“ཉམས་ཞན”ནས“སྟོབས་ཆེར”འཕེལ་བའི་ཐུན་མོང་དཔལ་འབྱོར་གྱིས་གྲོང་གསེབ་དར་རྒྱས་ལ་སྒུལ་ཤུགས་བསྩལ།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
བཀྲ་ཤིས་ལྷ་མོ།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༡༢ ཚེས་ ༡༨

གཞི་ཁྱོན་ཆུང་ལ་ཁ་ཐོར་བ། ཉམས་ཞན་ཡིན་པ་ནི་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་འགྲོ་མི་ཐུབ་པའི་རྒྱུན་རྐྱེན་གཙོ་བོ་ཡིན། ཉེ་བའི་ལོ་ཤས་རིང་ལ་མཛོད་དགེ་རྫོང་གིས་མཐོ་སྒང་འབྲོག་ཁུལ་གྱི་སྐྱེ་ཁམས་དགེ་མཚན་དང་མི་རིགས་ས་ཁུལ་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞིགས་ནས། གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་སྟོབས་ཆེར་གཏོང་རྒྱུ་དེ་དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་པ་དང་། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩར་བརྩིས་ཏེ། སྐྱེ་ཁམས་གཙོར་འཛིན་པ་དང་ཐོན་ལས་རྨང་གཞི་བྱེད་པ། དམངས་ཕན་གཞི་རྩར་བཟུང་ནས། ཐུན་མོང་དཔལ་འབྱོར་དེ“ཉམས་ཉན”ནས “སྟོབས་ཆེའི”ཕྱོགས་སུ་འཕེལ་བར་སྐུལ་འདེད་བཏང་།

སྐྱེ་ཁམས་ཀྱི་དགེ་མཚན་ལེགས་པར་ངོམས་ནས་ལྗང་མདོག་འཕེལ་རྒྱས་ཀྱི“འགྲན་ལམ་གསར་པ”བཏོད་ཡོད། རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་ལྟེ་ཁུལ་གྱི་ལེགས་བབ་ལ་བརྟེན་ནས། སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས་མཉམ་སྤེལ་དང་། འབྲོག་ལས་དང་ཡུལ་སྐོར་མཉམ་སྤེལ། སྐྱེ་ཁམས་གསོ་སྤེལ། ལྗང་མདོག་ཞིང་ལས་ཐོན་རྫས་ལས་སྣོན་སོགས་ཁྱད་ལྡན་ལས་རིགས་གསོ་སྐྱོང་བྱས། རྩྭ་ཐང་དང་ན་གཞུང་སོགས་སྐྱེ་ཁམས་ཐོན་ཁུངས་གསར་སྤེལ་བྱས་ནས་བོད་ལུགས་གཞིས་ཁྱིམ་མགྲོན་ཁང་དང་སྒར་ས། མངོན་མིན་རིག་གནས་ཉམས་ལེན་སོགས་རིག་གནས་ཡུལ་སྐོར་གྱི་རྣམ་གྲངས་38གསར་བསྐྲུན་བྱས། ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་310.5འཕར་བར་སྐུལ་ཁྲིད་བྱས་ཏེ། “སྐྱེ་ཁམས་མཛེས་ལྗོངས”དེ“དཔལ་འབྱོར་རིན་ཐང་”དུ་བསྒྱུར་བར་སྐུལ་འདེད་བཏང་། བོད་ལུག་དང་ནོར་གནག་གསོ་སྤེལ་ཚད་ལྡན་དུ་བཏང་ནས། སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ལས་སྣོན་ཁེ་ལས་5གསོ་སྐྱོང་བྱས། “འབྲོག་ར་ནས་མདུན་འཇོག་སྟེང་ལ་སྒྲིག་པའི”ལྗང་མདོག་ཐོན་ལས་སྦྲེལ་ཐག་བསྐྲུན། སྐྱེ་ཁམས་གསོ་སྤེལ་སྐོར་གྱི་ཐུན་མོང་དཔལ་འབྱོར་གྱིས་ཡོང་འབབ་སྒོར་ཁྲི་298རག་པ་ཐུན་མོང་དཔལ་འབྱོར་སྤྱིའི་ཡོང་འབབ་ཀྱི་14.5%ཟིན་པས། སྐྱེ་ཁམས་སྲུང་སྐྱོང་དང་ཐུན་མོང་དཔལ་འབྱོར་གཉིས་ལ་ཕན་ཁེ་བསྐྲུན།

