སི་ཁྲོན་གྱི་སྐབས་༡༢པའི་ཚང་འཛོམས་གྲོས་ཚོགས་ཐེངས་༨པའི་སྤྱི་བསྒྲགས།

ཡོང་ཁུངས། ཁམས་པའི་བརྙན་འཕྲིན་གྱི་དྲ་བ།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༡༡ ཚེས་ ༢༨

ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་སྤྱི་བསྒྲགས།

༼༢༠༢༥ལོའི་ཟླ་༡༡པའི་ཚེས་༢༧ཉིན་ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པར་གྲོས་འཆམ་བྱུང་།༽

ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་༢༠༢༥ལོའི་ཟླ་༡༡པའི་ཚེས་༢༧ཉིན་ཁྲེང་ཏུའུ་ནས་འཚོགས།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་གསུང་བཤད་གནང་བ།

ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་༢༠༢༥ལོའི་ཟླ་༡༡པའི་ཚེས་༢༧ཉིན་ཁྲེང་ཏུའུ་ནས་འཚོགས།

ཚང་འཛོམས་གྲོས་ཚོགས་ཐོག སི་ཁྲོན་ཞིང་ཆེན་ཏང་ཨུའི་ཨུ་ཡོན་༧༠དང་།  ཞིང་ཆེན་ཏང་ཨུའི་རྗེས་སྣོན་ཨུ་ཡོན་༡༦། སི་ཁྲོན་ཞིང་ཆེན་སྒྲིག་ཨུའི་རྒྱུན་ཨུ། སི་ཁྲོན་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱི་ཨུ་ཡོན་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་བྱས། སི་ཁྲོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་འཐུས་མིའི་ཁྲོད་གཞི་རིམ་བློ་མཐུན་དང་། ཆེད་མཁས་ཤེས་ཡོན་པ། འབྲེལ་ཡོད་ཕྱོགས་ཀྱི་སྐུ་ཚབ་ཁ་ཤས་ཚོགས་འདུར་ཟུར་ཞུགས་བྱས་ཡོད་པ་རེད།

ཚང་འཛོམས་གྲོས་ཚོགས་དེ་སི་ཁྲོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གཙོ་སྐྱོང་གནང་། སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་གསུང་བཤད་གནང་བ་རེད།

ཚང་འཛོམས་གྲོས་ཚོགས་ཐོག ཝང་ཞའོ་ཧུའེ་ཡིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱི་མངགས་བཅོལ་ལྟར་ལས་ཀའི་སྙན་ཞུ་ཕུལ་བར་གསན་པ་དང་། ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་སི་ཁྲོན་ཞིང་ཆེན་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གྱི་ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པ་སྐོར་གྱི་གྲོས་འགོར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཝང་ཞའོ་ཧུའེ་ཡིས་གྲོས་འགོའི་གྲོས་བསྡུར་མ་ཟིན་ཐད་ཚང་འཛོམས་གྲོས་ཚོགས་ཐོག་གསལ་བཤད་གནང་བ་རེད།

ཚང་འཛོམས་གྲོས་ཚོགས་ཐོག སི་ཁྲོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ལས་ཀར་གདེང་འཇོག་གང་ལེགས་གནང་བ་དང་།  ཚང་མས་སི་ཁྲོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ནས་བཟུང་། ཉེན་ཁ་རྙོག་འཛིང་གི་གནས་བབ་དང་དཀའ་ཁག་མང་པོའི་འགྲན་སློང་མདུན་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག སི་ཁྲོན་ཞིང་ཆེན་ཏང་ཨུས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱོན་གྱི་སྙིང་དོན་ལག་བསྟར་དོན་འཁྱོལ་ཟབ་མོ་བྱེད་པ་དང་། ཁྱོན་ཡོངས་ནས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་ལས་ཀའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་སྙིང་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་འཕེལ་ཕྱོགས་རྒྱུན་འཁྱོངས་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་དང་ཞིང་ཆེན་ཏང་ཨུའི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་དམ་འཛིན་ཡག་པོ་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་སྙིང་དོན་ལག་བསྟར་དོན་འཁྱོལ་ཟབ་མོ་བྱེད་པའི་སློབ་སྦྱོང་སློབ་གསོ་རྩ་འཛུགས་ཡག་པོ་བྱེད་པ། ནུས་ཤུགས་ཡོད་རྒུས་དཔལ་འབྱོར་བསྙེག་ནས་འཛུགས་སྐྲུན་བྱེད་པ། ས་བབ་ཀྱི་ཁྱད་ཆོས་ལ་བརྟེན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ། བློ་བརྟན་འགྱུར་མེད་ཀྱིས་སྤུས་མཐོའི་འཕེལ་རྒྱས་གཏོང་བ། སྔར་ལས་ལྷག་པའི་སྒོ་ནས་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་རྒྱ་ཆེར་དང་གཏིང་ཟབ་སྤེལ་བ། ཤུགས་ཆེན་པོས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཟབ་མོ་འཕེལ་རྒྱས་གཏོང་བ། དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་འདེད་བརྟན་པོ་གཏོང་བ། དྲིལ་བསྒྲགས་དང་བསམ་བློ།རིག་གནས་ལས་ཀ་ཇེ་དྲག་ནན་མོ་གཏོང་བ། རྒྱུན་མཐུད་ནས་དམངས་འཚོའི་འགན་སྲུང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དམ་འཛིན་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་བདེ་འཇགས་མ་ཐིག་དམ་དུ་བསྲུང་བ། ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བར་སྐུལ་འདེད་ཟབ་མོ་བྱེད་པ། ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པའི་དམིགས་འབེན་གཙོ་བོའི་ལས་འགན་མི་འགྱངས་པར་བདེ་བླག་ངང་འགྲུབ་པ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་འཛུགས་སྐྱོང་ཐད་གོམ་པ་བརྟན་པོ་གསར་དུ་སྤོས་ཡོད་ཅེས་བཤད།

