མཛོད་དགེ་རྫོང་ཕན་བདེ་ལྟེ་གནས་ཀྱིས་ཁང་པ་བསྐྱར་བསྐྲུན་བྱས་ནས་ལོ་ལོན་རྣམས་ལ་དྲོད་འཁོལ་སྦྱིན།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
བཀྲ་ཤིས་ལྷ་མོ།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༡༢ ཚེས་ ༢༥

ཉེ་ཆར་མཛོད་དགེ་རྫོང་ཕན་བདེ་ལྟེ་གནས་ཀྱིས་ཁང་པ་རིམ་སྤོར་བསྒྱུར་བཀོད་བྱས་པ་ལེགས་གྲུབ་བྱུང་བས། སྡོད་གནས་ཁོར་ཡུག་གསར་རྐྱང་ཡིན་པས་ལོ་ལོན་རྣམས་སྤྲོ་བས་ཁེངས། ལོ་ལོན་རྣམས་ཀྱི་འཚོ་བའི་དགོས་མཁོ་དངོས་ལ་དམིགས་ནས་ཕན་བདེ་ལྟེ་གནས་ཀྱི་ཁང་པའི་གྱང་ངོས་དང་མཐིལ་ཤིང་གསར་པ་བརྗེ་བར་མ་ཟད། གོས་སྒམ་དང་ཅོག་ཚེ། ཉལ་ཁྲི་སོགས་འཚོ་བའི་སྒྲིག་ཆས་གསར་པ་བཀོད་སྒྲིག་བྱས་ནས་གཞིས་སྡོད་ཆ་རྐྱེན་ཇེ་ལེགས་སུ་བཏང་། ལོ་ལོན་ཚོའི་འཚོ་བ་དང་ལྟ་སྐྱོང་གི་དགོས་མཁོར་ཡང་འཚམ་པོ་འདུག

བསྒྱུར་བཀོད་བྱས་རྗེས་ཀྱི་ཁང་པར་འོད་རྒྱག་ཐུབ་པ་སྒྲིག་བཀོད་གྲ་དག་པ། ལོ་ལོན་མི་ཉུང་བ་ཞིག་གིས་ཁང་པ་གསར་པར་བལྟས་ནས་ཁྱིམ་གསར་པར་བསྡད་ཡོད་པ་དང་འདྲ་ཞེས་བཤད། རྐུབ་སྟེགས་དང་འཚམ་པའི་བགྲོད་ལམ་ནས་ཡར་ལངས་སྟབས་བདེ་བའི་ནད་གཡོག་ཉལ་ཁྲི་སོགས་ཀྱི་སྒྲིག་བཀོད་ཀྱིས་ལོ་ལོན་རྣམས་ཀྱི་འཚོ་བར་སྟབས་བདེ་བསྐྲུན། ཕན་བདེ་ལྟེ་གནས་ཀྱི་ལྟ་སྐྱོང་བརྩེ་བས་ཕྱུག

ཕན་བདེ་ལྟེ་གནས་བསྒྱུར་བཀོད་བྱེད་ཐེངས་དེ་ནི་མཛོད་དགེ་རྫོང་གིས་ལོ་ལོན་ཚོགས་སྤྱིར་གཅེས་སྐྱོང་དང་རྒན་གསོའི་ཞབས་ཞུ་མཐོར་འདེགས་ཀྱི་ལག་ལེན་ཞིག་ཡིན། རྗེས་ཕྱོགས་ཕན་བདེ་ལྟེ་གནས་ཀྱིས་ད་དུང་སྡོད་གནས་ཀྱི་སྒྲིག་བཀོད་ལེགས་སྒྱུར་བྱས་ཏེ། ལོ་ལོན་རྣམས་ལ་སྐྱིད་སྣང་དོད་པའི་གཞིས་སྡོད་ཁོར་ཡུག་ཁྲོད་ཐོབ་ཚོར་དང་བདེ་སྣང་ཆེ་རུ་གཏང་རྒྱུ་རེད།༼འཕྲིན་སྤེལ་བ། བཀྲ་ཤིས་ལྷ་མོ།༽