ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྤྱི་བསྒྲགས།
ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྤྱི་བསྒྲགས།
(2026ལོའི་ཟླ་1ཚེས་14ཉིན་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གྲོས་འཆམ་བྱུང་བ།)
ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་2026ལོའི་ཟླ་1ཚེས་12ཉིན་ནས་ཚེས་14ཉིན་བར་པེ་ཅིང་དུ་འཚོགས་པ་རེད། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་120ཞུགས་པ་དང་། མི་265ཟུར་ཞུགས་བྱས་ཡོད།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ་རེད། ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོགས་འདུར་ཞུགས་པ་རེད།
ཚང་འཛོམས་གྲོས་ཚོགས་ནི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཙོ་སྐྱོང་བྱས་པ་རེད། ཚང་འཛོམས་གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ཁག་གི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དང་དོན་འཁྱོལ་བྱེད་པ། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་བཞི་པའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བཅས་བྱས་ཐོག 2025ལོའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་ལ་ཕྱོགས་སྡོམ་བྱས་པ་དང་། 2026ལོའི་ལས་འགན་བཀོད་སྒྲིག་བྱས་ཡོད་ཅིང་། བློ་མཐུན་ལི་ཞི་ཡིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་གནང་བའི་《ཚད་གཞི་སྔར་བས་མཐོ་བ་དང་བྱེད་ཐབས་སྔར་བས་ཏན་ཏིག་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་བཏང་སྟེ། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དམིགས་འབེན་ལས་འགན་མངོན་འགྱུར་ཡོང་བ་བྱེད་པར་འགན་སྲུང་བརྟན་པོ་བྱ་དགོས་》ཞེས་པའི་ལས་དོན་སྙན་ཞུར་གྲོས་ཞིབ་བྱས་པ་བརྒྱུད་གྲོས་འཆམ་བྱུང་བ་རེད།
ཚང་འཛོམས་གྲོས་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་པ་དང་། གསུང་བཤད་ནང་འདས་ཟིན་པའི་ལོ་གཅིག་ནང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་ཐོབ་པའི་གྲུབ་འབྲས་མངོན་གསལ་དོད་པོ་ཁས་ལེན་གང་ལེགས་གནང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་བྱེད་པའི་འགག་རྩའི་དུས་སྐབས་ལ་དམིགས་ནས། ཚད་གཞི་སྔར་ལས་མཐོ་བ་དང་བྱེད་ཐབས་སྔར་ལས་ཏན་ཏིག་གི་ཐོག་ནས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་བཏང་ཐོག ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དམིགས་འབེན་དང་ལས་འགན་མངོན་འགྱུར་ཡོང་བ་བྱེད་པར་འགན་སྲུང་བརྟན་པོ་བྱ་རྒྱུའི་ཐད་འཐབ་ཇུས་བཀོད་སྒྲིག་གནང་བ་མ་ཟད། སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་ལ་རེ་བ་ནན་པོ་བཅོལ་གནང་ཡོད་པ། གསུང་བཤད་དེ་ནི་གཟིགས་རྒྱང་རིང་བ་དང་། གཟིགས་རྒྱ་ཡངས་པ། དགོངས་པ་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ། ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན། མཛུབ་སྟོན་གྱི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པ་ཞིག་ཡིན་པས། དེས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་མདུན་སྐྱོད་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་བརྩི་སྲུང་ཞུ་ས་མཁོ་འདོན་གནང་ཡོད་པའི་ངོས་འཛིན་བྱས་འདུག ཚང་མས་མགྲིན་གཅིག་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ཁྲིད་སྟོན་དུ་བྱས་ཐོག