ཚང་འཛོམས་གྲོས་ཚོགས་ཐོག་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པའི་དུས་སྐབས་སུ་སི་ཁྲོན་གྱི་འཕེལ་རྒྱས་ལ་གྲུབ་འབྲས་གལ་ཆེན་བླངས་པར་གདེང་འཇོག་ཚད་མཐོ་གནང་། ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པའི་དུས་སྐབས་ནི་སི་ཁྲོན་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་ལོ་ལྔ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་ལས་ཀར་མཐོང་ཆེན་ཚད་མེད་དང་རེ་བ་ཆེན་པོ་བཅངས་ཡོད་ལ། ལྷག་པར་དུ་༢༠༢༢ལོ་དང་༢༠༢༣ལོར་བསྟུད་མར་ལོ་གཉིས་ལ་སྐུ་དངོས་སུ་སི་ཁྲོན་ལ་རྟོག་ཞིབ་ཕེབས་པར་མ་ཟད་མཛུབ་སྟོན་གལ་ཆེན་གནང་ནས། སི་ཁྲོན་གྱི་དེང་རབས་ཅན་འཛུགས་སྐྱོང་ལ་འཆར་གཞི་ཡག་པོ་བཀོད་པ་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོ་བསྟན་པ་རེད།  ལོ་ལྔའི་རིང་། ཞིང་ཆེན་ཏང་ཨུའི་བློ་བརྟན་འགྱུར་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་དང་སྣེ་ཁྲིད་དེ་དཀའ་བ་དང་ལེན་དང་འབད་པ་ལྷུར་ལེན་བྱས་ཏེ། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྱོང་གིས་འཐབ་ཇུས་ཁྲིད་སྟོན་འཛིན་པ་རྒྱུན་འཁྱོངས་བྱས་ནས་ཅན་བཞི་མཉམ་སྐྱོད་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས། ཁོངས་ལྔ་མཉམ་དར་གྱི་འཕེལ་རྒྱས་འཐབ་ཇུས་ཟབ་སྤེལ་བྱེད་པ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་འཛུགས་སྐྱོང་གི་གོམ་པ་བརྟན་པོ་སྤོས་ནས་རྣམ་པ་གསར་པ་མངོན་ཡོད་པ་རེད། སི་ཁྲོན་ཞིང་ཆེན་གྱིས་ཕྱོགས་བསྡུས་སྟོབས་ཤུགས་དང་ལྟེ་བའི་འགྲན་རྩོད་ནུས་པ་མངོན་གསལ་ཇེ་དྲག་ཕྱིན་པ་དང་། ས་ཁོངས་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་སྔར་བས་སྙོམས་པོ་ཕྱིན་ཡོད། བཅོས་སྒྱུར་སྒོ་འབྱེད་ལ་ཐོད་བརྒལ་གསར་པ་ཐུབ་ཡོད་པ། འབག་མེད་ཐཱན་ཉུང་གི་ལུགས་བསྒྱུར་གོམ་སྟབས་ཇེ་མགྱོགས་ཕྱིན་པ། མི་དམངས་ཀྱི་འཚོ་བའི་སྤུས་ཀ་བརྟན་ཐོག་ཡར་འཕེལ་ཡིན་ལ། བདེ་འཇགས་བརྟན་བརླིང་གི་རྨང་གཞི་སྔར་བས་བརྟན་པོ། ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་རྒྱ་ཆེ་ཞིང་གཏིང་ཟབ་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སི་ཁྲོན་གྱི་ལེའུ་གསར་པ་རྩོམ་པར་རྨང་གཞི་བརྟན་པོ་བཞག་ཡོད། 

ཚང་འཛོམས་གྲོས་ཚོགས་ཐོག  ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་རིང་ལ་སི་ཁྲོན་གྱིས་གཞི་རྩའི་ཆ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འགྲུབ་པའི་འཕེལ་རིམ་ཁྲོད་དུ་སྔ་འཛིན་ཕྱི་གཏོད་ཀྱི་གོ་གནས་གལ་ཆེན་བཟུང་ཡོད། ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་རིང་ལ་གཞི་རྩའི་ཆ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འགྲུབ་པར་རྨང་གཞི་བརྟན་པོ་བཏིང་བ་དང་།  ཁྱོན་ཡོངས་ནས་ཤུགས་རྒྱག་པའི་གནད་འགག་གི་དུས་སྐབས་ཡིན། དེ་ཡང་སི་ཁྲོན་གྱིས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་བསྐྲུན་པ་དང་འགྲན་རྩོད་ཀྱི་ལེགས་ཆ་ཆགས་པའི་དུས་སྐབས་གལ་ཆེན་ཡིན།  ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་རིང་ལ་ལས་ཀ་ཁག་ཡག་པོར་སྒྲུབ་པ་དེ་སི་ཁྲོན་དེང་རབས་ཅན་འཛུགས་སྐྱོང་གི་ཁྱོན་ཡོངས་དང་འབྲེལ་བའི་འཐབ་ཇུས་གལ་ཆེན་ལ་ཐོད་བརྒལ་ཆེན་པོ་ཐོབ་པ་དང་།  རྒྱལ་ཡོངས་དང་མཉམ་དུ་གཞི་རྩའི་ཆ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འགྲུབ་པར་ཁག་ཐེག་བྱེད་པར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན། ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་རིང་ལ་སི་ཁྲོན་འཕེལ་རྒྱས་ཀྱི་ཁོར་ཡུག་རྙོག་འཛིང་དང་འགྱུར་ལྡོག་ཆེ། སྒྲིག་གཞི་ལེགས་སྒྲིག་དང་སྒུལ་ནུས་བརྗེ་བ།  འཕེལ་རྒྱས་ལུགས་སྒྱུར་གྱི་གནད་འགག་ལས་བརྒལ་དགོས་པ་དང་།  འགོ་འཛུགས་ས་གསར་པ་ནས་མུ་མཐུད་དུ་ཕྱོགས་བསྡུས་སྟོབས་ཤུགས་ཇེ་དྲག་བཏང་ནས་རྒྱལ་ཡོངས་འཕེལ་རྒྱས་བཀོད་པའི་ཁྲོད་ཀྱི་ནུས་རིམ་གོ་གནས་བརྟན་པོས་གོང་མཐོར་གཏོང་དགོས།  ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ཀྱི་བརྟན་ཤུགས་ལ་དོ་སྣང་བྱེད་པ་དང་། འགྱུར་ལྡོག་ངོས་ཟིན་པ་དང་དེ་ལ་བསྟུན་པ།  འགྱུར་ལྡོག་གཏོང་བ་བཅས་གང་ཐུབ་བྱེད་དགོས་ལ།  འགག་སྒྲོལ་དཀའ་སེལ་དང་།  བབ་བསྟུན་མདུན་སྐྱོད། ཏན་ཏན་ཏིག་ཏིག་བཅས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལ་མཛད་པའི་ཇུས་གཞི་ཆེན་མོ་དེ་མངོན་སུམ་དུ་བསྒྱུར་བ་དང་།  སི་ཁྲོན་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་གཏོད་གང་ཐུབ་བྱེད་དགོས་ཞེས་བསྟན།

