་ཆེ་བའི་རིག་རྩལ་དར་རྒྱས་སུ་གཏོང་བ་དང་། དམངས་ཡོངས་ཀྱི་ལྟ་ཀློག་དང་དཔེ་ཀློག་ཐེན་ཧྥུའུ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྟབས་བདེ་དང་སྤུས་ཚད་ལྡན་པའི་རིག་གནས་འཚོ་བའི་མུ་ཁྱུད་འཛུགས་པ། རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་“མཛེས་སྡུག་ལྡན་པའི་ཐེན་ཧྥུའུ·བདེ་སྐྱིད་སི་ཁྲོན་”ཞེས་པའི་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ལས་དོན་མ་ལག་འཐུས་ཚང་དུ་གཏོང་བ། རིག་གནས་དང་ཚན་རྩལ་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་ཚོད་ལྟ་ཁུལ་མགྱོགས་མྱུར་འཛུགས་སྐྲུན་བྱེད་པ་དང་། རིག་གནས་ཚོང་ལས་ཡུལ་སྐོར་ལུས་རྩལ་མཉམ་འདྲེས་འཕེལ་རྒྱས་ལ་གཞི་གཅིག་གིས་སྐུལ་འདེད་བཏང་སྟེ། འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་སྟོབས་ཆེར་གཏོང་དགོས། སན་ཞིན་ཏུའེ་དང་། དཔྱིད་གསར་དུས་ཆེན། སུའུ་གསུམ། ཙི་ཀུང་གི་ཚོན་ལྡན་གློག་སྒྲོན་སོགས་རིག་གནས་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་ཡག་པོ་བྱས་ཏེ།གསེར་གྱི་དོམ་ཁྲའི་བྱ་དགའ་རྒྱུན་རྣམ་ཅན་གྱི་ལས་ཀའི་ལམ་སྲོལ་ཇེ་ལེགས་སུ་བཏང་ནས། རྒྱལ་སྤྱིའི་ཁྱབ་སྤེལ་ནུས་པ་མཐོང་རུ་བཏང་སྟེ་ཀྲུང་གོའི་གཏམ་རྒྱུད་ཡག་པོ་བཤད་པ་དང་སི་ཁྲོན་གྱི་སྐད་སྒྲ་ཁྱབ་སྤེལ་གཏོང་དགོས། ལས་ཀའི་འགན་འཁྲི་དམ་འཛིན་དང་། དྲ་རྒྱའི་སྐྱེ་ཁམས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། “མིས་བཟོས་རིག་ནུས་+རིག་གནས་”ཀྱི་བྱ་སྤྱོད་ལག་བསྟར་བཅས་བྱས་ཏེ། འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས། “ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་”འགོ་ཡག་པོ་ཚུགས་ཐུབ་པར་འགན་ལེན་བྱེད་དགོས་པ་བཅས་རེད།
