སྲིད་གྲོས་མཛོད་དགེ་རྫོང་སྐབས་བཅོ་ལྔ་པའི་ཨུ་ཡོན་ལྷན་ཚོགས་ཀྱི་ཆབ་སྲིད་ཆུ་ཚད་དང་འགན་ནུས་གསོ་སྦྱོང་འཛིན་གྲྭ་ཚོགས་འགོ་ཚུགས།

སྲིད་གྲོས་ཨུ་ཡོན་གྱི་ཆབ་སྲིད་བྱང་ཚད་དང་གཞུང་ལུགས་ཀྱི་ཆུ་ཚད། འགན་འཁྲི་སྒྲུབ་པའི་ནུས་པ་བཅས་སྔར་བས་ཆེ་རུ་གཏོང་བ་དང་། སྲིད་ཞུགས་སྲིད་གྲོས་དང་དམངས་གཙོ་ལྟ་སྐུལ། ཆབ་སྲིད་གྲོས་མོལ་བཅས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱ་ཆེད། སྤྱི་ཟླ་11པའི་ཚེས་10ཉིན། སྲིད་གྲོས་མཛོད་དགེ་རྫོང་སྐབས་བཅོ་ལྔ་པའི་ཨུ་ཡོན་གྱི་ཆབ་སྲིད་ཆུ་ཚད་དང་འགན་ནུས་གསོ་སྦྱོང་འཛིན་གྲྭ་འཚོགས་པ་རེད། སྲིད་གྲོས་སྐབས་བཅོ་ལྔ་པའི་ཨུ་ཡོན་ཡོངས་གསོ་སྦྱོང་ནང་ཞུགས་ཡོད།

གསོ་སྦྱོང་དེ་དུས་རབས་གསར་པའི་སྲིད་གྲོས་ལས་དོན་གྱི་གནས་བབ་གསར་པ་དང་ལས་འགན་གསར་པ། བླང་བྱ་གསར་པ་བཅས་དང་དམ་པོར་འབྲེལ་ནས་ནང་དོན་ཕུན་སུམ་ཚོགས་ལ་དམིགས་སའི་རང་བཞིན་ཆེན་པོ་ལྡན། གསོ་སྦྱོང་ཚོགས་འདུའི་ཐོག་སློབ་ཁྲིད་ཆེད་མཁས་པས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་བཞི་པའི་དགོངས་དོན་སོགས་གཙོ་གནད་ནང་དོན་ལ་གཞིགས་ནས་གོ་རིམ་ལྡན་པའི་སྒོ་ནས་འགྲེལ་བཤད་གནང་། གསོན་ཉམས་ལྡན་པའི་གྱོད་དཔེ་དང་ཟུང་འབྲེལ་བྱས་ནས་སྲིད་གྲོས་ལས་དོན་གྱི་ངོ་བོ་དང་གོ་གནས། ནུས་པ་བཅས་ལ་གསལ་འགྲེལ་བྱས། ཨུ་ཡོན་རྣམས་ཀྱི་འགན་འཁྲི་སྒྲུབ་པའི་དབང་ཆ་དང་། འོས་འགན་དང་ཞིབ་ཕྲའི་བྱ་ཐབས་བཅས་རྒྱས་བཤད་ཞིབ་ཕྲ་བྱས་ཏེ། ཨུ་ཡོན་རྣམས་ཀྱིས་བསམ་འཆར་ལེགས་འདོན་གྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བར་མཛུབ་སྟོན་གསལ་པོ་གནང་།

གསོ་སྦྱོང་བྱས་པ་བརྒྱུད་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་སྲིད་གྲོས་ལས་དོན་ལ་ངོས་འཛིན་ལེགས་པོ་བསྐྱེད་དེ། སྲིད་གྲོས་ཨུ་ཡོན་རྣམས་ཀྱི་ཕྱོགས་བསྡུས་བྱང་ཚད་དང་འགན་འཁྲི་སྒྲུབ་པའི་ནུས་པ་མཐོ་རུ་བཏང་ནས། སྲིད་གྲོས་མཛོད་དགེ་རྫོང་སྐབས་བཅོ་ལྔ་པའི་ཨུ་ཡོན་ལྷན་ཚོགས་ཀྱི་ལས་དོན་ཁག་བདེ་བླག་ངང་སྤེལ་བར་རྨང་གཞིག་ལེགས་པོ་བཏིང་། ༼འཕྲིན་སྤེལ་བ། བཀྲ་ཤིས་ལྷ་མོ།༽
