ཐུན་མོང་དཔལ་འབྱོར་གྱི་ཁེ་སྤོགས་བགོས་ནས་དམངས་ལ་བདེ་སྐྱིད་བསྩལ།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
འཕྲིན་སྤེལ་བ། ཨ་པན།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༡༢ ཚེས་ ༢༦

སྤྱི་ཟླ་12པའི་ཚེས་23ཉིན། རྔ་བ་ཁུལ་མཛོད་དགེ་རྫོང་ཐེ་བོ་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་ཐུགས་ཁུར་དང་མཛུབ་ཁྲིད་འོག །ཐེ་བོ་གྲོང་རྡལ་རི་གསུམ་སྡེ་པས་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་བགོ་བའི་ཚོགས་འདུ་འཚོགས། སྡེ་པ་ཡོངས་ཀྱི་དུད་ཚང་54ཡི་སྡེ་མི་353ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱས་པས། ཡུལ་དངོས་སུ་དག་སྤྲོས་ཁེངས་ཡོད།

ཏང་འཛུགས་སྐྱོང་དམ་འཛིན་བྱས་ཏེ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བ་ནས་བཟུང་། རི་གསུམ་སྡེ་པའི་ཀྲི་པུའུ་ཧྲུའུ་ཅི་ཡིས་རང་ནུས་ཅི་ལྕོགས་ཀྱིས་ཏང་འཛུགས་སྣེ་ཁྲིད་དམ་འཛིན་དང་། དོན་དངོས་ལ་གཞི་ཚུགས་ནས། རྨི་གྲུ་བཞི་མ་260ཡོད་པའི་ཇ་ཁང་འཛུགས་སྐྲུན་བྱས་པ་བརྒྱུད། རིམ་པ་ལྟར་ཁང་པ་གླ་བའི་ཐབས་ལ་བརྟེན་ནས་ཐུན་མོང་དཔལ་འབྱོར་སྟོབས་ཆེར་བཏང་ཞིང་། མིག་སྔའི་བར་གྲོང་ཚོ་རིམ་པའི་ཐུན་མོང་དཔལ་འབྱོར་གྱི་སྤྱིའི་ཡོང་འབབ་སྒོར་120150ལག་སོན་བྱུང་བ་དང་། ཁྱིམ་ཚང་རེར་ཆ་སྙོམས་ཀྱི་ཁེ་སྤོགས་སྒོར་370དང་། འབྲས་དང་ཕྱེ་སོ་སོ་ཁུག་མ་6དང་སྣུམ་རྒྱ་མ་40རེ་བགོས་ཡོད།

ཐེངས་འདིར་ཁེ་སྤོགས་བགོས་པ་དེས་སྡེ་མི་ཡོངས་ལ་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་འོག །ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་ཕྱིན་པའི་གྲུབ་འབྲས་སུ་ལོངས་སུ་སྤྱོད་དུ་འཇུག་ཐུབ་ཡོད་པས། ཏང་དང་མང་ཚོགས་སེམས་ནུས་གཅིག་སྒྲིལ་གྱིས་ཐུན་མོང་འཕེལ་རྒྱས་ཀྱི་ལམ་ཁ་སྙེག་པར་མ་ཟད། མང་ཚོགས་གྲོང་གསེབ་འཛུགས་སྐྲུན་ཁྲོད་ཞུགས་པའི་རང་འགུལ་རང་བཞིན་དང་ཧུར་བརྩོན་རང་བཞིན་སྐུལ་སློང་བྱས།

རྗེས་ཕྱོགས་གྲོང་སྡེའི་ཀྲི་པུའུ་ཧྲུའུ་ཅི་ཡིས་ཏང་འཛུགས་སྐྱོང་གི་འཕེལ་ཕྱོགས་ལྟར། ཐོན་ལས་བཀོད་སྒྲིག་ལེགས་སྒྱུར། ཡོང་འབབ་འཚོལ་བའི་ཐབས་ལམ་རྒྱ་བསྐྱེད་གཏོང་བ། ཐུན་མོང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་རྒྱུ་རེད། །༼འཕྲིན་སྤེལ་བ། ཨ་པན།༽