མཛོད་དགེ་རྫོང་གི་རྨ་ཀླུང་བརྩེ་བ་སྒྲོག་འགྲེལ་ཚོགས་པའི་ངལ་རྩོལ་དཔེ་བཟང་སྒྲོག་འགྲེལ་ཡན་ལག་རུ་ཁག་གིས་ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོགས་གྲོས་ཚོགས་བཞི་པའི་སྙིང་དོན་སྒྲོག་འགྲེལ་བྱས།

ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་བཞི་པ་དང་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། གོང་རིམ་གྱི་དྲིལ་བསྒྲགས་ལས་དོན་སྐོར་གྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱ་ཆེད། ཉེ་ཆར་མཛོད་དགེ་རྫོང་གི“རྨ་ཀླུང་བརྩེ་བ”སྒྲོག་འགྲེལ་ཚོགས་པའི་ངལ་རྩོལ་དཔེ་བཟང་སྒྲོག་འགྲེལ་ཡན་ལག་རུ་ཁག་གིས“ངལ་རྩོལ་དཔེ་བཟང་གིས་ལས་རྣམ་གསར་པ་སྒྲོག་འགྲེལ”བྱེད་སྒོ་སྤེལ། ངལ་རྩོལ་དཔེ་བཟང་གདན་དྲངས་ནས་ཁོར་ཡུག་གཙང་སྦྲ་ལས་བཟོ་པ་དང་ཟོག་སྐྱེལ་བ། གླ་གཏོང་རླངས་འཁོར་གྱི་ཁ་ལོ་བ་སོགས་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་འཐུས་མི་80ལྷག་ལ་བསམ་བློ་དང་ལག་ལེན་གཉིས་འབྲེལ་གྱི་གསོལ་སྟོན་བཤམས།

བྱེད་སྒོ་སྤེལ་ཡུལ་དུ་ངལ་རྩོལ་དཔེ་བཟང་བ་མགོན་པོ་ནོར་བུས་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་དང་འབྲེལ་ནས་དུས་རབས་ཀྱི་འཕོ་འགྱུར་གླེང་། དངོས་སུ་བྱུང་བའི་དོན་དག་ལ་གཞིགས་ནས་སྲིད་ཇུས་གསལ་འགྲེལ་བྱས། ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་བཞི་པར་བཏོན་པའི“ཐོན་ནུས་སྤུས་གསར་འཕེལ་རྒྱས”དང“ངལ་རྩོལ་པའི་ཁེ་དབང་འགན་སྲུང་”སོགས་ཀྱི་བཀོད་སྒྲིག །དེ་མིན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པར་བཏོན་པའི“སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས་མཐུན་སྦྱོར་སྐུལ་འདེད།”“དམངས་འཚོ་ལེགས་སྒྱུར་དང་གཞི་རིམ་བཅོས་སྐྱོང་སྐུལ་འདེད”སོགས་ཀྱི་གཙོ་གནད་ལས་འགན་ལྟར། ངལ་རྩོལ་དཔེ་སྟོན་རྣམས་ཀྱིས་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ལས་རིགས་ཀྱི་ངོ་བོར་གཞིགས་ནས། “ལས་གནས་ཕལ་པ་ནས་སྤྱིར་བཏང་མིན་པའི་རིན་ཐང་མངོན་པའི”གནས་ལུགས་གསལ་པོར་བཤད། དུས་རབས་གསར་པའི་ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་ངལ་རྩོལ་སྙིང་སྟོབས། བཟོ་རྩལ་པའི་སྙིང་སྟོབས་བཅས་གསོན་ཉམས་ལྡན་པའི་སྒོ་ནས་འགྲེལ་བཤད་བྱས། ཁོ་ཚོས་གནམ་གཤིས་ངན་དུས་དངོས་ཟོག་སྐྱེལ་འདྲེན་ལ་འགན་ལེན་དང་། རོང་འབྲོག་ཁུལ་དུ་རྩ་བ་ཚུགས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བ། ནུས་རྩལ་ལ་ཞིབ་འཇུག་བྱས་ནས་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་བའི་ཉམས་མྱོང་གླེང་ནས། དེ་གར་ཡོད་པའི་ངལ་རྩོལ་པར་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་དང་རང་ཉིད་ཀྱི་ལས་ཀ་དང་འཚོ་བའི་དབར་གྱི་འབྲེལ་བ་དམ་ཟབ་ཡིན་པའི་ངེས་ཤེས་བསྐྱེད་དུ་བཅུག

