གཡག་རྔ་ནས་དར་མདོའི་མྱུར་བགྲོད་གཞུང་ལམ་གྱི་ལྕགས་ཟམ་ནས་དར་མདོའི་བར་གྱི་ལམ་དུམ་ལ་འགྲིམ་འགྲུལ་བཀག་སྡོམ་དོ་དམ་བྱས།
ཚེས་བཞི་ཉིན་སི་ཁྲོན་མྱུར་བགྲོད་གཞུང་ལམ་སྤྱི་བདེའི་ཡན་ལག་ཅུས་བཞི་པ་ནས་རྒྱུས་ལོན་བྱུང་བ་ལྟར་ན། གཡག་རྔ་ནས་དར་མདོའི་མྱུར་བགྲོད་གཞུང་ལམ་གྱི་ལྕགས་ཟམ་ནས་དར་མདོའི་བར་གྱི་ལམ་དུམ་དེ་ཟླ་བ་དང་པོའི་ཚེས་ལྔ་ཉིན་ནས་ཟླ་བ་དང་པོའི་ཚེས་སོ་གཅིག་ཉིན་གྱི་ཉིན་རེའི་དགོང་མོའི་ཆུ་ཚོད་བཅུ་པ་ནས་ཕྱི་ཉིན་སྔ་དྲོའི་ཆུ་ཚོད་བདུན་པའི་བར་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་ཡིན་ལ། ཞིབ་ཚགས་ཀྱི་ནང་དོན་གཤམ་ལྟར་རེད།
རྒྱལ་ལམ་༤༢༡༨ཀྱི་གཡག་རྔ་ནས་ཡེ་ཁྲེང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་གཡག་རྔ་ནས་དར་མདོའི་ལམ་དུམ་གྱི་ལྕགས་ཟམ་ནས་དར་མདོའི་བར་གྱི་ལམ་དུམ་གྱི་ས་གཤིས་གནོད་འཚེའི་ཉེན་ཁ་ཐག་གཅོད་དགོས་པའི་རྐྱེན་གྱིས། གནོད་འཚེ་ཐག་གཅོད་ལམ་དུམ་གྱི་བགྲོད་ལམ་འགྲིམ་འགྲུལ་ཉེན་མེད་ཡོང་བར་ཁག་ཐེག་བྱ་ཆེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་སྐོར་གྱི་བཅའ་ཁྲིམས་སོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ད་ལྟར་བཀག་སྡོམ་དུས་ཚོད་དང་དེ་མིན་འབྲེལ་ཡོད་བླང་བྱ་གཤམ་གསལ་ལྟར་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཏེ།
གཅིག །བཀམ་སྡོམ་བྱེད་པའི་དུས་ཚོད་དང་ལམ་དུམ།
ཉིས་སྟོང་ཉེར་དྲུག་ལོའི་ཟླ་བ་དང་པོའི་ཚེས་ལྔ་ཉིན་ནས་ཟླ་བ་དང་པོའི་ཚེས་སོ་གཅིག་ཉིན་གྱི་བར་རེད། ཨར་ལས་དགོས་མཁོ་གཞིར་བཟུང་ཉིན་རེའི་དགོང་མོའི་ཆུ་ཚོད་བཅུ་པ་ནས་ཕྱི་ཉིན་སྔ་དྲོའི་ཆུ་ཚོད་བདུན་པའི་བར་གཡག་རྔ་ནས་དར་མདོའི་མྱུར་བགྲོད་གཞུང་ལམ་གྱི་K135-K95+400ཡི་ལྕགས་ཟམ་ནས་དར་མདོའི་བར་གྱི་ལམ་དུམ་ལ་ལམ་ཐིག་གཙོ་བོར་ཕྱོགས་གཅིག་གམ་ཡང་ན་ཕྱོགས་གཉིས་ལ་བཀག་སྡོམ་དོ་དམ་གྱི་བྱེད་ཐབས་ལག་བསྟར་བྱ་རྒྱུ་རེད།
གཉིས། དོ་དམ་བྱ་ཡུལ།
ཨར་ལས་རྒྱག་རིང་། ཨར་ལས་ལས་ཀ་ལས་པའི་རླངས་འཁོར་ཕུད་པའི་རླངས་འཁོར་ཡོད་ཚད་ལ་བཀག་སྡོམ་དོ་དམ་བྱ་རྒྱུ།
གསུམ། སྐོར་སྐྱོད་ལམ་ཐིག