ཚང་འཛོམས་གྲོས་ཚོགས་ཐོག ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་རིང་ལ་སི་ཁྲོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ངེས་པར་དུ་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ།  ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས།  མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན།  ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་རྒྱུན་འཁྱོངས།  ཁྱོན་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་ལག་བསྟར་དང་།  ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱོན་གྱི་སྙིང་དོན་ལག་བསྟར་ཟབ་མོ་བྱེད་པ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་ལས་ཀར་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་སྙིང་དོན་དོན་འཁྱོལ་ཐུབ་པ།  གནས་ལྔ་ཕུང་གཅིག་གི་སྤྱིའི་འཆར་འགོད་གཅིག་གྱུར་གོང་སྤེལ།  ཁྱོན་ཡོངས་བཞི་ཡི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་གོང་སྤེལ།  འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་ཚང་ཡང་དག་དང་ཁྱོན་ཡོངས་ལག་བསྟར་བྱེད་པ།  བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རིག་ལམ་རྒྱུན་འཁྱོངས། དཔལ་འབྱོར་འཛུགས་སྐྱོང་གཙོ་བོར་རྒྱུན་འཁྱོངས་དང་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་བ་གཙོ་བོ་འཛིན་པ། བཅོས་སྒྱུར་གསར་གཏོད་ཀྱི་གཞི་རྩའི་ནུས་པ་འདོན་པ། མི་དམངས་ཀྱི་ཉིན་རེར་གོང་དུ་འཕེལ་བའི་བདེ་སྐྱིད་འཚོ་བའི་དགོས་མཁོ་བསྐོང་རྒྱུ་དམིགས་འབེན་གཙོ་བོར་འཛིན་པ།  ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་གཞི་རྩའི་འགན་སྲུང་ལ་བཟུང་ནས་ཅན་བཞི་དུས་མཉམ་དང་། གྲོང་ཁྱེར་དང་གྲོང་རྡལ་མཉམ་འདྲེས།  ཁོངས་ལྔ་མཉམ་དར་གྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་ཟབ་མོ་བྱེད་པ། རྒྱལ་ཁབ་ཀྱི་འཐབ་ཇུས་ཁྱོན་ཡོངས་ལ་རང་རྟོགས་སྒོས་ཞབས་ཞུ་སྒྲུབ་པ་དང་།  འཕེལ་རྒྱས་ཀྱི་བཀོད་པ་གསར་པའི་ནང་འདྲེས་ཅི་ཐུབ།  དཔལ་འབྱོར་ལ་རྒྱུའི་ཐད་ཀྱི་མཐོར་འདེགས་དང་གྲངས་འབོར་ཐད་ཀྱི་གོང་འཕར་ལུགས་མཐུན་ཡོང་བ།  ཐུན་མོང་ཕྱུག་འགྱུར་ཕྱོགས་སུ་བརྟན་པོས་བསྐྱོད་པ་བཅས་བྱས་ནས་སི་ཁྲོན་གྱིས་གཞི་རྩའི་ཆ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འགྲུབ་པར་ཐག་གཅོད་རང་བཞིན་གྱི་གོང་འཕེལ་ཐོབ་པར་བྱེད་དགོས་ཞེས་ནན་གྱིས་བསྟན།

ཚང་འཛོམས་གྲོས་ཚོགས་ཐོག ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་རིང་ལ་སི་ཁྲོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་རྒྱུན་འཁྱོངས་དྲུག་གི་རྩ་དོན་གལ་ཆེན་ལག་བསྟར་བྱེད་པའི་རྨང་གཞིའི་ཐོག་ནས་ཞིང་ཆེན་གྱི་དོན་དངོས་དང་ཟུང་དུ་འབྲེལ་ནས་གཤམ་གྱི་ཕྱོགས་དག་བསྒྲུབ་ཐུབ་པར་བྱེད་དགོས་པ་སྟེ།  ངེས་པར་དུ་དར་ཆ་གསལ་པོས་ཆབ་སྲིད་ལ་དང་དོད་དང་། ངེས་པར་དུ་བློ་རྩེ་གཅིག་ཏུ་སྒྲིམ་ནས་འཕེལ་རྒྱས་དམ་འཛིན།  ངེས་པར་དུ་སེམས་པ་རྣམ་དག་གིས་དམངས་འཚོར་ཕན་པ་སྒྲུབ་པ། ངེས་པར་མ་མཐའི་ཚད་གཞི་ཡི་ཉེན་མེད་བརྟན་སྲུང་བཅས་བྱེད་དགོས་ཞེས་བསྟན།

ཚང་འཛོམས་གྲོས་ཚོགས་ཐོག སི་ཁྲོན་གྱིས་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་ཁྱད་པར་དུ་ནུབ་རྒྱུད་གསར་སྤེལ་ཆེན་མོའི་འཐབ་ཇུས་ཁྲོད་དུ་ཁྱད་འཕགས་དང་གོ་གནས་གལ་ཆེན་བཟུང་ཡོད། ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་རིང་ལ་རྒྱལ་ཁབ་ཀྱི་ཁྱོན་ཡོངས་འཐབ་ཇུས་ལ་ཞབས་ཞུ་སྒྲུབ་པའི་འགན་འཁྲི་ཁུར་ཡོད། ངེས་པར་དུ་དཔལ་འབྱོར་ཞིང་ཆེན་ཆེན་པོའི་ཀ་འདེགས་གདུང་མའི་ནུས་པ་འདོན་པ་དང་། རྒྱལ་ཁབ་འཐབ་ཇུས་བློ་ཐག་རྦད་ཆོད་ཀྱིས་དོན་འཁྱོལ་ཐུབ་པར་བྱེད་དགོས། དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་མོའི་སྒུལ་ཤུགས་དྲག་པོ་བསྐྲུན་དགོས་པ་དང་། ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཚོགས་པའི་འཕེལ་རྒྱས་ནུས་པ་ཇེ་མཐོར་བཏང་ནས་རྒྱལ་ཁབ་འཐབ་ཇུས་ལྟེ་བའི་རམ་འདེགས་བྱེད་ནུས་ཇེ་དྲག་གཏོང་བ་བཅས་བྱས་ནས་སི་ཁྲོན་སྤུས་མཐོའི་འཕེལ་རྒྱས་ལ་སྣེ་ཡག་པོ་ཁྲིད་དགོས་ཞེས་བསྟན། 

