ཨ་སྐྱིད་གྲོང་རྡལ་གྱིས་2026ལོའི་བདེ་འཇགས་ཐོན་སྐྱེད་དང་ནགས་ཚལ་རྩྭ་ཐང་མེ་འགོག་ལས་དོན་ལ་སྐུལ་འདེད་བཏང་།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
བཀྲ་ཤིས་ལྷ་མོ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༡ ཚེས་ ༧

འགན་འཁྲིའི་སྦྲེལ་ཐག་ཇེ་དམ་དུ་བཏང་ནས་ལས་ཀའི་བྱེད་ཐབས་ལེགས་པོ་འདོན་ཆེད། སྤྱི་ཟླ་1པོའི་ཚེས་5ཉིན་མཛོད་དགེ་རྫོང་ཨ་སྐྱིད་གྲོང་རྡལ་གྱིས་2026ལོའི་བདེ་འཇགས་ཐོན་སྐྱེད་དང་ནགས་ཚལ་རྩྭ་ཐང་མེ་འགོག་གི་ཆེད་དོན་ཚོགས་འདུ་འཚོགས་ནས་ལས་དོན་ཁག་ལ་སྐུལ་འདེད་བཏང་། བྱེད་ཐབས་ལེགས་འདོན་གྱིས་མངའ་ཁུལ་གྱི་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན།

ཚོགས་འདུ་གྲོལ་རྗེས། གྲོང་རྡལ་ནགས་ཚལ་རྩྭ་ཐང་གི་མེ་འགོག་གཞུང་དོན་ཁང་གིས་མགྱོགས་མྱུར་ངང་ལས་བྱེད་པ་དང་སྡེ་སྡོད་ལས་དོན་རུ་ཁག་སྒྲིག་འཛུགས་བྱས་ནས། མེ་གསོད་ཡོ་བྱད་བཀོལ་སྤྱོད་ཀྱི་གསོ་སྦྱོང་སྤེལ། “མི་ཚང་མ་ཞུགས་པ་དང་མི་ཚང་མས་སྤྱོད་ཤེས་པ”ལ་དམིགས་ནས། མཁོ་བསྟུན་ཐག་གཅོད་ཀྱི་སྟོབས་ཤུགས་ཕྱོགས་ཡོངས་ནས་མཐོ་རུ་བཏང་། ཆེད་ལས་ལག་རྩལ་མི་སྣས་མེ་གསོད་ཆས“འདེགས་འཐེན་འཛིན་གནོན”རིམ་བཞི་བཀོལ་སྤྱོད་བྱེད་ཐབས་དང་། མེ་གསོད་ཆས་ཀྱི་ཆུ་ཐག་འབྲེལ་མཐུད་དང་འདིང་ཐབས། རླུང་ཤུགས་མེ་གསོད་ཆས་ཀྱི་སྒོ་ཕྱེ་སྟངས་དང་གནད་ལ་འཁེལ་བའི་མེ་གསོད་པ་སོགས་འགག་རྩའི་ནང་དོན་ལ་དམིགས་ཏེ་གསལ་སྟོན་ཡང་ཡང་བྱས་ཏེ། སྦྱོང་བརྡར་ནང་ཞུགས་མཁན་ཚང་མས་གསལ་པོ་མཐོང་ཐུབ་པ་དང་གོ་ཐུབ་པ། ཡིད་ལ་གསལ་པོར་འཛིན་ཐུབ་པ་བཅས་ལ་འགན་ལེན་བྱས།

མངའ་ཁུལ་གྱི་དགོན་པའི་ལྷ་ཁང་གི་གློག་སྐུད་རྙིང་འགྱུར་གྱི་སྙན་ཞུ་འབྱོར་རྗེས། རིམ་བཤེར་ཚོ་ཆུང་འཕྲལ་མར་ཡུལ་དངོས་ལ་འབྱོར། “འཕྲལ་མར་ནང་འཇུག་དང་ཚན་རིག་ཐག་གཅོད་གྱི”རྩ་དོན་ལྟར། དགོན་པའི་ལྷ་ཁང་ཁག་གི་གློག་སྐུད་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱས། ལས་དོན་མི་སྣས་གློག་སྐུད་འཐེན་སྟངས་དང་རྙིང་འགྱུར་གྱི་ཚད། མཐུད་སྣེ་བཀོད་སྒྲིག་སོགས་ལ་ཞིབ་བཤེར་སྒོས་ཐོ་འགོད་བྱས། ཆེད་ལས་གློག་ལས་དང་འབྲེལ་གཏུག་བྱས་ནས་དེར་བསྟུན་གྱི་བཅོས་སྒྲིག་ཇུས་གཞི་བཀོད། བཅོས་སྒྲིག་དུས་བཅད་དང་འགན་འཁུར་མི་སྣ་ཁ་གསལ་བཟོས་ནས་གནད་དོན་གང་མགྱོགས་ཀྱིས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་།

ཨ་སྐྱིད་གྲོང་རྡལ་གྱིས་བདེ་འཇགས་ཤེས་བྱ་དྲིལ་བསྒྲགས་ཁྲིད་སྟོན་ལ་སྐུལ་འདེད་བྱས་ཏེ། “གནས་གཅིག་ལ་ཞིབ་བཤེར་དང་ཡུལ་གཅིག་ལ་དྲིལ་བསྒྲགས། ཕྱོགས་གཅིག་ཁྲིད་སྟོན”བཅས་མངོན་འགྱུར་བྱུང་། མང་ཚོགས་ཀྱི་བདེ་སྲུང་འདུ་ཤེས་དང་རང་སྲུང་ནུས་པ་ཆེ་རུ་བཏང་། ལས་དོན་མི་སྣས་སྒྲོག་ཤོག་བཀྲམ་པ་དང་ཡུལ་དངོས་ནས་སྒྲོག་བཤད་ཀྱི་ཐབས་ལམ་བརྒྱུད། གོ་བདེ་བའི་སྐད་ཆའི་ལམ་ནས་ནགས་ཚལ་མེ་འགོག་གི་རྒྱུན་ཤེས་དང་མེ་སྐྱོན་ཉེན་བརྡའི་བརྒྱུད་རིམ། ཐོག་མའི་མེ་སྐྱོན་གསོད་ཐབས་སོགས་ཀྱི་ནང་དོན་ཁྱབ་གདལ་བཏང་། ཚང་མས་སྐོར་བ་རྒྱག་པ་དང་བསང་ཕུད་པའི་སྐབས་སུ་མེ་འགོག་བདེ་འཇགས་ལ་དོ་སྣང་དང་། ནགས་ཁུལ་དུ་མེ་སྦར་ཆས་མི་འཁྱེར་བ་དང་ཁྲིམས་འགལ་གྱིས་མེ་སྦར་བ་གཏན་འགོག་བྱས་ཏེ། ཐུན་མོང་སྤྱི་གཞུང་ནས་ཁྱིམ་གཞིས་ཀྱི་བདེ་འཇགས་སྲུང་དགོས་པའི་དྲན་སྐུལ་གནང་།༼འཕྲིན་སྤེལ་བ། བཀྲ་ཤིས་ལྷ་མོ།༽