འབྲིང་བ་ཡུལ་ཚོས་བཟའ་བཅའི་བདེ་འཇགས་ཐད་ནས་ཆེད་དོན་ཞིབ་བཤེར་བྱས།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
བཀྲ་ཤིས་ལྷ་མོ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༡ ཚེས་ ༩

མངའ་ཁུལ་གྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི“ལྕེ་རྩེའི་བདེ་འཇགས”སྲུང་སྐྱོབ་བྱ་ཆེད། སྤྱི་ཟླ་1པོའི་ཚེས་7ཉིན། མཛོད་དགེ་རྫོང་འབྲིང་བ་ཡུལ་ཚོས་བཟའ་བཅའི་བདེ་འཇགས་ཆེད་དོན་ཞིབ་བཤེར་ལས་སྒོ་སྤེལ་ནས། མང་ཚོགས་ཀྱི་འཛད་སྤྱོད་བྱེད་གནས་ཀྱི་མངོན་མེད་རྐྱེན་ལ་ཞིབ་བཤེར་བྱས་ཏེ། ཚད་གཞི་ནན་འཛིན་གྱིས་བཟའ་བཅའི་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན།

ཡུལ་ཚོའི་བཟའ་བཅའ་བདེ་འཇགས་གཞུང་དོན་ཁང་གིས་མངགས་གཏོང་ཁང་དང་མཉམ་འབྲེལ་སྒོས་མངའ་ཁུལ་གྱི་སྒོ་རྩིས་ཚོང་ཁང་དང་སྟབས་བདེའི་ཚོང་ཁང་། ཟ་ཁང་སོགས་གཙོ་གནད་བཟའ་བཅའ་གཉེར་སྐྱོང་ཚོང་ཁང་ལ“ཡོངས་སུ་ཁྱབ་པ་དང་ཆད་ལུས་མེད་པར”ཞིབ་བཤེར་བྱས། ཚོང་ཁང་གི་ཚོང་གཉེར་དཔང་ཡིག་དང་སྤུས་ཚད་ཁག་ཐེག་དུས་ཚད་སོགས་ལ་ཞིབ་དཔྱད་ཞིབ་ཕྲ་བྱས། དེ་མིན་དུས་ཡོལ་ཟས་རིགས་དང་“མེད་གསུམ”ཐོན་རྫས། ཟས་རིགས་རྫུན་མ་དང་ཞན་པ་སོགས་གཙོ་གནད་དུ་བཟུང་སྟེ་ཞིབ་བཤེར་བྱས། ཞིབ་བཤེར་ཁྲོད་ཤེས་རྟོགས་བྱུང་བའི་འགོག་རྐྱེན་ལ་ཡུལ་དངོས་ནས་བཅོས་སྒྲིག་བྱ་དགོས་པའི་བརྡ་བཏང་། གཉེར་སྐྱོང་བར་དུས་བཅད་ལྟར་བཅོས་སྒྲིག་དང་བཟའ་བཅའི་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་ཏེ། གཉེར་སྐྱོང་བྱ་སྤྱོད་ཚད་ལྡན་དུ་གཏོང་རྒྱུར་ཁྲིད་སྟོན་བྱས་ནས་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱ་དགོས་པའི་བླང་བྱ་བཏོན།༼འཕྲིན་སྤེལ་བ། བཀྲ་ཤིས་ལྷ་མོ།༽