འགན་འཁྲིའི་འདུ་ཤེས་དང་འབད་འཐབ་སྙིང་སྟོབས་ཆེ་རུ་གཏོང་བ་དང་། ལྷག་བསམ་རྣམ་དག་གིས་འགན་འཁྲི་སྒྲུབ་པ། འགན་འཁྲི་གཙང་སྒྲུབ་བྱེད་པ། ཏང་གི་འོས་འགན་དང་འགན་འཁྲི་མངོན་འགྱུར་ཡོང་བ་བྱ་རྒྱུར་དམ་པོར་དམིགས་ནས། རྒྱུན་བསྲིང་ལྷོད་མེད་ངང་ཆབ་སྲིད་ཀྱི་ལྟ་སྐུལ་ཤུགས་ཆེར་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་སྤྱོད་གཙང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ། ཐོག་མཐའ་བར་གསུམ་དུ་ལྷག་བསམ་རྣམ་དག་ངང་འགན་འཁྲི་འཁུར་བ་དང་། འཐབ་རྩོད་བྱེད་ཕོད་ཅིང་བྱེད་མཁས་པ་བཅས་བྱས་ཏེ། དུས་བཀག་ལྟར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ་བྱེད་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བརྗོད་འདུག
ཚང་འཛོམས་གྲོས་ཚོགས་ཐོག 2025ལོར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གི་རང་ངོས་གསར་བརྗེར་རྒྱུན་འཁྱོངས་ལྷོད་མེད་ངང་སྐུལ་འདེད་བཏང་བ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་འགག་གཏོར་དཀའ་སེལ་དང་དཀའ་སྤྱད་འབད་འཐབ་བྱས་ཏེ། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་དམིགས་འབེན་ལས་འགན་བདེ་བླག་ངང་ལེགས་སྒྲུབ་བྱས་ནས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཕྱོགས་སུ་གོམ་སྟབས་བརྟན་པོ་གསར་པ་ཞིག་སྤོས་ཡོད། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཨུད་དང་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་དྲིན་ཚོར་འབད་འབུངས་བྱས་ཏེ། སྔར་ལས་ལྷག་པའི་ངང་“གཏན་འཁེལ་གཉིས་”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུས་པ་དང་། “སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་ཐུབ་པ་བྱས་པ། སྔར་ལས་ལྷག་པའི་ངང་ཏང་གི་མཐུན་སྒྲིལ་གཅིག་གྱུར་ལ་སྲུང་སྐྱོང་བྱ་ཆེད་འཐབ་འཛིང་བྱས་པ། ཏང་གི་སྔོན་ཐོན་རང་བཞིན་དང་ལྷད་མེད་རང་བཞིན་ལ་སྲུང་སྐྱོང་བྱ་ཆེད་འཐབ་འཛིང་བྱས་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཕན་འབྲས་གསར་པར་བརྟེན་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་འགྲོ་རྒྱུར་འགན་སྲུང་ནུས་ལྡན་བྱས་ཡོད། ཀྲུང་དབྱང་སྒྲིག་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཡི་པོད་ལྔ་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དྲིལ་བསྒྲགས་དང་གསལ་འགྲེལ་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཚན་པ་ཡོངས་སུ་དགོངས་པ་སློབ་སྦྱོང་དང་། བདེན་དོན་རྟོགས་པར་བྱེད་པ། དོན་འཁྱོལ་ལ་དམ་འཛིན་བཅས་བྱ་རྒྱུར་སྣེ་ཁྲིད་བྱས་ཏེ། སྒྲིག་བཤེར་ལྟ་ཞིབ་ལས་དོན་དེ་ཉིད་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་མདུན་སྐྱོད་བྱེད་པར་འགན་ལེན་བྱས་ཡོད། “སྲུང་སྐྱོང་གཉིས”ཀྱི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ལ་དམ་པོར་དམིགས་ནས། ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཆབ་སྲིད་ཀྱི་སྐོར་ཞིབ་གཏིང་ཟབ་ཏུ་བཏང་བ། སྤུས་ཚད་མཐོ་པོས་ཞིང་ལྗོངས་དང་གྲོང་ཁྱེར་དུ་སྐོར་ཞིབ་ཡོངས་སུ་ཁྱབ་པར་བྱས་ཏེ། ཏང་ཀྲུང་དབྱང་གི་བྱེད་ཕྱོགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པར་འགན་སྲུང་ནུས་ལྡན་བྱས་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་ངང་སྤེལ་བ་དང་། སྤྱོད་ཚུལ་ངན་པ་བཞིའི་གནད་དོན་ཐག་གཅོད་ནན་པོ་བྱས་པ། སྒྲིག་འགལ་ངང་བཟའ་འཐུང་བྱེད་པ་སོགས་ཀྱི་དཔེ་མཚོན་གྱོད་གཞི་ཞིབ་བཤེར་ཐག་གཅོད་ནན་པོ་དང་ཡོངས་བསྒྲགས་ཐོག་བརྡ་ཁྱབ་བཏང་བ་བཅས་བྱས་ནས། ཏང་ཡོངས་སུ་སྤྱོད་ཚུལ་འགྱུར་བ་གཏོང་བ་དང་དར་སྲོལ་གསར་པ་འཛུགས་རྒྱུར་སྐུལ་འདེད་སྔར་ལས་ལྷག་པ་བཏང་ཡོད། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་བ་དང་། དངུལ་རྩ་དང་། གཞུང་ཁོངས་ཁེ་ལས། ནུས་ཁུངས། མེ་ཟོན། རྡོ་ཐ། གསོ་རིག་སྨན་རྫས། མཐོ་སློབ། ལུས་རྩལ། གསར་སྤེལ་ཁུལ། སྤྱི་ཕན་དགེ་སྒྲུབ། བདེ་འཇགས་ཐོན་སྐྱེད། ལས་གྲྭ་འཛུགས་སྐྲུན། སུས་འཇོན་དེ་འགུག་དང་སུ་འཇོན་དེ་ལེན་སོགས་ཁྱབ་ཁོངས་གཙོ་བོའི་རུལ་སུངས་བཅོས་སྒྲིག་གཏིང་ཟབ་བྱས་པ། རུལ་སུངས་བྱེད་སྟངས་གསར་པ་དང་མངོན་མེད་ཀྱི་རུལ་སུངས་གནད་དོན་ལ་བརྟག་དཔྱད་བྱེད་པའི་དཔང་རྟགས་ལེན་པའི་སྐོར་གྱི་མཛུབ་ཁྲིད་བཏོན་པ། ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ལ་མཉམ་དུ་ཞིབ་བཤེར་དང་མཉམ་དུ་བཅོས་སྐྱོང་བྱ་རྒྱུ་གཏིང་ཟབ་ཏུ་བཏང་བ། དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་གི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་གཏན་འབེབས་ལག་བསྟར་བྱས་པ། རུལ་སུངས་འབྱུང་བའི་རྒྱུ་དང་རྐྱེན་མེད་པར་བཟོ་ཤུགས་ཆེ་རུ་བཏང་ཡོད། མང་ཚོགས་ཉེ་འཁོར་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་བཅོས་སྒྲིག་གཏིང་ཟབ་བྱས་པ་དང་། “ཆུང་ས་ཆུང་རུལ་”རིགས་ལ་ཆད་པ་ནན་པོ་གཅོད་པ། མང་ཚོགས་ཀྱི་ཁ་ཚ་དགོས་གཏུགས་དང་། དཀའ་ངལ་ཆེ་བ། སེམས་ཁྲལ་ཆེ་བ། རེ་སྒུག་ཆེ་བ་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་བ་བརྒྱུད། མང་ཚོགས་ཀྱི་ཐོབ་ཚོར་ཆེ་རུ་བཏང་ཡོད། སྒྲིག་བཤེར་ལྟ་ཞིབ་ཀྱི་སྒྲིག་སྲོལ་བསྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། ཀྲུང་དབྱང་གིས་དོ་དམ་བྱེད་པའི་ཁེ་ལས་ལ་ཁྱོན་ཡོངས་ནས་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་མངགས་གཏོང་བྱ་རྒྱུ་ལེགས་སྒྲུབ་བྱས་པ། ཏང་ཕྱོགས་ཡོངས་ནས་ནན་པོས་སྐྱོང་བའི་ཁྲིམས་སྲོལ་ལམ་ལུགས་དང་ལྟ་ཞིབ་བཅའ་ཁྲིམས་ཀྱི་ལེ་ལག་ཚང་བའི་ལམ་ལུགས་འཐུས་ཚང་དུ་ཡོང་བར་སྐུལ་འདེད་བཏང་བ། ལམ་ལུགས་ཀྱི་བཟང་ཆ་དེ་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་རྒྱུར་སྐུལ་འདེད་སྔར་ལས་ཡག་པ་བཏང་ཡོད། སྒྲིག་བཤེར་ལྟ་ཞིབ་ལས་དོན་ལུགས་མཐུན་ཅན་དང་། ཁྲིམས་སྐྱོང་ཅན། ཚད་ལྡན་ཅན་བཅས་སུ་འཛུགས་སྐྱོང་བྱེད་པའི་ལོའི་བྱ་སྤྱོད་ཏན་ཏིག་སྤེལ་བ་དང་། རང་ངོས་འཛུགས་སྐྱོང་གི་ཐབས་མང་མཉམ་བཟུང་བྱས་ཏེ། སྒྲིག་བཤེར་ལྟ་ཞིབ་ཀྱི་དཔུང་ཁག་ཧྲག་པོ་ཞིག་འཛུགས་སྐྱོང་བྱ་རྒྱུ་དེ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་བྱས་ཡོད། གྲུབ་འབྲས་ཁས་ལེན་བྱེད་པ་དང་ཆབས་ཅིག སྒྲིག་བཤེར་ལྟ་ཞིབ་ལས་དོན་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཐད་གནས་པའི་གནད་དོན་ལ་དངོས་ཐོག་བདེན་འཚོལ་ཐོག་ནས་དབྱེ་ཞིབ་བྱས་ཡོད་པ་དང་། ཚད་མཐོའི་མཐོང་ཆེན་དང་ཐག་གཅོད་ཏན་ཏིག་བྱ་རྒྱུའི་བླང་བྱ་བཏོན་ཡོད་ཅེས་བསྟན་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཐོག་མངོན་འགྱུར་ཡོང་བར་བྱེད་པའི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཤུགས་རྒྱག་པའི་འགག་རྩའི་དུས་སྐབས་ཡིན་པས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་དུས་བབ་དང་ལས་འགན་གསར་པ་འཕྲད་ཡོད། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་བསམ་བློ་དང་བྱ་སྤྱོད་གཉིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དུས་བབ་ལ་བརྡར་ཤ་ཡང་དག་བཅད་པ་དང་ལས་འགན་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱས་པའི་ཐོག་ཏུ་གཅིག་གྱུར་ཐུབ་པ་བྱས་ཐོག ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དམིགས་འབེན་ལས་འགན་མངོན་འགྱུར་ཡོང་བ་བྱེད་པར་ཏང་གི་མཐུན་སྒྲིལ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པའི་ཐད་བཏོན་པའི་སྔར་བས་མཐོ་བའི་བླང་བྱ་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ། ཏང་ཡོངས་ཀྱིས་“གཏན་འཁེལ་གཉིས་”ལ་བརྩི་བཀུར་ཞུ་བ་དང་“སྲུང་སྐྱོང་གཉིས་”ཐུབ་པ་བྱེད་པར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ་དང་། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དམིགས་འབེན་ལས་འགན་མངོན་འགྱུར་ཡོང་བ་བྱེད་པར་དབང་ཆ་ལམ་ལུགས་ཀྱི་རླུང་ཙིའི་ནང་འཇུག་པའི་ཐད་བཏོན་པའི་སྔར་ལས་མཐོ་བའི་བླང་བྱ་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ལམ་ལུགས་ལ་བརྟེན་ནས་དབང་ཆ་བཅོས་སྒྲིག་དང་སྒྲིག་སྲོལ་ལྟར་དབང་ཆ་སྤྱོད་རྒྱུར་ཤུགས་སྣོན་རྒྱག་པ། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དམིགས་འབེན་ལས་འགན་མངོན་འགྱུར་ཡོང་བ་བྱེད་པར་ཏང་གི་སྔོན་ཐོན་རང་བཞིན་དང་ལྷད་མེད་རང་བཞིན་རྒྱུན་འཁྱོངས་བྱེད་པའི་ཐད་བཏོན་པའི་སྔར་ལས་མཐོ་བའི་བླང་བྱ་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ། བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ལམ་བུའི་ཐོག་བསྐྱོད་པ། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དམིགས་འབེན་ལས་འགན་མངོན་འགྱུར་ཡོང་བ་བྱེད་པའི་འགན་འཁུར་ལས་སྒྲུབ་ཐད་བཏོན་པའི་སྔར་ལས་མཐོ་བའི་བླང་བྱ་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཏང་ཡོན་ལས་བྱེད་པས་སྒྲིག་སྲོལ་དང་སྒྲིག་ཁྲིམས་ལ་བརྩི་སྲུང་ཞུ་བའི་ཁྲོད་ལས་སྒྲུབ་ལས་གཏོད་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག 2026ལོ་ནི་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པ་འགོ་འཛུགས་པའི་ལོ་ཡིན་ལ། རང་རེའི་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་ལོ་ཡང་ཡིན། ད་ལོའི་ལས་དོན་ཡག་པོ་བསྒྲུབ་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ཁག་གི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་ནན་ཏན་ངང་དོན་འཁྱོལ་བཅས་བྱས་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་དང་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “གཏན་འཁེལ་གཉིས་”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་། “སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་ཐུབ་པར་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བ་དང་། སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ། རུལ་སུངས་འབྱུང་བའི་རྒྱུ་དང་རྐྱེན་སྔར་བས་ནུས་ལྡན་ངང་རྩ་མེད་བཟོ་བ། “སྒྲིག་བཤེར་ལྟ་ཞིབ་ལས་དོན་ལུགས་མཐུན་ཅན་དང་ཁྲིམས་སྐྱོང་ཅན། ཚད་ལྡན་ཅན་བཅས་སུ་འཛུགས་སྐྱོང་བྱེད་པའི་ལོ་”ཡི་བྱ་སྤྱོད་རྒྱུན་མཐུད་སྤེལ་བ་བཅས་ཀྱི་ཐོག་ནས། དུས་རབས་གསར་པའི་རྒྱང་ལམ་གསར་པའི་ཐོག་སྒྲིག་ཁྲིམས་ལྟ་ཞིབ་ལས་དོན་སྤུས་མཐོའི་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དམིགས་འབེན་ལས་འགན་མངོན་འགྱུར་ཡོང་བ་བྱེད་པར་འགན་སྲུང་བརྟན་པོ་བྱ་དགོས་པ་སྟེ།