ཚང་འཛོམས་གྲོས་ཚོགས་ཐོག་ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་དུས་སྐབས་ཀྱི་སི་ཁྲོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་འབེན་གཙོ་བོ་བཏོན་ཡོད་དེ།  དེང་རབས་ཅན་གྱི་དཔལ་འབྱོར་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་གྲུབ་འབྲས་ཆེན་པོ་ཐོབ་པ་དང་།  ནུབ་རྒྱུད་ས་ཁུལ་གྱི་གསར་གཏོད་མཐོ་ས་བསྐྲུན་པར་གྲུབ་འབྲས་ཆེན་པོ་ཐོབ་པ། ས་ཁོངས་དང་གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་འཕེལ་རྒྱས་གཏོང་བར་གྲུབ་འབྲས་གལ་ཆེན་ཐོབ་པ། དུས་རབས་གསར་པའི་བཅོས་བསྒྱུར་སྒོ་འབྱེད་དང་མཐོ་ས་གསར་པ་བསྐྲུན་པར་གྲུབ་འབྲས་ཆེན་པོ་ཐོབ་པ། སྤྱི་ཚོགས་ཀྱི་དཔལ་ཡོན་གོང་འཕེལ་གཏོང་བར་གྲུབ་འབྲས་ཆེན་པོ་ཐོབ་པ། སྤུས་ཀ་མཐོ་བའི་འཚོ་བ་གཏོང་བར་གྲུབ་འབྲས་ཆེན་པོ་ཐོབ་པ།  མཛེས་སྡུག་ལྡན་པའི་སི་ཁྲོན་འཛུགས་སྐྲུན་བྱེད་པར་གྲུབ་འབྲས་ཆེན་པོ་ཐོབ་པ།  གཅིག་གྱུར་སྒོས་འཕེལ་རྒྱས་དང་ཉེན་མེད་ཡོང་བར་གྲུབ་འབྲས་ཆེན་པོ་ཐོབ་ཡོད། རྨང་གཞིའི་དེའི་སྟེང་དུ་ད་དུང་ལོ་ལྔ་ལ་འབད་བརྩོན་བྱེད་པ་དང་།  ༢༠༣༥ལོར་ཤར་དུས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྟོབས་ཤུགས་དང་ཚན་རྩལ་སྟོབས་ཤུགས།  ཕྱོགས་བསྡུས་འགྲན་རྩོད་ནུས་པ་བཅས་མཐོར་འདེགས་ཆེན་པོ་ཡོང་བ་དང་། གཞི་རྩའི་ཆ་ནས་དེང་རབས་ཅན་གྱི་དཔལ་འབྱོར་སྟོབས་ལྡན་ཞིང་ཆེན་འཛུགས་པ་དང་། མི་དམངས་ཀྱི་འཚོ་བ་སྔར་ལས་བདེ་ཞིང་སྐྱིད་པ།  རྒྱལ་ཡོངས་དང་དུས་མཉམ་དུ་གཞི་རྩའི་ཆ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་བསྒྱུར་དགོས་པ་བཅས་རེད།

ཚང་འཛོམས་གྲོས་ཚོགས་ཐོག  སི་ཁྲོན་གྱི་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་དགོས། བཟོ་ལས་དར་རྒྱས་ཆེ་བའི་ཞིང་ཆེན་དང་བཟོ་སྐྲུན་སྟོབས་ལྡན་ཞིང་ཆེན་བསྐྲུན་པ་དང་།  ཐོན་ལས་ལེགས་པོ་ཇེ་བརྟན་དང་མཐོར་འདེགས་གཏོང་བ།  ཐོན་ལས་གཙོ་བོའི་ཚོགས་པ་གྲུབ་པ་དང་འབྲེལ་མཐུད་བྱེད་པ། ཐོན་ལས་མ་ལག་དང་མཁོ་འདོན་མ་ལག་གི་བབ་བསྟུན་རང་བཞིན་དང་ཉེན་མེད་རང་བཞིན་ཇེ་དྲག་གཏོང་དགོས། གསར་དར་ཐོན་ལས་དང་མ་འོངས་པའི་ཐོན་ལས་གསོ་སྐྱོང་བྱེད་པ།  འཐབ་ཇུས་རང་བཞིན་གྱི་ཐོན་ལས་གསར་པ་གཅིག་བསྡུས་བྱེད་པ། མིག་རྒྱང་རིང་བའི་སྒོས་མ་འོངས་པའི་ཐོན་ལས་བཀོད་སྒྲིག་དང་འཕེལ་རྒྱས་གཏོང་བ།  ལག་རྩལ་གསར་པ་དང་ཐོན་རྫས་གསར་པ། ཚོགས་ར་གསར་པ་བཅས་བེད་སྤྱོད་དང་དཔེ་སྟོན་བྱེད་དགོས།  ཞབས་ཞུའི་ལས་རིགས་སྤུས་མཐོ་དང་ཕན་འབྲས་མཐོ་བའི་འཕེལ་རྒྱས་བཏང་ནས།   ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་དང་རྒྱ་སྐྱེད་པ།  འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་སྤུས་མཐོ་དང་སྣ་མང་། སྟབས་བདེ་ཅན་དུ་འཕེལ་རྒྱས་གཏོང་དགོས།  དྲ་བ་སྟོབས་ལྡན་ཞིང་ཆེན་དང་ཨང་ཀིའི་སི་ཁྲོན་མགྱོགས་མྱུར་བསྐྲུན་པ་དང་།  ཕྱོགས་ཡོངས་ནས་མིས་བཟོས་རིག་ནུས་རྒྱས་པའི་བྱ་སྤྱོད་ལག་བསྟར་བྱེད་པ། དངོས་གཉེར་དཔལ་འབྱོར་དང་ཨང་ཀིའི་དཔལ་འབྱོར་ཟུང་འབྲེལ་ཟབ་མོ་བྱས་ནས།  ཕྱོགས་ཡོངས་ནས་ཨང་ཀིའི་རྒྱུ་རྐྱེན་སྔོག་འདོན་བྱེད་དགོས།  དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་ཆས་མ་ལག་བསྐྲུན་པ་དང་། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་གནས་བསྐྲུན་པ།  དེང་རབས་ཅན་གྱི་དྲ་བ་འཛུགས་པ། ཚན་རིག་དང་མཐུན་པའི་སྒོས་ནུས་ཁུངས་མ་ལག་གསར་པར་འཆར་འགོད་དང་འཛུགས་སྐྲུན་བྱས་ནས།  རྨང་གཞིའི་སྒྲིག་ཆས་གསར་པ་སྔ་མོ་ནས་བསྐྲུན་དགོས་ཞེས་བཏོན།

ཚང་འཛོམས་གྲོས་ཚོགས་ཐོག་ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་དགོས།  ཐོག་མའི་གསར་གཏོད་དང་ལག་རྩལ་འགག་སྒྲོག་ནུས་པ་མཐོར་འདེགས་གཏོང་བ།  འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཀྱི་གཞོགས་འདེགས་གནས་གལ་ཆེན་བསྐྲུན་པ། རྨང་གཞིའི་ཞིབ་འཇུག་ཇེ་དྲག་དང་རྨང་གཞིའི་ཞིབ་འཇུག་བེད་སྤྱོད་པ།  ལག་རྩལ་གཙོ་བོ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ཟུང་འབྲེལ་དམ་པོ་བྱེད་པ། ཚན་རྩལ་གྲུབ་འབྲས་ལུགས་བསྒྱུར་མ་ལག་འཐུས་ཚང་གཏོང་བ།  ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་བྱེད་པའི་གོ་གནས་ཇེ་དྲག་གཏོང་བ།  དམག་དམངས་གྱི་ཚན་རྩལ་མཐུན་སྦྱོར་དང་གསར་གཏོད་བྱེད་དགོས། སློབ་གསོ་ཚན་རྩལ་འཇོན་མི་ཕུང་གཅིག་ཅན་དུ་འཕེལ་རྒྱས་གཏོང་བ། རིགས་དབྱེ་ནས་མཐོ་རིམ་སློབ་གྲྭའི་བཅོས་བསྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཚན་རྩལ་ལམ་ལུགས་བཅོས་བསྒྱུར་བྱས་ནས་གསར་གཏོད་དང་ལས་བཏོད་ཀྱི་འཇོན་མི་གཅིག་བསྡུས་བྱེད་དགོས་ཞེས་བཏོན།

ཚང་འཛོམས་གྲོས་ཚོགས་ཐོག་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་བཀོད་པ་གསར་པ་མགྱོགས་མྱུར་བསྐྲུན་དགོས། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གཉིས་ཀྱི་དཔལ་འབྱོར་ཚོགས་པའི་སྤྱིའི་འགྲན་རྩོད་ནུས་ཤུགས་མཐུན་སྦྱོར་ངང་མཐོར་འདེགས་གཏོང་བ་དང་། དཔལ་འབྱོར་གྱི་གཞོགས་འདེགས་དང་འགྱེད་འཕྲོ་སྣེ་ཁྲིད་བྱེད་ནུས་ཇེ་དྲག་གཏོང་བ། གསར་གཏོད་ཀྱི་ཐོན་ཁུངས་གཅིག་བསྡུས་དང་ལུགས་བསྒྱུར་བྱེད་ནུས་ཇེ་དྲག་གཏོང་བ།   བཅོས་བསྒྱུར་གཅིག་འདུས་དང་སྒོ་འབྱེད་བྱེད་ནུས་ཇེ་དྲག་བཏང་ནས།  མི་འབོར་ནང་འདྲེན་དང་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་ཇེ་དྲག་གཏོང་དགོས། ཁུལ་ལྔ་མཉམ་དར་འཕེལ་རྒྱས་གཏོང་བ་དང་།  སྒུལ་ནུས་ལྡན་པའི་སྣེ་ཁྲིད་ནུས་པ་བསྐྲུན་པ།  སྟོབས་ལྡན་ཞིང་ཆེན་གྱི་ས་ཁོངས་དཔལ་འབྱོར་ལྟེ་གནས་ཕལ་བ་དང་ས་ཁོངས་ལྟེ་གནས་གྲོང་ཁྱེར་བསྐྲུན་པ།  གྲོང་ཁྱེར་འཕེལ་རྒྱས་ཀྱི་གསོན་ཤུགས་ཇེ་དྲག་བཏང་ནས། ས་ཁུལ་ཆེན་པོ་ལྔ་ཁྱད་ཆོས་ཅན་གྱིས་འཕེལ་རྒྱས་གཏོང་དགོས།  རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་སྐྱེད་པ།  རིམ་པ་དུང་ཕྱུར་སྟོང་རིམ་པའི་སྟོབས་ལྡན་རྫོང་དང་སྟོབས་ལྡན་ཆུས་ཀྱི་གནས་བསྐྲུན་པ། ཁྱད་ལྡན་རྫོང་ཁོངས་འཕེལ་རྒྱས་རྒྱ་སྐྱེད་དེ།  ལྟེ་གནས་གྲོང་རྡལ་ཇེ་དྲག་དང་ཇེ་ལེགས་སུ་གཏོང་དགོས་ཞེས་བཏོན། 

ཚང་འཛོམས་གྲོས་ཚོགས་ཐོག གྲོང་ཁྱེར་དང་གྲོང་གསེབ་མཉམ་དུ་འཕེལ་རྒྱས་ཡག་པོ་གཏོང་དགོས། སྤུས་ཚད་མཐོན་པོས་མི་གཙིགས་སུ་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྱོང་དང་། ཞིང་ལས་མི་འབོར་མགྱོགས་པོར་གྲོང་ཁྱེར་ནང་འདྲེས་པ། དེང་རབས་ཅན་གྱི་གྲོང་ཁྱེར་མ་ལག་ལེགས་བཅོས་བྱས་ནས། རྫོང་མཁར་གྱི་ཕྱོགས་བསྡུས་ཐེག་ཤུགས་མཐོར་འདེགས་གཏོང་དགོས། དེང་རབས་ཞིང་ལས་མགྱོགས་པོར་འཕེལ་རྒྱས་གཏོང་བ་དང་། འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་མཁོ་འདོན་འགན་སྲུང་ནུས་པ་ཇེ་དྲག ཞིང་ལས་ཀྱི་ཐོན་ལས་མ་ལག་ཡོངས་རིམ་པ་སྤར་བ། ཞིང་ལས་ཚན་རྩལ་གསར་གཏོད་ཐད་ཤུགས་འདོན་དགོས། བདེ་སྡོད་ལས་བརྩོན་གྱི་འཆམ་མཐུན་གྲོང་གསེབ་འཛུགས་སྐྱོང་དང་། གྲོང་གསེབ་འཛུགས་སྐྲུན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས། ཞིང་པར་ཡུན་རིང་བོར་ཡོང་སྒོ་བརྟན་པོ་རག་བཅུག་ནས། སི་ཁྲོན་གྲོང་གསེབ་ཀྱི་དར་སྲོལ་གསར་པ་འཛུགས་སྐྱོང་བྱེད་པའི་བྱ་སྤྱོད་ལག་ལེན་བསྟར་དགོས། རྒྱུན་རྣམ་ཅན་གྱི་དབུལ་ལོག་དབུལ་འགྱུར་འགོག་པའི་ནང་རྐྱེན་གཅིག་བསྡུས་འཛུགས་སྐྱོང་བྱས་ནས། དར་རྒྱས་ཞན་པའི་རྫོང་ཁོངས་ལ་ཁྱོན་ཡོངས་རང་བཞིན་གྱི་རོགས་སྐྱོར་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་ཆ་ཕན་ཚུན་མཉམ་འདྲེས་ཡོང་བར་སྐུལ་དགོས་ཞེས་བསྟན།

ཚང་འཛོམས་གྲོས་ཚོགས་ཐོག བཅོས་སྒྱུར་ཟབ་མོ་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། རྒྱལ་ཡོངས་ཀྱི་གཅིག་གྱུར་ཚོང་ར་ཆེན་པོའི་ནང་ཞུགས་དགོས། ལས་རིགས་སོ་སོའི་ཚོང་གཉེར་མཁན་གྱི་གསོན་ཤུགས་འདོན་སྤེལ་གང་ཐུབ་དང་། རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་ལ་བཅོས་སྒྱུར་ཟབ་མོ། དམངས་གཉེར་ཁེ་ལས་ཀྱི་ཞབས་ཞུའི་མ་ལག་འཐུས་ཚང་། མ་རྩ་ཚོད་འཛིན་ལྟེ་བར་བཟུང་ནས་ཁྱོན་ཡོངས་ནས་ཚོང་གཉེར་ཁོར་ཡུག་ལེགས་བཅོས་བྱ་དགོས།ནང་མཁོའི་ཡུན་ཕན་ནང་རྐྱེན་འཐུས་ཚང་དང་རྒྱ་བསྐྱེད་པ། འཛད་སྤྱོད་གཏིང་ཤུགས་འདོན་སྤེལ་ཡག་པོ། བསྟུད་མར་ནུས་ལྡན་མ་འཇོག་རྒྱ་བསྐྱེད་དེ། ནོར་སྲིད་ཐོན་ཁུངས་ཀྱི་སྒྲིག་སྦྱོར་ནུས་ཆོད་མཐོར་འདེགས་གཏོང་དགོས། ནུབ་ཕྱོགས་སུ་སྒོ་འབྱེད་པའི་འཐབ་ཇུས་མཐོ་ས་དང་རྒྱལ་སྤྱིའི་འགྲན་རྩོད་ཀྱི་རྟེན་གཞི་གསར་པ་འཛུགས་པའི་ནང་ཞུགས་ནས། སྒོ་འབྱེད་ཐབས་ལམ་དང་སྟེགས་བུ། ལྟེ་གནས་འཛུགས་སྐྱོང་བཅས་ལ་གཅིག་གྱུར་འཆར་འགོད་བྱས་ནས། སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་གསར་གཏོད་དང་འཕེལ་རྒྱས་གཏོང་དགོས་ཞེས་བསྟན།

