རྔ་བ་ཁུལ་ཨུའི་རྒྱུན་ཨུས་གྲོས་ཚོགས་འཚོགས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། དེ་མིན་ཀྲུང་དབྱང་དང་ཞིང་ཨུའི་འབྲེལ་ཡོད་བཀོད་སྒྲིག་བླང་བྱ་བརྒ

ཡོང་ཁུངས། རྔ་བ་ཉིན་རེའི་ཚགས་པར།
སྒྲོན་ལོས་བསྒྱུར།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༡ ཚེས་ ༡༤

ངེད་གསར་འགྱུར་གྱི་གསར་བཀོད། ཉེ་ཆར། རྔ་བ་ཁུལ་ཨུའི་རྒྱུན་ཨུས་གྲོས་ཚོགས་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། དེ་མིན་ཀྲུང་དབྱང་དང་ཞིང་ཨུའི་འབྲེལ་ཡོད་བཀོད་སྒྲིག་བླང་བྱ་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། རྔ་བ་ཁུལ་གྱི་ལག་ལེན་དོན་འཁྱོལ་གྱི་བསམ་འཆར་ཞིབ་འཇུག་བྱས། ཁུལ་ཨུའི་ཧྲུའུ་ཅི་ཞུས་ཀྲི་ཝུན་གྱིས་གྲོས་ཚོགས་ཀྱི་གཙོ་འགན་བཞེས་ཤིང་གསུང་བཤད་གནང་།

གྲོས་ཚོགས་སུ་ནན་གྱིས་བསྟན་དོན། ཁུལ་རིམ་པའི་འགོ་ཁྲིད་རྣམས་ཀྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་བཏང་ནས་མགོ་ཡག་པོ་ཁྲིད་དགོས་པ་དང་། ཁུལ་ཨུའི“མི་རུང་བ་དྲུག”གི་ལས་སྒྲུབ་བླང་བྱ་དོན་འཁྱོལ་བྱེད་དགོས། རྒྱ་ཆེའི་ལས་བྱེད་པར་ལས་དོན་དོན་འཁྱོལ་བྱེད་པ་དང་། དཀའ་ངལ་སེལ་བ། འཕེལ་རྒྱས་ལ་ཇུས་འགོད་བྱེད་པ་བཅས་ཀྱི་དུས་ཚོད་དང་སེམས་ཤུགས་སྔར་བས་མང་བོ་ཡོད་པ་བྱས་ཏེ། “ལྔ་འཆར་བཅོ་ལྔ་བའི”མགོ་ཡག་པོ་འཛུགས་ཐུབ་པར་བྱ་དགོས། འབུར་ཐོན་གྱི་གནད་དོན་ལ་དམིགས་ནས་འགན་འཁྲི་ནན་དུ་གཏོང་དགོས་པ་དང་། བྱེ་བྲག་གི་གནད་དོན་ཐག་གཅོད་བྱེད་པར་བརྟེན་ནས་སྤྱིའི་བཅོས་སྐྱོང་གི་ནུས་པ་མཐོ་རུ་གཏོང་བར་བསྐུལ་དགོས། མི་རེ་རེའི་ལས་འགན་དང་བྱ་གཞག་ལ་ལྟ་རྟོག་ནན་མོ་བྱས་ནས་ལས་དོན་སོ་སོར་གྲུབ་འབྲས་ཐོབ་པ་བྱ་དགོས། དྲིལ་བསྒྲགས་དང་སློབ་གསོའི་ལས་ཀར་མཛུབ་སྟོན་བྱེད་པར་ཤུགས་སྣོན་པ་དང་། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་གིས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་ཆེད་དོན་ལས་ཀའི་ཁྲོད། དྲང་ཕྱོགས་ཀྱི་དཔེ་མཚོན་དང་གསར་གཏོད་ཀྱི་བྱེད་ཐབས་སྔོག་འདོན་དང་ཕྱོམས་སྡོམ་བྱས་ནས་ཕན་ཚུན་སློབ་སྦྱོང་དང་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་དགོས་ལ། འགོ་ཁྲིད་ཀྱི་ངེས་ཤེས་གཏིང་ཟབ་ཏུ་བཏང་ནས་རང་འགུལ་ངང་དོན་འཁྱོལ་བྱེད་པར་ཁྲིད་སྟོན་བྱ་དགོས།

གྲོས་ཚོགས་ཀྱིས་ཁུལ་དམངས་འཐུས་རྒྱུན་ཨུ་ཁང་དང་ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས། ཁུལ་ཁྲིམས་གཅོད་ཁང་དང་ཁུལ་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་རྩ་འཛུགས་ཀྱི་བྱ་བའི་སྙན་ཞུ་ལ་གསན་པ་དང་། རྗེས་ཕྱོགས་ཀྱི་ལས་དོན་བཀོད་སྒྲིག་བྱས། གྲོས་ཚོགས་ལས་བསྟན་དོན། ལས་དོན་ཚང་མ“1610”མ་ལག་བཀོད་སྒྲིག་དང་གཙོ་གནད་ལས་འགན་ལ་དམིགས་ནས་སྐུལ་འདེད་གཏོང་དགོས་པ་དང་། “ལྔ་འཆར་བཅོ་ལྔ་བའི”འཛུགས་སྐྲུན་འཆར་འགོད་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་བྱེད་དགོས། ལྷག་པར་དུ་ལོ་མཇུག་དང་ལོ་མགོའི་ལས་དོན་གཙོ་བོ་ཏན་ཏིག་གིས་བསྒྲུབས་ནས། 2025ལོའི་ལས་དོན་ཁག་བདེ་བླག་ངང་མཇུག་བསྒྲིལ་བ་དང་། ལོ་གསར་བར་རྨང་གཞི་ཡག་པོ་གདིང་བར་འགན་ལེན་བྱེད་དགོས།སྤུས་ཚད་མཐོན་པོའི་འཕེལ་རྒྱས་དང་། ཆུ་ཚད་མཐོ་བའི་སྲུང་སྐྱོང་། ཕན་ནུས་ཆེ་བའི་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོང་དང་། རིག་གནས་ཡུལ་སྐོར་མཉམ་འདྲེས། གཞི་རིམ་བཅོས་སྐྱོང་སོགས་ལ་དམིགས་ཏེ་མི་དམངས་ལ་ཞབས་ཞུ་སྒྲུབ་པའི་བྱེད་ཐབས་རྒྱུན་མཐུད་ངང་དར་རྒྱས་སུ་གཏོང་དགོས། ཡུན་རིང་བདེ་འཁོད་ཡོང་བའི་ཁྲིམས་སྐྱོང་སྤྱི་ཚོགས་ཀྱི་སྒྲིག་སྲོལ་འཛུགས་སྐྲུན་བྱེད་པ་དང་། རྔ་བའི་མིག་དཔེ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཡོད་ཚད་གཅིག་ཏུ་སྒྲིལ་དགོས།

གྲོས་ཚོགས་ལས་ད་དུང་དོན་ཚན་གཞན་ལ་ཞིབ་འཇུག་བྱས་སོ། །༼སྒྲོན་ལོས་བསྒྱུར།༽