མཛོད་དགེ་རྫོང་གི་སྡེ་ཁག་མང་པོ་མཉམ་འབྲེལ་སྒོས་ངལ་ནུས་ལས་བཟོ་བར་འཚམས་འདྲིའི་བྱེད་སྒོ་སྤེལ།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
བཀྲ་ཤིས་ལྷ་མོ།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༡༢ ཚེས་ ༡༦

ལས་བཟོ་བའི་གླ་ཕོགས་བདེ་བླག་ངང་ལེན་ཐུབ་པར་གཞོགས་འདེགས་བྱས་ཏེ། ཁུལ་ཡོངས་ཀྱི་གླ་ཕོགས་ཆད་པའི་གནད་དོན་དག་ཐེར་གྱི་བཀོད་སྒྲིག་དང་བདེ་འཇགས་ཐོན་སྐྱེད་ཀྱི་བླང་བྱ་དོན་འཁྱོལ་བྱ་ཆེད། ཉེ་ཆར་མཛོད་དགེ་རྫོང་མི་དམངས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་སྣེ་ཁྲིད་དེ་འཕྲལ་སྡོམ་དོ་དམ་ཅུས་དང་སྤྱི་ཁྱབ་བཟོ་ཚོགས། ལྕགས་ལམ་འཛུགས་སྐྲུན་གཞུང་དོན་ཁང་སོགས་སྡེ་ཁག་དང་མཉམ་འབྲེལ་སྒོས་ཆེད་དོན་ཚོ་ཆུང་བཙུགས། མངའ་ཁུལ་གྱི་མྱུར་བགྲོད་གཞུང་ལམ་དང་མྱུར་བགྲོད་ལྕགས་ལམ་འཛུགས་སྐྲུན་ཁུལ་དུ་བསྐྱོད་དེ། “དགུན་ཟླ་རིང་མོར་དྲོད་འཁོལ་སྦྱིན། ངལ་ནུས་ལས་མི་བརྩེ་བས་སྐྱོང་”ཅེས་པའི་འཚམས་འདྲིའི་བྱེད་སྒོ་སྤེལ། བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དང་གླ་ཕོགས་ཆད་པའི་གནད་དོན་དག་ཐེར་གྱི་ལས་དོན་སྤེལ།

འཚམས་འདྲི་བྱས་ནས་དྲོད་འཁོལ་སྦྱིན། གཞི་རིམ་གྱི་དམངས་སེམས་བདེ་ལ་ཕབ། མཉམ་འབྲེལ་ལས་དོན་ཚོ་ཆུང་གིས་ལྷ་མོ་ནས་གཙོ་ཚང་དགོན་བར་གྱི་མྱུར་ལམ་དང་། ཁྲོན་མཚོ་ལྕགས་ལམ་ཨར་ལས་སྒར་ཁ་དང་ལས་ཡུལ་དངོས་ལ་བསྐྱོད་ནས། ལས་བཟོ་བ་200ལྷག་ལ་གློག་གདན་དང་སོ་བཀྲུ། སོ་སྨན། ལག་ཕྱིས། འདག་རྫས་སོགས་སྦྱིན་པ་བཏང་། ཁོ་ཚོའི་ལས་ཀ་དང་འཚོ་བའི་གནས་ཚུལ། གླ་ཕོགས་ཆ་ཚང་སྤྲད་མིན་གྱི་གནས་ཚུལ་ལ་འདྲི་རྩད་བྱས་ཏེ། ཏ་ཨུ་དང་སྲིད་གཞུང་གི་ཐུགས་ཁུར་བསྒྲགས། ལྟ་སྐུལ་ཞིབ་བཤེར་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་ནས། གནད་འཁེལ་གྱི་བདེ་སྲུང་ཐབས་ལམ་བཏོན། མཉམ་འབྲེལ་ལས་དོན་ཚོ་ཆུང་གིས་གླ་ཕོགས་ཆད་པའི་གནད་དོན་དག་ཐེར་དང་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འགན་གཙོ་བོར་དམིགས་ནས། ཁེ་ལས་6བདམས་ནས་ཉེན་ཁ་ཆེ་གནས་10ལྷག་ལ་ཞིབ་བཤེར་བྱས། “གནད་དོན་དང་རེ་འདུན”གྱི་རྩིས་ཐོ་བཀོད་ནས། གནད་དོན་3དག་ཐེར་དང་རེ་འདུན་2བསྡུ་རུབ་བྱས། བཞུགས་མོལ་ཚོགས་འདུ་ཐེངས་7འཚོགས། “སྤོ་ལོ་འཕེན་པའི”ལྟ་སྐུལ་རྣམ་པར་བརྟེན་ནས་འབྲེལ་ཡོད་སྡེ་ཁག་ལ་དུས་བཅད་ལྟར་བཅོས་སྒྲིག་དང་། འབེན་འཛིགས་བྱེད་ཐབས་འདོན་དགོས་པའི་བླང་བྱ་བཏོན།