བསམ་བློ་བརྗེ་རེས་གནང་དུས་ངལ་རྩོལ་བའི་འཐུས་མིས་ལས་རྣམ་གསར་པར་དམིགས་ནས་ངལ་རྩོལ་སྙིང་སྟོབས་དང་མཐོ་སྒང་གི་ལས་ཞུགས་རྣམ་པ་གསར་པའི་འཕེལ་རྒྱས་དང་གོ་སྐབས་སྐོར་ནས་དྲི་བ་བཏོན་པར། ངལ་རྩོལ་དཔེ་བཟང་གིས་ལས་རིགས་ཀྱི་ངོ་བོར་གཞིགས་ནས་འགྲེལ་ལན་བཏབ་པར་དགའ་བསུ་ཆེན་པོ་ཐོབ། ཟོག་སྐྱེལ་བ་བཀྲ་ཤིས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་ལྟར་ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་སྒུལ་ཤུགས་སུ་བསྒྱུར་ནས། ཟོག་སྐྱེལ་ལས་གནས་སུ་ཞབས་ཞུ་ལེགས་པོ་འདོན་རྒྱུ་ཡིན་ཞེས་བཤད། བྱེད་སྒོའི་མཇུག་ཏུ་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཚོགས་འདུར་ཞུགས་པའི་ངལ་རྩོལ་པར“ལེགས་སྐྱེས”སྤྲད་དེ་ཐུགས་ཁུར་གནང་།
སྒྲོག་འགྲེལ་བྱེད་སྒོར“ངལ་རྩོལ་དཔེ་བཟང་གིས་འགོ་ཁྲིད་ནས་བཤད་པ་དང་ཉེ་འཁོར་གྱི་མིས་ཉེ་འཁོར་གྱི་དོན་དག་བཤད་པའི”རྣམ་པ་བརྒྱུད་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་ལས་ཞུགས་གསར་པའི་ངལ་རྩོལ་བ་ཀུན་ལ་ཁྱབ་ཏུ་བཅུག་ནས་ཚང་མར་སེམས་ཤུགས་བསྐྱེད། རྗེས་ཕྱོགས་སུ། མཛོད་དགེ་རྫོང་གི“རྨ་ཀླུང་བརྩེ་བ”སྒྲོག་འགྲེལ་ཚོགས་པའི་ངལ་རྩོལ་དཔེ་བཟང་སྒྲོག་འགྲེལ་ཡན་ལག་རུ་ཁག་གིས་སྒྲོག་འགྲེལ་གྱི་ལས་སྟེགས་བཙུགས། ཉམས་ཉེན་རྣམ་པའི་དྲིལ་བསྒྲགས་བྱེད་ཐབས་གསར་པ་བཏོད་ནས། ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་གཞི་རིམ་ནས་ལག་ལེན་ཐུབ་པར་སྐུལ་འདེད་དང་། ལས་ཞུགས་གསར་པའི་ངལ་རྩོལ་བར་ལས་གནས་སུ་རྐང་ཚུགས་ནས་འགན་འཁྲི་ལེགས་འཁུར་གྱིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་རྔ་བའི་ལེའུ་གསར་པ་རྩོམ་པར་མཛོད་དགེའི་ནུས་ཤུགས་སྐྱེས་སུ་ཕུལ་ངེས་རེད།༼འཕྲིན་སྤེལ་བ། བཀྲ་ཤིས་ལྷ་མོ།༽