གཅིག་ནས། ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས། ཏང་ཡོངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་ངང་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དམིགས་འབེན་ལས་འགན་མངོན་འགྱུར་ཡོང་བ་བྱེད་པར་སྐུལ་འདེད་གཏོང་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བ་དང་། ཏང་ཡོན་ལས་བྱེད་པས་འགན་འཁྲིའི་འདུ་ཤེས་ཆེ་རུ་བཏང་ནས། ཡིད་ཆེས་བརྟན་པོ་དང་། དངོས་སྒྲུབ། འགན་འཁུར། རང་གཅུན་བཅས་བྱེད་པར་ཁྲིད་སྟོན་བྱེད་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྲིད་དོན་བྱས་འབྲས་ཀྱི་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་ལེན་བསྟར་བ། རང་རྟོགས་ངང་ཆོས་ཉིད་ལྟར་བྱ་བ་སྒྲུབ་པ། མི་དམངས་ཀྱི་ཆེད་དུ་སྲིད་དོན་བྱས་འབྲས་འཇོག་པ་དང་། དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་བྱས་འབྲས་འཇོག་ཐུབ་པ་བྱེད་པར་སྐུལ་འདེད་གཏོང་དགོས། ཆབ་སྲིད་སྒྲིག་ཁྲིམས་དང་སྐབས་བརྗེའི་སྒྲིག་ཁྲིམས་ནན་དུ་བཏང་ནས། བློ་གཅིག་སེམས་གཅིག་མིན་པ་དང་། ཁ་ཞེ་མི་མཐུན་པའི་“ངོ་གཉིས་མ་”གཙང་སེལ་མཐའ་གཅིག་ཏུ་བྱེད་པ་དང་། “ཡོད་པ་བདུན་”གྱི་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། བསམ་བློའི་ཐད་ཀྱི་རང་མོས་རིང་ལུགས་དང་། ཆབ་སྲིད་ཐད་ཀྱི་སྐབས་འཚོལ་རིང་ལུགས། རྩ་འཛུགས་ཐད་ཀྱི་ཕྱོགས་ཁག་རིང་ལུགས། ལས་ཀའི་ཐད་ཀྱི་རང་གཅེས་རིང་ལུགས། འགན་སྒྲུབ་ཐད་ཀྱི་མི་བཟང་རིང་ལུགས་བཅས་བཅོས་སྒྲིག་ནན་པོ་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་ཏན་ཏིག་བྱེད་དགོས། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་དང་། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ། གོང་འཕེལ་གྱི་གནས་སྟངས་གསར་པ་མགྱོགས་མྱུར་འཛུགས་སྐྱོང་བྱེད་པ་སོགས་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་པ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་དང་། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུགས་པ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་སྐྱེད་གཏོང་བ། མི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་ཏན་ཏིག་གཏོང་བ། དབུལ་ལོག་དང་དབུལ་པོར་འགྱུར་རྒྱུ་རྒྱུན་རྣམ་ཅན་གྱི་བཀག་འགོག་བྱེད་པ། ས་གནས་སྲིད་གཞུང་གི་མངོན་མེད་བུ་ལོན་སེལ་བ། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ་སོགས་ཀྱི་ལས་འགན་བླང་བྱར་དམིགས་ནས། དུས་ཐོག་ཏུ་རྗེས་འདེད་ལྟ་སྐུལ་བྱས་ཏེ། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པ་བདེ་བླག་ངང་འགོ་འཛུགས་རྒྱུར་འགན་ལེན་བྱེད་དགོས་པ་དང་།
གཉིས་ནས། སྤྱོད་བཟང་སྒྲིག་ནན་ཤུགས་ཆེར་བཏང་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། སྐྱིད་འདོད་རིང་ལུགས་དང་། རྒྱས་སྤྲོས་ཀྱི་སྲོལ་ངན་མུ་མཐུད་དུ་བཀག་འགོག་ནན་པོ་བྱས་ཏེ། སྒྲིག་འགལ་ངང་ཟ་འཐུང་བྱེད་པ་དང་། ལག་རྟགས་དང་འབུལ་དངུལ་སྒྲིག་འགལ་ངང་སྐྱེལ་ལེན་བྱེད་པ་སོགས་འབྱུང་སླ་བ་དང་ཐོན་མང་བའི་གནད་དོན་བཅོས་སྐྱོང་གཏིང་ཟབ་བྱེད་དགོས། བརྟག་ཞིབ་རྟོག་ཞིབ་དང་། ཏང་འཛུགས་སྐྱོང་གི་བྱེད་སྒོ་སྤེལ་བ། གསོ་སྦྱོང་བྱེད་པ་བཅས་ཀྱི་མིང་ཐོག་ནས་གཞུང་དངུལ་སྤྱད་དེ་ཡུལ་སྐོར་དུ་བསྐྱོད་པ་དང་། ངོ་བོ་འགྱུར་ནས་གཞུང་དངུལ་སྤྱད་དེ་ཕྱི་རྒྱལ་(རྒྱལ་མཚམས་)ལ་ཡུལ་སྐོར་དུ་བསྐྱོད་པ་སོགས་ཀྱི་གནད་དོན་ཐག་གཅོད་ནན་པོ་བྱེད་དགོས། དམངས་འཚོའི་རྣམ་གྲངས་ལ་ཁ་གཡར་ནས་ཁྲིམས་འགལ་ངང་མགྲོན་ཁང་དང་ཐོག་ཁང་། ཚོགས་ཁང་། འགྲུལ་ཁང་། སྣེ་ལེན་ཁང་བཅས་བསྐྲུན་པ་སོགས་ཀྱི་འཕེལ་ཕྱོགས་གསར་པར་དོ་ཁུར་དམ་ཟབ་བྱེད་པ་དང་འབྲེལ་བཅོས་སྒྲིག་བྱེད་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་རྒྱུན་མཐུད་བཅོས་སྒྲིག་བྱས་ཏེ། སྐབས་བརྗེ་ལ་ཉེ་བའི་དུས་ལས་ཀ་ཡག་པོ་མི་བྱེད་པ་དང་། སྐབས་བརྗེས་པའི་རྗེས་མིག་མདུན་གྱི་ཁེ་ཕན་ལ་བརྔམ་ནས་སྲིད་ཇུས་“མྱུར་བརྗེ་འཕྲལ་བརྗེ་”བྱེད་པ་དང་། “སྲིད་དོན་བྱས་རྗེས་”ཀྱི་རྣམ་གྲངས་ལག་བསྟར་བྱེད་པ་སོགས་མངོན་གསལ་དོད་པའི་གནད་དོན་མཐའ་གཅིག་ཏུ་ཡོ་བསྲང་བྱས་ཏེ། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བར་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་རྒྱུན་འཁྱོངས་ལྷོད་མེད་ངང་དོན་འཁྱོལ་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱུན་གཏན་རང་བཞིན་གྱི་སློབ་སྦྱོང་སློབ་གསོ་རྨང་གཞིར་བྱེད་པ་དང་། འགན་འཁྲི་དམ་ནན་དུ་གཏོང་རྒྱུ་འགག་རྩར་བྱེད་པ། ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ལ་མཉམ་བཤེར་མཉམ་བཅོས་བྱ་རྒྱུ་དེ་གཞི་འཛིན་སར་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་པ།
གསུམ་ནས། རྩ་ལག་མཉམ་བཅོས་ལ་ཤུགས་སྣོན་བརྒྱབ་ནས། རུལ་མི་ཕོད་པ་དང་རུལ་མི་ཐུབ་པ། རུལ་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་དམ་འཛིན་བྱེད་གཞི་བེད་སྤྱོད་ཡག་པོ་གཏོང་དགོས། ཟིལ་གནོན་ཆེན་པོ་རྒྱུན་འཁྱོངས་བྱས་ནས་རུལ་མི་ཕོད་པ་བྱེད་པར་ཤུགས་སྣོན་རྒྱག་པ་དང་། མཐུ་སྨན་གྱིས་ནད་བཅོས་དང་། ཁྲིམས་ནན་གྱིས་ཟིང་བཅོས་རྒྱུན་འཁྱོངས་བྱེད་པ། མུ་མཐུད་ནས་རྩ་བ་ནས་གཙང་སེལ་བྱེད་པ། དངུལ་རྩ་དང་གཞུང་ཁོངས་ཁེ་ལས། ནུས་ཁུངས། སློབ་གསོ། སློབ་ཚོགས་མཐུན་ཚོགས། གསར་སྤེལ་ཁུལ། སུས་འཇོན་དེ་འགུག་དང་སུ་འཇོན་དེ་ལེན་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་རུང་སུངས་བཅོས་སྒྲིག་གཏིང་ཟབ་བྱེད་པ། སྲིད་ཚོང་ངན་འབྲེལ་དང་། དབང་ཆས་མ་རྩར་སྲུང་སྐྱོང་བྱེད་པ། མ་རྩ་ཆབ་སྲིད་ཁྱབ་ཁོངས་སུ་སིམ་འཛུལ་བྱེད་པ་སོགས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ། སྔོན་དཔག་ཁེ་སྤོགས་དང་། ཚབ་ཉར་ཁ་ཆད་བྱེད་པ། སྲིད་ཚོང་དབར་ཁེ་ཕན་བརྗེ་རེས་བྱེད་པ་སོགས་རུལ་སུངས་རྣམ་པ་གསར་པ་དང་གབ་གནས་རུལ་སུངས་རྩད་གཅོད་ཞིབ་བཤེར་ཞིབ་ཕྲ་བྱེད་པ། འགག་རྩའི་ཉུང་ཤས་དང་། ལོ་ན་གཞོན་པའི་ལས་བྱེད་པའི་རུལ་སུངས་གཙོ་གནད་ཐོག་ཞིབ་བཤེར་ཐག་གཅོད་བྱེད་པ། ལྐོག་རྔན་ལེན་མཁན་དང་སྤྲོད་མཁན་གཉིས་ཀར་ཞིབ་བཤེར་གཏིང་ཟབ་བྱེད་པ། རྒྱལ་ཁོངས་སྒྲོལ་བའི་རུལ་སུངས་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁོངས་སྒྲོལ་བའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་བཟོ་རྒྱུར་གཞོགས་འདེགས་བྱེད་པ་བཅས་བྱེད་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། རིགས་ཁག་གི་རུལ་སུངས་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཡང་དག་པའི་གསལ་འབྱེད། བཅོས་སྒྲིག་ནུས་ལྡན་བཅས་བྱེད་དགོས། ལྟ་སྐུལ་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་ནས་རུལ་མི་ཐུབ་པ་བྱེད་པར་ཤུགས་སྣོན་རྒྱག་པ་དང་། དབང་ཆ་སྤྲོད་པ་དང་དབང་ཆ་བེད་སྤྱོད། དབང་ཆ་ཚོད་འཛིན་བཅས་ཕན་ཚུན་གཅིག་གྱུར་དང་། ཁ་གསལ་གཏིང་