སྒྲོག་འགྲེལ་ལས་སྒོ་བརྒྱུད་སྲིད་ཇུས་ལ་གསལ་ཆ་ཡོད་དུ་བཅུག །གླ་ཕོགས་ཆད་པའི་ཁེ་དབང་སྲུང་སྐྱོང་དང་སྤྱི་ཚོགས་འགན་བཅོལ་འཇལ་བ། ཕྱི་རོལ་དུ་མེ་སྤྱོད་པའི་ཚད་གཞི། བདེ་འཇགས་གློག་སྤྱོད། སྒྲིག་འགལ་སྔོན་འགོག་སོགས་ཀྱི་ནང་དོན་ལ་དམིགས་ནས། སྒྲོག་ཡིག་སྦྱར་བ་དང་སྒྲོག་ཤོག་བཀྲམ་པ། ཡུལ་དངོས་ནས་འགྲེལ་ལན་འདེབས་པ་སོགས་ཆེད་དོན་སྒྲོག་འགྲེལ་བྱས། བསྡོམས་པས《ལས་བཟོ་བར་སྤྲིངས་པའི་འཕྲིན་ཡིག》དང《ཁེ་ལས་གྲོས་ཡིག》སོགས་དཔྱད་ཡིག་400ལྷག་བཀྲམ། ཁེ་ལས་དོ་དམ་མི་སྣ་དང་ལས་བཟོ་བ་མི་ཐེངས་460ལྷག་ལ་ཁྱབ་ཏུ་བཅུག །ཡུལ་དངོས་ནས་བློ་འདྲི་བྱེད་མཁན་མི་ཐེངས་20ལྷག་སྣེ་ལེན་བྱས་ནས། གླ་ཕོགས་སྤྲོད་ལེན་དང་རྨས་སྐྱིན་ཚབ་འཇལ་གྱི་གནད་དོན་10གསལ་འགྲེལ་བྱས།

གོམ་ཁ་རྗེས་མར། མཛོད་དགེ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས“དུས་དང་རྣམ་པ་ཀུན་ཏུ་བློ་ལ་ངེས་པའི”འགན་འཁྲིའི་འདུ་ཤེས་ལེགས་པོ་བསྐྱེད་དེ། གནད་དོན་དག་ཐེར་དང་འགན་འཁྲི་ལེགས་འཁུར་སྒོས་ལས་བཟོ་བར་ཞབས་ཞུ་ལེགས་འདོན་གྱིས་ཁེ་དབང་འགན་སྲུང་གི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྦྱོར་བ་དངོས་ཀྱིས་དམངས་འཚོའི་མཐའ་ཐིག་སྲུང་ནས་དམངས་ཀྱི་རེ་འདུན་སྐོང་ཅི་ཐུབ་དང་། ངལ་ནུས་ལས་བཟོ་བ་བློ་བདེ་མོས་ལས་ཀར་ཞུགས་ནས་བདེ་སྐྱིད་འཚོ་བར་སྙེག་པར་འགན་སྲུང་སྒོས། མཛོད་དགེ་རྫོང་གི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། གྲོང་གསེབ་དར་རྒྱས་ཀྱི་མཛེས་རིས་འགོད་པར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་སྟོབས་ཤུགས་ཕུལ་རྒྱུ་རེད།༼འཕྲིན་སྤེལ་བ། བཀྲ་ཤིས་ལྷ་མོ།༽