གེ་སར་སྒྲུང་གི་ཡུལ་སྐད་ཆེན་མོ་གསུམ་གྱི་གྲངས་གཞིའི་མཛོད་བཙུགས་པ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༡༡ ཚེས་ ༡༣

ཚེས་11ཉིན་མཚོ་སྔོན་ཞིང་ཆེན་གེ་སར་ལོ་རྒྱུས་སྙན་ངག་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ནས་གནས་ཚུལ་སྤེལ་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི《གེ་སར》སྒྲུང་གླུའི་སྨྱན་མང་གྲངས་གཞིའི་མཛོད་འཛུགས་པའི་དུས་མཚམས་དང་པོའི་རྣམ་གྲངས་ལ་རིགས་གཅིག་མཁས་ཅན་གྱིས་དཔྱད་ཞིབ་རྩིས་ལེན་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེས་ཀྲུང་གོའི་ཡུལ་སྐད་ཁུལ་ལས་བརྒལ་བའི་གྲངས་གཞིའི་མཛོད་ཐོག་མ་གྲུབ་ནས་སྒྲུང་ཚན་24དང་ཡིག་འབྲུ་ཁྲི་310ལྷག སྒྲུང་གླུའི་དུམ་བུ་1020ལྷག་ཙམ་བསྡུ་རུབ་བྱས་ནས་གེ་སར་ལོ་རྒྱུས་སྙན་ངག་སྲུང་སྐྱོབ་ཞིབ་འཇུག་བྱ་རྒྱུར་དངོས་དཔང་དཔྱད་གཞི་མཁོ་འདོན་བྱས་ཡོད།

《གེ་སར་རྒྱལ་པོའི་སྒྲུང》དང《ཧོ་མའི་ལོ་རྒྱུས་སྙན་ངག》《ཅིའར་ཅ་མེ་ཧྲིའི་ལོ་རྒྱུས་སྙན་ངག》བཅས་གསུམ་ལ་གོ་ལ་ཧྲིལ་པོའི་ལོ་རྒྱུས་སྙན་ངག་ཆེན་པོ་གསུམ་ཞེས་བརྗོད་ཀྱི་ཡོད། 2006ལོར《གེ་སར་རྒྱལ་པོའི་སྒྲུང》དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཁག་དང་པོའི་མིང་གཞུང་ནང་བཅུག་པ་དང་། 2009ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་སྒྲིག་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་བརྩམས་ཆོས་ཀྱི་མིང་གཞུང་ནང་བཅུག་པ་རེད།

མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པའི་ཀྲུང་གོའི་ལོ་རྒྱུས་སྙན་ངག་གཅིག་པུ་དེར་སྲུང་སྐྱོབ་དང་ཀྲུང་གོའི་མ་ལག་རང་བཞིན་གྱི་ཕབ་ལེན་དང་གཞུང་ཕྱོགས་ཀྱི་གཙོ་ཁྲིད་རྣམ་པའི་གྲངས་གཞིའི་མཛོད་ཀྱི་སྟོང་ཆ་སྐོང་ཆེད། ཡུལ་ཤུལ་ཁུལ་གྱིས《གེ་སར》སྒྲུང་གླུ་མྱུར་སྐྱོབ་ཟིན་འགོད་ཀྱི་སྨྱན་མང་གྲངས གཞིའི་མཛོད་འཛུགས་པའི་ལོ་གསུམ་འཆར་གཞི་ལག་བསྟར་བྱེད་འགོ་ཚུགས་ཡོད། དུས་མཚམས་དང་པོའི་རྣམ་གྲངས་དེ“མྱུར་སྐྱོབ་རང་བཞིན་གྱི་ཟིན་འགོད”བྱེད་པའི་ལྟེ་བར་དམིགས་ནས་རྒྱབ་ལྗོངས་ཀྱི་དོན་སྙིང་དང་ལག་བསྟར་ཞིབ་ཆ། ཕན་འབྲས་རིན་ཐང་བཅས་ཀྱི་ཐད་ནས་སྐུལ་འདེད་བཏང་སྟེ། རྗེས་མཐུད་ཀྱི་སྲུང་སྐྱོབ་ཞིབ་འཇུག་ལས་དོན་ལ་རྨང་གཞི་བཏིང་ཡོད།