ཚང་འཛོམས་གྲོས་ཚོགས་ཐོག དུས་རབས་གསར་པའི་རིག་གནས་དར་བའི་ཞིང་ཆེན་མགྱོགས་པོར་འཛུགས་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་ལག་བསྟར་བྱེད་དགོས་ལ། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ཇེ་དྲག གཙོ་རྒྱུག་གླེང་ཕྱོགས་ཀྱི་སྣེ་ཁྲིད་ཇེ་དྲག་བཏང་ནས། དུས་རབས་གསར་པའི་ཡ་རབས་སྤྱོད་བཟང་གསོ་སྐྱོང་བྱ་དགོས། སྤུས་ཚད་མཐོ་བའི་རིག་གནས་ཐོན་རྫས་དང་ཞབས་ཞུའི་འདོན་སྤྲོད་ཕུན་སུམ་ཇེ་ཚོགས་བཏང་ནས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པ་དང་། རིག་རྩལ་བརྩམས་ཆོས་རྩེ་གྲ་གསར་རྩོམ་ཡག་པོ། སྤྱི་པའི་རིག་གནས་ཀྱི་ཞབས་ཞུའི་མ་ལག་འཐུས་ཚང་གཏོང་དགོས། རིག་གནས་དང་ཡུལ་སྐོར་མཉམ་དུ་འཕེལ་རྒྱས་ཡག་པོ་བཏང་ནས། མཛེས་པའི་ཐེན་ཧྥུའུ་དང་སྐྱིད་པའི་སི་ཁྲོན་ཞེས་པའི་རིག་གནས་ཡུལ་སྐོར་ཚོང་རྟགས་བསྐྲུན་གང་ཐུབ་བྱེད་དགོས་ལ། ལུས་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་བྱ་དགོས་ཞེས་བཏོན།

ཚང་འཛོམས་གྲོས་ཚོགས་ཐོག འཕེལ་རྒྱས་བརྒྱུད་རིམ་ཁྲོད་དམངས་འཚོ་འགན་སྲུང་དང་ལེགས་བཅོས་རྒྱུན་འཁྱོངས་བྱེད་དགོས། སྤུས་ཚད་མཐོ་བའི་ལས་ཞུགས་མཁོ་འདོན་ཡག་པོ་དང་། ལས་ཞུགས་གཙིགས་འཛིན་གྱི་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱས་ནས། མི་ཚོགས་གཙོ་བོའི་ལས་ཀ་རག་པར་ཤུགས་འདོན་པ་དང་། མི་འབོར་སྤུས་མཐོའི་འཕེལ་རྒྱས་གཏོང་བ་དང་། བུ་བཙའ་དང་ཕྲུ་གུ་དམར་འབྱར་གྱི་ཞབས་ཞུའི་རྒྱབ་སྐྱོར་ཇེ་དྲག རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་ཐད་ཤུགས་འདོན་དགོས། སྤུས་ལེགས་དོ་སྙོམས་ཀྱི་སྤྱི་པའི་ཞབས་ཞུ་མཁོ་འདོན་རྒྱ་བསྐྱེད་པ་དང་། མི་དམངས་ཡིད་ཚིམ་པའི་སློབ་གསོའི་ལས་དོན་སྒྲུབ་པ། བདེ་ཐང་སི་ཁྲོན་མགྱོགས་པོར་འཛུགས་པ། རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་བཏང་ནས། ཆུ་ཚད་སྔར་ལས་མཐོ་བའི་སྡོད་ཁང་བསྐྲུ་དགོས། ཐུན་མོང་འབྱོར་ཕྱུག་གི་ལག་ལེན་བྱ་ཐབས་འཚོལ་ཞིབ་ཡག་པོ་དང་། རིམ་པ་མང་བའི་ཡོང་སྒོ་བགོ་བཤའི་མ་ལག་འཛུགས་སྐྱོང་། ཕན་ཀྲི་ཧྭའི་ཐུན་མོང་ཕྱུག་འགྱུར་གྱི་ཚོད་ལྟ་ཁུལ་མགྱོགས་པོར་བཙུགས་ནས། སྣ་མང་ཕྱུག་འགྱུར་གྱི་ཐབས་ལམ་ནུས་ལྡན་འཚོལ་ཞིབ་བྱ་དགོས་ཞེས་བསྟན།

ཚང་འཛོམས་གྲོས་ཚོགས་ཐོག་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་བརྟན་པོར་འཛུགས་དགོས།  འབག་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་མུ་མཐུད་ནས་གོང་དུ་སྤེལ་བ་དང་།  མཁའ་དབུགས་སྤུས་ཀ་མུ་མཐུད་ནས་ལེགས་བཅོས་གཏོང་བ།  ཆུའི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཇེ་ཟབ་བཏང་ནས། ས་རྒྱུ་འབག་བཙོག་ཉེན་ཁ་སྔོན་འགོག་ཚོད་འཛིན་ཇེ་དྲག་གཏོང་དགོས།  སྐྱེ་ཁམས་མ་ལག་སྣ་མང་ཅན་དང་བརྟན་བརླིང་ཅན། རྒྱུན་མཐུད་ཅན་བཅས་བརྟན་པོས་གོང་མཐོར་གཏོང་དགོས།  རྒྱལ་ཁབ་གླིང་ག་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་མགྱོགས་པོར་འཛུགས་སྐྲུན་དང་།  རི་ཆུ་ནགས་གསུམ་དང་།  ཞིང་ས་དང་མཚེའུ།  རྩྭ་ཐང་། བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་ལག་བསྟར་བྱེད་དགོས། ཁྱོན་ཡོངས་འཕེལ་རྒྱས་རྣམ་པའི་ཐོག་ནས་འབག་མེད་ཐན་ཉུང་ལུགས་སྒྱུར་གོང་དུ་སྤེལ་བ་དང་།  ཐན་དོ་སྙོམས་བརྟན་པོའི་ངང་གོང་སྤེལ་དང་མངོན་དུ་འགྱུར་བ།  འབག་མེད་ཐོན་སྐྱེད་འཚོ་བ་སྐྱེལ་སྟབས་ཆགས་པར་བྱེད་དགོས་ཞེས་བསྟན།