ལམ་སྲོལ་ལེགས་སྒྲིག་བྱས་ནས་རང་ངོས་ཀྱི་འཕེལ་ནུས་གསར་པ་སྐུལ། “རྫོང་གིས་གཅིག་གྱུར་འཆར་འགོད་དང་གྲོང་རྡལ་གྱིས་གཙོ་ཁྲིད། གྲོང་སྡེས་བྱེད་པོ”བཅས་ཀྱི་ལམ་སྲོལ་གསར་དུ་བཙུགས་ནས་ཁྱད་པར་ཅན་གྱི་རོགས་སྐྱོར་སྲིད་ཇུས་གཏན་འབེབས་བྱས། ནོར་སྲིད་མ་དངུལ་སྒོར་ཁྲི་6338.1858དང་སྤྱི་ཚོགས་ཀྱི་མ་དངུལ་སྒོར་ཁྲི་2102.25བསྡུ་སྒྲིལ་བྱས་ནས་ཐུན་མོང་དཔལ་འབྱོར་རྣམ་གྲངས་ལ་མ་རྩ་བཏང་། “ཏང་རྩ་འཛུགས+མཉམ་ལས་ཁང་+ཁྱིམ་ཚང་”གི་ཁེ་ཕན་འབྲེལ་མཐུད་བྱེད་སྟངས་གསར་པ་བཏོད་ནས། རྫོང་ཡོངས་ཀྱི་གྲོང་སྡེ་88ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཚོགས་མི་ཀུན་ལ་ཁྱབ་པ་དང་། ཁྱིམ་ཚང་780ལ་ས་ཞིང་དང་ངལ་ནུས་སོགས་ཐོན་ཁུངས་མ་རྩར་འཇོག་པར་སྐུལ་མ་བཏང་། 2025ལོར་ཐུན་མོང་དཔལ་འབྱོར་གྱི་སྤྱིའི་ཡོང་འབབ་སྒོར་ཁྲི་3318ཟིན་པ་དང་གྲོང་སྡེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་37.7ཟིན་ཡོད། 2024ལོར་ཐུན་མོང་དཔལ་འབྱོར་གྱི་ཁེ་སྤོགས་སྒོར་ཁྲི་1304.4ཡིན་པ་དང་། ཁྱིམ་ཚང་རེའི་ཆ་སྙོམས་ཀྱི་ཁེ་སྤོགས་སྒོར་950ཡིན། ནོར་དོན་ཡོངས་བསྒྲགས་དང་རྣམ་གྲངས་ལྟ་སྐུལ་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་ནས། ལོ་ཧྲིལ་པོར་ཐུན་མོང་དཔལ་འབྱོར་ཆེད་དོན་རྩིས་བཤེར་ཐེངས་གཅིག་སྤེལ་ཏེ། མ་དངུལ་བེད་སྤྱོད་ཚད་ལྡན་དང་ཡོང་འབབ་བགོ་བཤའ་དྲང་གཞག་ཡོང་བར་འགན་ལེན་བྱས་ནས་མང་ཚོགས་ལས་སྒོར་ཞུགས་པར་སྐུལ་འདེད་བཏང་།

སྤུས་ཚད་མཐོར་འདེགས་ཀྱིས་རྒྱུན་མཐུད་འཕེལ་ལམ་གསར་པ་བཏོད། གྲོང་སྡེའི་གནས་ཚུལ་དང་བསྟུན་ནས་སྲིད་ཇུས་ལག་བསྟར་བྱས་ཏེ། “གྲོང་སྡེ་གཅིག་ལ་སྲིད་ཇུས་གཅིག་དང་སྣ་མང་འབབ་འཕར”གྱི་རྣམ་པ་ཆགས། ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པའི་གྲོང་སྡེའི་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་བཏང་ནས་ཐུན་མོང་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་1350བླངས། ས་ཐག་རིང་བའི་གྲོང་སྡེ་ཡི་བེད་མེད་ཐོན་ཁུངས་བསྡུས་ནས་ཡུལ་སྐོར་འཕེལ་རྒྱས་བཏང་བས་ཡོང་འབབ་སྒོར་ཁྲི་1458འཕར། ཁྱད་ལྡན་ཐོན་ལས་གྲོང་སྡེར་ཞིང་འབྲོག་ཐོན་རྫས་ཀྱི་སྤུས་རྟགས་འཛུགས་པ་དང་དྲ་ལམ་ཕྱིར་ཚོང་བྱས་པ་བརྒྱུད་ཁེ་སྤོགས་སྒོར་ཁྲི་510རག །རང་ཡུལ་གྱི་གཉེར་སྐྱོང་འཇོན་མི་12གསོ་སྐྱོང་བྱས་ནས། ཚན་རིག་ཞིབ་འཇུག་ཁང་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་། ཐོན་སྐྱེད་དང་ཕྱིར་ཚོང་ལས་སྟེགས་1བཙུགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད། 2025ལོར་རྫོང་ཡོངས་ཀྱི་ཐུན་མོང་དཔལ་འབྱོར་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་དུས་མཚུངས་ལས་19.13%འཕར་བ་དང་། ཉེན་ཁ་འགོག་པའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྒུལ་ཤུགས་བསྩལ།༼འཕྲིན་སྤེལ་བ། བཀྲ་ཤིས་ལྷ་མོ།༽