རྔ་བ་རྫོང་གཉན་པོ་གཡུ་རྩེ་ནས་ཡུལ་སྐོར་པ་ཚོས་འཁྱགས་རོམ་གྱི་རྩེད་འཇོ་ཉམས་སུ་ལེན་བཞིན་པ།

ཉེ་ཆར། རྔ་བ་རྫོང་གཉན་པོ་གཡུ་རྩེའི་ལྗོངས་ཁུལ་ཀྱི་ཁྱད་ལྡན་ས་གཤིས་ཡུལ་སྐོར་བྱེད་སྒོ་དང་འཁྱགས་རོམ་རིག་གནས་ཡུལ་སྐོར་དུས་ཚིགས་དེ་ལྗོངས་ཁུལ་དེའི་ཡུལ་སྐོར་པའི་ལྟེ་གནས་སུ་གཟབ་རྒྱས་ངང་སྤེལ་འགོ་བརྩམས།

ཐེངས་འདིའི་བྱེད་སྒོས་རིག་གནས་ཡུལ་སྐོར་དང་ཚན་རིག་ཁྱབ་སྤེལ་གྱི་གསར་གཏོད་རྣམ་པ་བརྒྱུད། འཛམ་གླིང་རིམ་པའི་ས་གཤིས་གནའ་ཤུལ་དང་འཁྱགས་རོམ་ཐོན་ཁུངས་མཉམ་འདྲེས་ཀྱིས་ཡུལ་སྐོར་བ་ཚོ་ལ་དགུན་དུས་ཀྱི་ཡུལ་སྐོར་སྤྲོ་བ་ཉམས་སུ་ལེན་དུ་བཅུག

རྔ་བ་རྫོང་རིག་གནས་ཡུལ་སྐོར་ཚོང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་གཞོན་པ་གུ་རུ་སྐྱབས་ཀྱིས་ངོ་སྤྲོད་བྱ་རྒྱུར། ང་ཚོས་གཉན་པོ་གཡུ་རྩེའི་རང་བྱུང་རིན་ཐང་དེ་སྲོལ་རྒྱུན་གྱི་གངས་འཁྱགས་ལ་ལྟ་སྐོར་བྱེད་པ་ཙམ་མིན་པར་ཡུལ་སྐོར་བའི་མིག་མཐོང་ལག་ཟིན་གྱིས་མྱོང་རོལ་བྱེད་ཐུབ་པའི་རེ་བ་ཡོད།

མཛད་སྒོའི་རྗེས་སུ། སྐུ་མགྲོན་དང་སློབ་མའི་ཚབ་བྱེད་མི་སྣ་ས་ཁམས་རིག་པའི་བཤམས་སྟོན་ཁང་དུ་བསྐྱོད་དེ། ཐག་ཉེ་ནས་གཉན་པོ་གཡུ་རྩེའི་ས་དབྱིབས་ས་རྒྱུ་དང་འབྲེལ་བའི་འགྲེམས་སྟོན་དངོས་པོར་བལྟས་ཏེ། ས་རྒྱུའི་འགྱུར་ལྡོག་གི་ངོ་མཚར་བའི་གསང་བ་འཚོལ་ཞིབ་བྱས་ཤིང་། ཕྱི་རོལ་དུ་མི་མང་པོ་གངས་ཤུད་དང་དར་ཤུད་བརྒྱབ་སྟེ། ཁོ་ཚོས་ཁ་བའི་གོས་དཀར་མནབས་པའི་མཛེས་ལྗོངས་ཁུལ་དུ་དགུན་དུས་ཀྱི་རྩེད་འཇོ་ལ་རོལ་བཞིན་ཡོད།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བྱེད་སྒོ་2026ལོའི་ཟླ་2པའི་བར་སྤེལ་རྒྱུ་ཡིན་པ་དང་།བྱེད་སྒོའི་རིང་དུ་ལྗོངས་ཁུལ་གྱི་འཛིན་བྱང་གཅིག་ཉོས་ན་གཅིག་བྱིན་པའི་གཟིགས་སྐྱོང་བྱ་འགུལ་ཡོད། གངས་ཤུད་དང་དར་ཤུད། དར་ཐོག་གི་འཕྲུལ་རྟ། འཁྱགས་དར་གྱི་མཁར་རྫོང་སོགས་བྱེད་སྒོའི་རྣམ་གྲངས་སྣ་མང་ཡོད་ལ། དེ་མིན་སྒར་རྒྱག་པའི་འཆར་འགོད་དང་ལྟ་སྐོར་གྱི་ལམ་ཐིག་ཆེས་ལེགས་ཤོས། ལྟ་ན་སྡུག་པའི་གླུ་གར་གྱི་འཁྲབ་སྟོན་སོགས་ཀྱང་ཡོད།

ཐེངས་འདིའི་བྱེད་སྒོ་ཡིས་རྔ་བ་རྫོང་གི་དགུན་ཁའི་ཡུལ་སྐོར་ཐོན་རྫས་ཀྱི་འདོན་སྤྲོད་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་ཡིན་པ་མ་ཟད། ཚན་རྩལ་ཁྱབ་རྡལ་དང་ལག་ལེན་ཞིབ་འཇུག་ཧུར་ཐག་བྱས་ཏེ། གཉན་པོ་གཡུ་རྩེའི་རང་བྱུང་ལྗོངས་ཁུལ་དང་ས་རྒྱུའི་རིག་གནས་མཉམ་འདྲེས་གཏིང་ཟབ་བྱས་ནས། ས་གནས་ཀྱི་དགུན་ཁའི་ཡུལ་སྐོར་ལ་ཚད་ཐིག་གསར་བ་བསྐྲུན་རྒྱུ་དང་། རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ལེགས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་པའོ། །༼འཕྲིན་སྤེལ་བ་ཚངས་དབང་ལྷ་མོ། སྒྲོལ་དཀར་སྐྱིད།༽