ཨར་ལས་རྒྱག་རིང་གཡག་རྔ་ནས་དར་མདོའི་ཕྱོགས་སུ་སྐྱོད་པའི་རླངས་འཁོར་རྣམས་ལྕགས་ཟམ་གྱི་རིན་བསྡུ་ས་ཚིགས་ནས་ཕྱིར་བུད་རྗེས། རྒྱལ་ལམ་༣༡༨ལམ་ཐིག་བསྐོར་ནས་དར་མདོ་རུ་འགྲོ་དགོས་པ་དང་། ལྕགས་ཟམ་གྱི་རིན་བསྡུ་ས་ཚིགས་ཀྱི་སྒོ་བརྒྱབ་ནས་དར་མདོའི་ཕྱོགས་ཀྱི་ཟུར་ལམ་ཕྱོགས་སུ་འགྲོ་དགོས་ལ། ལྕགས་ཟམ་རྫོང་གི་ཞབས་ཞུའི་ཁུལ་གྱི་ས་ཚིགས་ཕལ་བའི་སྒོ་བརྒྱབ་ནས་དར་མདོའི་ཕྱོགས་ཀྱི་འཛུལ་སར་འགྲོ་དགོས། དར་མདོ་ནས་གཡག་རྔའི་ཕྱོགས་སུ་སྐྱོད་པའི་རླངས་འཁོར་རྣམས་རྒྱལ་ལམ་༣༡༨ལམ་ཐིག་བརྒྱུད་ནས་ལྕགས་ཟམ་གྱི་རིན་བསྡུ་ས་ཚིགས་འབྱོར་རྗེས་མྱུར་བགྲོད་གཞུང་ལམ་ཐོག་འགྲོ་རྗེས་གཡག་རྔའི་ཕྱོགས་སུ་འགྲོ་ཆོག གཡག་རྔ་ནས་དུང་དཀར་ལུང་པའི་ཕྱོགས་སུ་སྐྱོད་པའི་རླངས་འཁོར་རྣམས་ལྕགས་ཟམ་གྱི་རིན་བསྡུ་ས་ཚིགས་ནས་ཕྱིར་བུད་རྗེས། ཞིང་ལམ་༢༡༧ལམ་ཐིག་བསྐོར་ནས་དུང་དཀར་ལུང་པར་འགྲོ་ཆོག སན་ཀང་ཕིང་ཧུའུ་ཐུང་ནས་དར་མདོའི་ཕྱོགས་སུ་སྐྱོད་པའི་ཟུར་ལམ་གྱི་སྒོ་བརྒྱབ་ཡོད་པས། ལྕགས་ཟམ་ནས་ཧྲི་མེན་བར་གྱི་མྱུར་བགྲོད་གཞུང་ལམ་ནས་སན་ཀང་ཕིང་ཧུའུ་ཐུང་བརྒྱུད་ནས་དར་མདོའི་ཕྱོགས་སུ་སྐྱོད་པའི་རླངས་འཁོར་རྣམས་རྒྱལ་ལམ་༣༡༨ ལམ་ཐིག་བསྐོར་ནས་དར་མདོར་འགྲོ་ཆོག་པ་རེད།
བཞི། གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་ཐོག་ཕར་འགྲོ་ཚུར་འོང་བྱེད་པའི་འཕྲུལ་སྒུལ་འཁོར་ལོའི་ཁ་ལོ་བས་རང་རྟོགས་ཀྱིས་འབྲེལ་ཡོད་བཀག་སྡོམ་དོ་དམ་གྱི་ཆ་འཕྲིན་ལ་རྒྱུས་ལོན་བྱེད་དགོས་ཤིང་། སྔོན་ནས་འགྲོ་སྐྱོད་ཀྱི་དུས་ཚོད་བཀོད་སྒྲིག་ཡག་མོ་བྱེད་དགོས་པ་དང་། འབྲེལ་ཡོད་ལས་སྒྲུབ་མི་སྣའི་ཁྲིད་སྟོན་ལ་བརྩི་སྲུང་བྱེད་དགོས། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ། དེ་མིན་འགྲིམ་འགྲུལ་དོ་དམ་སྐོར་གྱི་གཏན་འབེབས་དང་འགལ་མཁན་ཡོད་ཚེ་ཁྲིམས་སྲོལ་ལྟར་ཆད་པ་གཅོད་རྒྱུ་རེད།
སི་ཁྲོན་ཞིང་ཆེན་སྤྱི་བདེ་ཐིང་འགྲིམ་འགྲུལ་དོ་དམ་སྤྱི་ཁྱབ་རུ་ཁག་མྱུར་བགྲོད་གཞུང་ལམ་གྱི་ཡན་ལག་རུ་ཁག་བཞི་པའི་རུ་ཆེན་དགུ་པ།
སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་སྤྱི་ཁྱབ་རུ་ཁག་གི་ཡན་ལག་རུ་ཁག་ལྔ་པའི་རུ་ཆེན་བརྒྱད་པ།
སི་ཁྲོན་གཡག་རྔ་ནས་དར་མདོའི་མྱུར་བགྲོད་གཞུང་ལམ་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་།
༢༠༢༥ལོའི་ཟླ་༡༢ཚེས་༣༡ཉིན་ནས།