ཚང་འཛོམས་གྲོས་ཚོགས་ཐོག  ཆུ་ཚད་སྔར་བས་མཐོ་བའི་བདེ་འཇགས་སི་ཁྲོན་དང་ཁྲིམས་སྐྱོང་སི་ཁྲོན་འཛུགས་སྐྲུན་བྱེད་དགོས།  ཁྱོན་ཡོངས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བ་གོང་སྤེལ་ཟབ་མོ་དང་།  ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་།  ཁྲིམས་འཛིན་ནན་མོ།  ཁྲིམས་འཛིན་དྲང་བདེན།  དམངས་ཡོངས་ཀྱིས་ཁྲིམས་སྲུང་བ་བཅས་མཐུན་སྦྱོར་གོང་སྤེལ་གཏོང་དགོས།  བདེ་འཇགས་བཀོད་པ་གསར་པ་མགྱོགས་མྱུར་འཛུགས་པ་དང་།  རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་བློ་ཐག་རྦད་ཆོད་ཀྱིས་བརྟན་པོར་སྲུང་བ།  དཔལ་འབྱོར་ཉེན་མེད་དང་།  མི་དམངས་ཀྱི་ཚེ་སྲོག་ཉེན་མེད་ཡོང་བར་འགན་སྲུང་མཐའ་ཅིག་ཏུ་བྱེད་པ།  སྤྱི་པའི་བདེ་འཇགས་མཐའ་ཅིག་ཏུ་སྲུང་སྐྱོང་བྱེད་དགོས།  སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་གཏོང་བ་དང་།  སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་ལ་གཏོང་དགོས།  བབ་བསྟུན་དོ་དམ་མ་ལག་དང་ནུས་པ་དེང་རབས་ཅན་ལ་འགྱུར་ཅི་ཐུབ་བྱེད་དགོས་ཞེས་བསྟན།

ཚང་འཛོམས་གྲོས་ཚོགས་ཐོག སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པ་འགྲུབ་ཆེད་འབད་དེ། ཏང་གི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་དང་ཇེ་དྲག་གཏོང་དགོས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་མཆན་འགོད་གལ་ཆེན་གྱི་སྙིང་དོན་ལག་བསྟར་ལྟ་སྐུལ་ནང་རྐྱེན་འཐུས་ཚང་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་འགོ་ཁྲིད་ནུས་པ་དང་ཆུ་ཚད་མཐོར་འདེགས། མུ་མཐུད་དུ་ཏང་གི་ཆབ་སྲིད་ལེགས་ཆ་དང་རྩ་འཛུགས་ལེགས་ཆ་འཕེལ་རྒྱས་མཐུན་རྐྱེན་དང་བཅོས་སྐྱོང་ནུས་ཆོད་དུ་བསྒྱུར་དགོས། རྒྱུན་འཁྱོངས་ལྷོད་དུ་མེད་པར་ཁྱོན་ཡོངས་ཏང་ནན་སྐྱོང་གཏོང་དགོས་པ། མུ་མཐུད་དུ་ཆབ་སྲིད་བརྡར་ཤ་ནུས་པ་དང་ཆབ་སྲིད་གོ་རྟོགས་ནུས་པ། ཆབ་སྲིད་ལག་ལེན་ནུས་པ་མཐོར་བཏང་ནས། བྱང་ཚད་མཐོན་པོའི་ལས་བྱེད་དཔུང་ཚོགས་འཛུགས་སྐྱོང་ཇེ་དྲག་དང་། ཏང་གི་ཀུན་སྤྱོད་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་གཏོང་བ། བློ་བརྟན་འགྱུར་མེད་ཀྱིས་རུས་སུངས་ལ་ངོ་རྒོལ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཁག་ཐེག་བརྟན་པོ་བྱ་དགོས། ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་བསྡུས་བཀོད་སྒྲིག་དང་། འཆར་འགོད་གཏན་འབེབས་དང་ལག་ལེན་ནང་རྐྱེན་འཐུས་ཚང་། སྤྱི་ཚོགས་ཡོངས་ཀྱི་བརྩོན་སེམས་དང་རང་རྟོགས་གསར་གཏོད་ནུས་པ་ཡོངས་སུ་བཏོན་ནས། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ལས་སྒྲུབ་ལས་གཏོད་དང་གསར་གཏོད་བཟོ་བསྐྲུན་གྱི་ནུས་པ་ཡོངས་སུ་བསླང་དགོས་པར་ནན་གྱིས་བསྟན།

ཚང་འཛོམས་གྲོས་ཚོགས་ཐོག ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་སྙིང་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་ལེན་དོན་འཁྱོལ་ནི་མིག་སྔ་དང་ཕྱིན་ཆད་དུས་སྐབས་ཞིག་ཏུ་ཞིང་ཆེན་གོང་འོག་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཡིན་པས། མྱུར་དུ་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་དྲིལ་བསྒྲགས་ལག་བསྟར་གྱི་དར་སྲོལ་གཏོད་དགོས་ལ། ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་རིང་གི་ལོ་རྒྱུས་གོ་གནས་དང་གནས་བབ་འགྱུར་ལྡོག་ཁོང་དུ་ཡང་དག་ཆུད་ཅིང་། ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་དུས་ཀྱི་སི་ཁྲོན་འཕེལ་རྒྱས་ཀྱི་འགན་འཁྲི་གལ་ཆེན་དང་འཐབ་ཕྱོགས་ཁོང་དུ་ཡང་དག་ཆུད་པ། ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཐོ་རིམ་ཇུས་འགོད་དང་སྤྱིའི་ཇུས་འགོད་ཁོང་དུ་ཡང་དག་ཆུད་པ། ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་དུས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྩ་བའི་འགན་སྲུང་ཁོང་དུ་ཡང་དག་ཆུད་དེ། རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་ཀྱི་བསམ་བློ་ནི་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་འགྱུར་བྱ་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་ལག་ལེན་ཏན་ཏིག་བསྟར་ཞིང་། འབེན་ལ་དམིགས་ནས་དོན་ཐོག་འཁྱོལ་བར་དང་ལས་གཞི་ལ་དམིགས་ནས་དོན་ཐོག་འཁྱོལ་བ། ལས་འགན་ལ་དམིགས་ནས་དོན་འཁྱོལ་དང་རྒྱུ་རྐྱེན་ལ་དམིགས་ནས་དོན་ཐོག་འཁྱོལ་བ། འགན་འཁྲི་ལ་དམིགས་ནས་དོན་འཁྱོལ་བསྟར་ཏེ། དོ་དོ་ཏན་ཏན་གྱི་སྤྱོད་ཚུགས་ཀྱིས་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ཁག་གཞི་རིམ་དུ་ནུས་ཆོད་ལྡན་པ་དང་། མུ་མཐུད་དུ་སི་ཁྲོན་བཅོས་སྐྱོང་དར་རྒྱས་ཐད་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས་པ་བསྟན།