རྣམ་གྲངས་དེས་དུས་ཁག་གཉིས་སུ་དབྱེ་ནས་སྒྱུ་རྩལ་པ་122བདམས་ཡོད་པ་དང་། དེའི་ནང་ཡུལ་ཤུལ་གྱི་སྒྱུ་རྩལ་པ་20དང་། གཞན་ད་དུང་ཨ་མདོ་དང་དབུས་གཙང་། ཁམས་བཅས་ཡུལ་སྐད་ཆེན་པོ་གསུམ་གྱི་སྒྱུ་རྩལ་པ་102ཡོད་ཅིང་། ལོ་6ནས་ལོ་86བར་ཡོད་པ་དང་། ཆེད་ལས་རང་བཞིན་དང་སྣ་མང་རང་བཞིན་གཉིས་ཀར་ལྟ་རྟོག་བྱས་ཡོད། “ཡུལ་ཤུལ་གྱི་ཁྱད་ཆོས་དང་ཆ་ཚང་རང་བཞིན། འཐུས་ཚབ་རང་བཞིན”བཅས་གསུམ་ཀ་ལྡན་རྒྱུར་དམིགས་ཏེ། སྤྱིའི་ཞིབ་ཐོ་66བདམས་ཤིང་། དུས་མཚམས་དང་པོར་ལེའུ་23ཀྱི་སྒྲ་ཕབ་ལེན་བྱས་ཡོད་པ་དང་། དེའི་ནང་ལྟེ་བའི་སྒྲུང་ཚན་11དང་ཁྱད་ཆོས་ལྡན་པའི་སྒྲུང་ཚན་12ཡོད། སྒྲ་ཕབ་ཀྱི་སྤྱིའི་དུས་ཡུན་ཆུ་ཚོད་300ལས་བརྒལ་ཡོད།

རྣམ་གྲངས་འདི་ལག་བསྟར་བྱས་པ་དེས་དགུང་ལོ་མཐོ་བའི་སྒྱུ་རྩལ་པ་5ཡི་ཐུན་མོང་མ་ཡིན་པའི་ལེན་སྟངས་ཉར་འཇོག་ཐུབ་ཡོད་པ་དང་། “སྒྲ་ཕབ་དང་ཡིག་དེབ”གཉིས་ཀ་ཡོད་པའི་ཚད་ལྡན་ཅན་གྱི་ཐོན་ཁུངས་ཁག་དང་པོ་དེ་གྲུབ་ཡོད། དེ་དང་ཆབས་ཅིག ཡུལ་སྐད་ཁུལ་ཆེན་པོ་གསུམ་གྱི་སྒྱུ་རྩལ་པ་སྒྲིག་འཛུགས་བྱས་ནས་རྣམ་པ་མི་འདྲ་བའི་ལེན་སྟངས་བསྡུ་རུབ་བྱས་ཏེ། ཀྲུང་གོའི་ཡུལ་སྐད་ཁུལ་ལས་བརྒལ་བའི་གྲངས་གཞིའི་མཛོད་ཐོག་མའི་ལྟེ་བའི་རྒྱུ་ཆ་འཚོལ་སྡུད་བྱས་ཡོད་ཅིང་། གེ་སར་ལོ་རྒྱུས་སྙན་ངག་སྲུང་སྐྱོབ་ཞིབ་འཇུག་དེ“ཐར་ཐོར་མྱུར་སྐྱོབ”བྱེད་པ་ནས་མ་ལག་དང་ལྡན་པའི་སྲུང་སྐྱོང་བྱེད་པའི་བར་དང་། རང་ས་གནས་སུ་རྒྱུན་འཛིན་བྱེད་པ་ནས་ས་ཁོངས་ལས་བརྒལ་ནས་མཉམ་འགུལ་བྱེད་པའི་བར། ཟིན་འགོད་ཁོ་ན་བྱེད་པ་ནས་སློབ་གསོ་ནུས་སྤྲོད་བར་བཅས་ཀྱི་མཆོང་སྐྱོད་ཆེན་པོ་གསུམ་མངོན་འགྱུར་བྱུང་ཡོད། ༼སྒྲིག་སྒྱུར། ལྷ་སྟག་མཚོ།༽