མཛོད་དགེ་རྫོང་གིས་རྒྱལ་ཡོངས་མེ་འགོག་ཉིན་མོ་34པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༡༡ ཚེས་ ༡༡

རྫོང་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་ནགས་ཚལ་རྩྭ་ཐང་གི་མེ་འགོག་འདུ་ཤེས་དང་བདེ་འཇགས་འདུ་ཤེས་ཆེ་རུ་བཏང་ནས་ནགས་སྲུང་མེ་འགོག་གི་ཁོར་ཡུག་ལེགས་པོ་བསྐྲུན་ཆེད། ཉེ་ཆར། མཛོད་དགེ་རྫོང་གིས་རྒྱལ་ཡོངས་མེ་འགོག་ཉིན་མོ་34པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ།

བྱེད་སྒོ་སྤེལ་ཡུལ་དུ་ལས་དོན་མི་སྣས་འགྲོ་འོང་མང་ཚོགས་ལ་བོད་རྒྱ་སྐད་གཉིས་ཀྱི་སྒྲོག་དེབ་བཀྲམ་པ་སྟེ། 《ནགས་ཚལ་མེ་འགོག་སྲོལ་ཡིག》སོགས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་ལམ་ལུགས། མེ་འགོག་ཤེས་བྱ་བཅས་འགྲེལ་བཤད་དང་ཁྲིམས་ལྟར་མེ་སྤྱོད་པའི་གལ་ཆེའི་རང་བཞིན་གསལ་བཤད་བྱས་ཏེ། བདེ་འཇགས་ངང་མེ་སྤྱོད་པའི་འདུ་ཤེས་རུ་སྡེ་ཀུན་ལ་བསྒྲགས།

དྲིལ་བསྒྲགས་བྱེད་སྒོ་དེས་རྫོང་ཡོངས་ཀྱི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ནགས་ཚལ་རྩྭ་ཐང་གི་མེ་འགོག་མེ་གསོད་འདུ་ཤེས་ལེགས་པོ་བསྐྱེད་དེ། ཚང་མར་ནགས་ཚལ་རྩྭ་ཐང་གི་མེ་འགོག་མེ་གསོད་བཅའ་ཁྲིམས་ལ་བརྩི་སྲུང་སྒོས་མེ་སྤྱོད་པའི་གོམས་གཤིས་ངན་ལ་གཏན་འགོག་དང་། མེ་སྤྱོད་ཚད་ལྡན་ལག་ལེན་དུ་བཏབ་པར་ཁྲིད་སྟོན་བྱས། རྒྱུས་ལོན་པ་ལྟར་ན། བྱེད་སྒོར་བསྡོམས་པས་སྒྲོག་ཡིག་500ལྷག་དང་སྒྲོག་དངོས་1200ལྷག་བྱིན། ༼འཕྲིན་སྤེལ་བ། བཀྲ་ཤིས་ལྷ་མོ།༽