ཚང་འཛོམས་གྲོས་ཚོགས་ཐོག་ལོ་གསར་རྙིང་མཚམས་ཀྱི་ལས་ཀར་བླང་བྱ་བཏོན་ཏེ། འགན་ཁུར་ཞིང་འབད་པ་ལྡན་པ་དང་། ཚད་གཞི་མཇུག་བསྒྲིལ་དང་ཆབ་སྲིད་མཇུག་བསྒྲིལ། མ་དངུལ་མཇུག་བསྒྲིལ། མ་གཏོང་མཇུག་བསྒྲིལ་སོགས་ཀྱི་ལས་ཀ་གཅིག་འགྱུར་དམ་འཛིན་བྱས་ནས་ལོ་ཧྲིལ་པོའི་དམིགས་འབེན་འགྲུབ་གང་ཐུབ་བྱ་དགོས། ཚན་རིག་དང་མཐུན་པའི་བསམ་བློའི་ལས་ཀ་འཆར་འགོད་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་རིགས་ལམ་དང་དམིགས་འབེན་ལས་འགན། བྱེད་ཐབས་གལ་ཆེན། རྒྱུ་རྐྱེན་འགན་སྲུང་སོགས་ཀྱི་ཐད་བསམ་བློ་ཡག་པོ་གཏོང་བ་དང་འཆར་གཞི་ཡག་པོ་བཀོད་པ། ལས་ཞུགས་བརྟན་པོ་དང་ཁེ་ལས་བརྟན་པོ། ཚོང་ར་བརྟན་པོ། སྔོན་དཔག་བརྟན་པོ་ཡོང་བའི་སྲིད་ཇུས་བྱེད་ཐབས་འཐུས་ཚང་བཏང་ནས། དཔལ་འབྱོར་བརྟན་ཐོག་ཡར་འཕེལ་ཡོང་བའི་རྣམ་པ་བརྟན་པོ་དང་རྒྱ་བསྐྱེད་དགོས། དམངས་འཚོ་འགན་སྲུང་དང་ལེགས་འགྱུར་བྱེད་པ། མང་ཚོགས་གཙོ་བོ་གཅིག་བསྡུས་བྱས་ནས་བཅར་འདྲི་དང་འཚམས་འདྲིའི་ལས་ཀ་ཡག་པོ་བསྒྲུབ་དགོས། ཞིང་པ་གླ་པའི་གླ་ཕོགས་དུས་འགྱངས་བཅོས་སྐྱོང་ཡག་པོ་བྱེད་པ། དམངས་འཚོའི་ཚོང་རྫས་ཐོན་སྐྱེད་དང་སིལ་ཚོང་མཁོ་འདོན་བཅས་ལ་འགན་སྲུང་བྱེད་དགོས། དགུན་སྐྱེལ་བའི་ནུས་ཁུངས་འགན་སྲུང་སོགས་ཀྱི་ལས་ཀ་ཡག་པོ་བསྒྲུབ་པ། མི་དམངས་མང་ཚོགས་ཀྱིས་དྲོད་ཁོལ་ངང་དགུན་སྐྱེལ་བ་དང་སྤྲོ་སྐྱིད་ངང་ལོ་སར་བར་འགན་སྲུང་བྱེད་དགོས། སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་པོ་ཡོང་བའི་འགན་སྲུང་བྱེད་པ་དང་། ཉེན་མེད་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་བྱ་སྤྱོད་གཏིང་ཟབ་སྤེལ་བ། དུས་མཉམ་དུ་གཞུང་ལམ་ཉེན་མེད་དང་གྲོང་ཁྱེར་གྱི་སོལ་རླངས། གནོད་སེལ་རྒུད་སྐྱོབ་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་མེ་འགོག་དང་། དངུལ་རྩའི་ཉེན་ཁ་སྔོན་འགོག་ཚོད་འཛིན་སོགས་ལས་ཀ་གཙོ་བོ་ཡག་པོ་བསྒྲུབ་པ། འགལ་བ་དང་ཉེན་ཁ་སེལ་བ་དང་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་གི་ཆེད་དོན་བཅོས་སྐྱོང་བཅས་སྒྲུབ་གང་ཐུབ་བྱས་ནས། ཆུ་ཚད་མཐོ་བའི་བདེ་འཇགས་ཀྱིས་སྤུས་མཐོའི་འཕེལ་རྒྱས་ལ་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན།

ཚང་འཛོམས་གྲོས་ཚོགས་ཐོག ཀྲུང་གོ་གུང་ཁྲན་ཏང་གི་རྩ་འཛིན་དང་ཀྲུང་གོ་གུང་ཁྲན་ཏང་གི་ས་གནས་ཨུ་ལྷན་གྱི་ལས་ཀའི་སྲོལ་ཡིག་གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས། བློ་མཐུན་ལི་ཝུན་ཆིན་དང་། ཞ་ཧྥུང་ཅན། ཡོན་ཧྥང་། ཧྲིན་དབྱང་བཅས་སི་ཁྲོན་ནས་ལས་གནས་གཞན་ལ་བརྗེས་ཏེ་ཞིང་ཆེན་ཏང་ཨུའི་ཨུ་ཡོན་གྱི་ལས་འགན་དགོངས་ཞུར་ཆོག་མཆན་བཀོད་པ་དང་། བློ་མཐུན་ལི་ཝུན་ཞིན་སི་ཁྲོན་ནས་ལས་གནས་གཞན་ལ་བརྗེས་ཏེ་ཞིང་ཆེན་ཏང་ཨུའི་རྗེས་སྣོན་ཨུ་ཡོན་གྱི་ལས་འགན་དགོངས་ཞུར་ཆོག་མཆན་གནང་།

ཚང་འཛོམས་གྲོས་ཚོགས་ཐོག ཞིང་ཆེན་གོང་འོག་ཡོངས་ཀྱིས་སྔར་བས་དམ་ཟབ་ཀྱི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་བྱས་ཏེ། འགན་འཁྲི་ཕྲག་ཏུ་ལེན་པ་དང་། དཀའ་སྤྱད་སྡུག་རུས། འབད་པ་ལྷོད་མེད་ཀྱིས་དུས་རབས་ལ་ངོ་གནོང་མི་དགོས་པ་དང་། མི་དམངས་ལ་ངོ་གནོང་མི་དགོས་པའི་འཕེལ་རྒྱས་གྲུབ་འབྲས་གཏོད་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སི་ཁྲོན་གྱི་ལེའུ་གསར་པ་གཏོད་པར་འབད་པ་ལྷོད་མེད་བྱེད་པའི་འབོད་སྐུལ་བཏང་བ་རེད།