གསལ་གྱི་རྗེས་འདེད་ཆོག་པའི་ལམ་ལུགས་སྒྲིག་གཞི་འཐུས་ཚང་དུ་གཏོང་བ། ཏང་ཀྲུང་དབྱང་གིས་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག་བཟོ་བཅོས་གཏན་འཁེལ་བྱ་རྒྱུར་རམ་འདེགས་བྱེད་པ། འགོ་ཁྲིད་གཙོ་བོ་དང་འགོ་ཁྲིད་མཉམ་སྡེབ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཚན་རིག་དང་མཐུན་པའི་ངང་དབང་ཆ་སྤྲོད་པ་དང་། ཡང་དག་པའི་ངང་དབང་ཆ་བེད་སྤྱོད་བྱེད་པ། དབང་ཆ་ཚོད་འཛིན་ནུས་ལྡན་བྱེད་པ་བཅས་ལ་སྐུལ་འདེད་གཏོང་དགོས། སྤྱོད་གཙང་སློབ་གསོ་གཏིང་ཟབ་སྤེལ་ནས་རུལ་མི་འདོད་པ་བྱེད་པར་ཤུགས་སྣོན་རྒྱག་པ་དང་། དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་གི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་དོན་འཁྱོལ་གཏིང་ཟབ་བྱེད་པ། སྤྱོད་གཙང་དྲིལ་བསྒྲགས་སློབ་གསོའི་དམིགས་སའི་རང་བཞིན་དང་ནུས་ལྡན་རང་བཞིན་མཐོ་རུ་གཏོང་བ་བཅས་བྱས་ཏེ། སྤྱོད་གཙང་གཞུང་དྲང་གི་བསམ་བློ་ཀུན་སྤྱོད་དང་། སྤྱོད་གཙང་གཞུང་བཀུར་གྱི་ཆབ་སྲིད་ཀུན་སྤྱོད། སྤྱོད་གཙང་རང་གཅུན་གྱི་ཀུན་སྤྱོད་ལྟ་བ། སྤྱོད་གཙང་དར་སྤེལ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་སྤྱི་ཚོགས་དར་སྲོལ་ཟམ་མི་ཆད་པར་གཏོད་དགོས། འཐུས་སྒོ་ཚང་བའི་སྒྲིག་གཞི་ལམ་སྲོལ་ལ་བརྟེན་ནས་གཞི་གཅིག་ཅན་གྱི་སྐུལ་འདེད་གཏོང་བ་དང་། ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་བྱེད་པའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འགན་འཁྲི་དོན་འཁྱོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གྱོད་དཔེར་བརྟེན་ནས་བསྒྱུར་བཅོས་དང་བཅོས་སྒྲིག་གཏིང་ཟབ་བྱེད་པ། ཚན་རྩལ་གྱིས་ནུས་པ་སྤྲོད་རྒྱུར་མཐོང་ཆེན་བྱེད་པ། གྲངས་འཛིན་གྱི་སྒྲིག་བཤེར་ལྟ་ཞིབ་མ་ལག་འཛུགས་རྒྱུར་སྐུལ་འདེད་མགྱོགས་པོ་གཏོང་བ་བཅས་ཀྱིས། གཏན་འབེབས་དང་སྒྲིག་ལམ། བཅའ་ཁྲིམས་བཅས་ལ་ནན་པོར་གཞིགས་ནས་བེད་སྤྱོད་གཏོང་དགོས་པ།
བཞི་ནས། དམངས་དོན་ཆེད་དུ་སྒྲིག་བསྟར་ཁྲིམས་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་དགོས། གྲོང་གསེབ་མཉམ་སྡེབ་ཀྱི་“མ་དངུལ་དང་། རྒྱུ་ནོར། ཐོན་ཁུངས་བཅས་གསུམ་”གྱི་དོ་དམ་དང་། སྨན་བཅོས་འགན་བཅོལ་ཐེབས་རྩའི་དོ་དམ། རྒན་གསོ་ཞབས་ཞུ་སོགས་རྒྱལ་ཡོངས་རང་བཞིན་གྱི་བཅོས་སྒྲིག་རྣམ་གྲངས་གཏིང་ཟབ་ཏུ་གཏོང་བ་དང་། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྱོང་གནད་དོན་བཅོས་སྒྲིག་ལས་དོན་བཀོད་སྒྲིག་དང་སྤེལ་བ། ས་གནས་ཁག་གིས་ཡུལ་བབ་དང་བསྟུན་ནས་བཅོས་སྒྲིག་གི་གཙོ་གནད་རྣམ་གྲངས་དང་དམངས་འཚོའི་དོན་དག་དངོས་ལ་དམ་འཛིན་བྱ་རྒྱུར་མཛུབ་ཁྲིད་བྱེད་པ། སྒྲིག་འགལ་ངང་ས་གནས་གཞན་དུ་ཁྲིམས་འཛིན་དང་ཁེ་ཕན་དོན་གཉེར་རང་བཞིན་གྱི་ཁྲིམས་འཛིན་བྱེད་པར་བཅོས་སྒྲིག་གཏིང་ཟབ་བྱེད་དགོས། བཅོས་སྒྲིག་ལས་དོན་རྒྱུན་རྣམ་ཅན་དུ་སྤེལ་བའི་བསམ་འཆར་ཞིབ་འཇུག་དང་གཏན་འབེབས་བྱས་ནས། ཕུགས་ཕན་ལམ་སྲོལ་ཆགས་པར་བྱེད་དགོས། རྫོང་རིམ་པའི་འཐབ་ས་གཙོ་བོར་རྒྱུན་མཐུད་ངང་བཅོས་སྒྲིག་ལས་དོན་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་བཏང་ནས། མང་ཚོགས་ཀྱི་ལྟ་སྐུལ་ནུས་པ་འདོན་སྤེལ་དང་གཞི་རིམ་ལྟ་སྐུལ་ནུས་པ་ཆེ་རུ་གཏོང་དགོས་པ།
ལྔ་ནས། ཆབ་སྲིད་ཀྱི་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས། སྐོར་ཞིབ་ལྟ་སྐུལ་གྱི་ཟིལ་གནོན་དང་། རྟོལ་ཤུགས། སྐུལ་འདེད་བཅས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། སྐོར་ཞིབ་ལས་དོན་གྱི་མཛད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་བསྟར་ཏེ། སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་བདུན་པ་དང་བརྒྱད་པའི་སྐོར་ཞིབ་སྒྲིག་འཛུགས་བྱེད་དགོས། སྐོར་ཞིབ་སྐོར་གཟིགས་གོང་འོག་མཉམ་འགུལ་གཏིང་ཟབ་ཏུ་གཏོང་བ་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ལ་སྐོར་ཞིབ་དང་། ཀྲུང་དབྱང་ལས་ཁུངས་ནང་ཁུལ་ལ་སྐོར་ཞིབ། གྲོང་ཚོར་སྐོར་གཟིགས་བྱེད་པ་བཅས་ཀྱི་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱིས་ཀྲུང་དབྱང་གི་སྐོར་ཞིབ་བཅོས་སྒྲིག་ལས་དོན་ལ་དམ་འཛིན་བྱ་རྒྱུར་གཅིག་གྱུར་འཆར་འགོད་ཀྱིས་ལྟ་སྐུལ་བྱས་ནས། བཅོས་སྒྲིག་དཔྱད་དཔོག་དང་འགན་འཁྲི་བདའ་འདེད་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་ཐོག གནད་དོན་ཐག་གཅོད་ནུས་ལྡན་ངང་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ།
དྲུག་ནས། དཔུང་ཁག་ཧྲག་པོའི་འདུ་ཤེས་ཆེ་རུ་བཏང་ནས། སྒྲིམ་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་དོན་ལུགས་མཐུན་ཅན་དང་ཁྲིམས་སྐྱོང་ཅན། ཚད་ལྡན་ཅན་བཅས་སུ་འགྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་དོན་ལུགས་མཐུན་ཅན་དང་། ཁྲིམས་སྐྱོང་ཅན། ཚད་ལྡན་ཅན་བཅས་སུ་འགྱུར་བའི་འཛུགས་སྐྱོང་ལོའི་བྱ་སྤྱོད་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ། སླར་ཡང་གཅིག་སྡུད་ཐོག་ལོ་གཉིས་དམ་འཛིན་བྱས་ནས་ཕན་འབྲས་སྔར་ལས་ཆེ་བ་ཡོང་བར་འབད་བརྩོན་བྱེད་དགོས། ལྷག་བསམ་རྣམ་དག་བརྟན་འཛུགས་དང་། ཆབ་སྲིད་སློབ་གསོ་དང་ཏང་གཤིས་སློབ་གསོ་འབུར་དུ་ཐོན་པ་བྱས་ཏེ། ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་བྱེད་དགོས། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། རིམ་པ་དང་རིགས་དབྱེ་ནས་མི་སྣ་ཡོངས་ལ་གསོ་སྦྱོང་བྱེད་པ། དངོས་འཐབ་དམག་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་སྒྲུབ་ལ་བརྟེན་ནས་སྦྱོང་བརྡར་སྣེ་ཁྲིད་བྱེད་པ་བཅས་ཀྱིས་འཇོན་ནུས་ཐད་ཉམས་སད་ཐེག་ཐུབ་པ་བྱེད་དགོས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ལྟ་སྐུལ་སྒྲིག་བསྟར་ཁྲིམས་བསྟར་ཚད་ལྡན་ཅན་དུ་འགྱུར་བར་ཤུགས་སྣོན་རྒྱག་པ། ཏང་ཀྲུང་དབྱང་གིས་《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱི་ལྟ་སྐུལ་སྒྲིག་བསྟར་ལས་དོན་སྒྲིག་སྲོལ་》ལ་བཟོ་བཅོས་རྒྱག་པར་གཞོགས་འདེགས་བྱས་ནས། ཁྲིམས་སྐྱོང་འདུ་ཤེས་དང་། ལས་རིམ་འདུ་ཤེས། དཔང་རྟགས་འདུ་ཤེས་བཅས་ཤུགས་ཆེར་བཏང་སྟེ་སྤྱོད་ཚུལ་ཐད་ཉམས་སད་ཐེག་ཐུབ་པ་བྱེད་དགོས། བཀུར་ཞིང་སྐྲག་པའི་བསམ་པ་ནམ་ཡང་ཡོད་དགོས་པ་དང་། ནང་ཁུལ་གྱི་དབང་ཆའི་གཅུན་སྡོམ་སྒྲིག་གཞི་དང་དོ་དམ་ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཆེད་དོན་ལས་དོན་སྙན་སེང་ཞུ་རྒྱུ་དང་། རང་འགུལ་ངང་ལྟ་སྐུལ་དང་ལེན་བྱས་ཏེ། “སྒྲོན་འོག་མུན་ནག་”འགོག་བཅོས་མཐའ་གཅིག་ཏུ་བྱས་ནས། སྤྱོད་གཙང་ཐད་ཉམས་སད་ཐེག་ཐུབ་པ་དགོས་པ་བཅས་ཡིན་ཞེས་བཏོན་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཐོག ཞུམ་མེད་འབད་འཐབ་དང་འབད་འབུངས་ཡར་བརྩོན་བྱས་ཏེ། དུས་རབས་གསར་པའི་རྒྱང་ལམ་གསར་པའི་ཐོག་སྒྲིག་བཤེར་དང་ལྟ་ཞིབ་ལས་དོན་སྤུས་མཐོའི་གོང་འཕེལ་ཡོང་བར་མུ་མཐུད་སྐུལ་འདེད་བཏང་ནས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་འབོད་སྐུལ་བྱས་ཡོད།
