རང་རྒྱལ་གྱིས་ཨ་ཐི་ལ་སི་ཞེས་པའི་སྐར་མའི་གོ་ལ་ཞིག་རྙེད་འདུག

གསར་འགོད་པས་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུད་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་ཆར་གནམ་འདྲི་ཨང་དང་པོའི་གདུབ་སྐོར་འཕྲུལ་ཆས་ཀྱིས་དབྱེ་འབྱེད་ཚད་མཐོ་བའི་པར་ཆས་སྤྱད་དེ། སྐར་མའི་གོ་ལར་ལྟ་ཞིབ་ཚད་ལེན་ལེགས་འགྲུབ་བྱུང་བ་དང་། ཨ་ཐི་ལ་སི་(༣༡/ATLAS)འདི་ཡང་རང་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་འཕྲུལ་ཆས་ཀྱིས་ཐེངས་དང་པོར་སྐར་མའི་གོ་ལར་ལྟ་ཞིབ་ཚད་ལེན་བྱས་པ་ཡིན་ལ། གནམ་འདྲི་ཨང་དང་པོའི་གདུབ་སྐོར་འཕྲུལ་ཆས་ཨང་དང་པོ་དེ་དམིགས་ཚད་སྐར་མའི་གོ་ལ་དང་བར་ཐག་སྟོང་སྨི་ཁྲི་༣༠༠༠ཙམ་ཡོད་པ་དང་། འདི་ནི་ད་ལྟའི་བར་སྐར་མའི་གོ་ལ་དེར་བརྟག་དཔྱད་ཚད་འཇལ་བྱས་མྱོང་ཞིང་། བར་ཐག་ཆེས་ཉེ་ཤོས་ཀྱི་འཚོལ་ཞིབ་འཕྲུལ་ཆས་ཤིག་ཡིན།
ཨ་ཐི་ལ་སི་ནི་༢༠༢༥ལོར་ཟླ་༧པའི་ཚེས་༡ཉིན་ཀྲི་ལི་ན་ཡོད་པའི་སྐོར་ཞིབ་རྒྱང་ཤེལ་གྱིས་རྙེད་པ་དང་། འདི་ནི་ཉི་མའི་ཁྱིམ་རྒྱུད་ལ་བཅར་འདྲི་བྱས་པའི་སྐར་མའི་གོ་ལ་གསུམ་པ་དེ་ཡིན་ལ། འཁྱོག་ཐིག་གཉིས་ལྡན་གྱི་འཁོར་ལམ་བརྒྱུད་ནས་ཉི་མའི་ཁྱིམ་རྒྱུད་བརྒྱུད་ཡོད། སྐར་མའི་གོ་ལ་དེ་ནི་དགུ་ཚིགས་ཁྱིམ་རྒྱུད་ཀྱི་ལྟེ་བར་གནས་ཡོད་པའི་གནའ་བོའི་བརྟན་སྐར་གྱི་མཐའ་འཁོར་དུ་ཆགས་ཡོད་ལ། ཚོད་དཔག་བྱས་ན་ད་ལྟའི་བར་ཧ་ལམ་ལོ་དུང་ཕྱུར་༣༠ནས་དུང་ཕྱུར་༡༡༠བར་གནས་ཡོད་པས། ཉི་མའི་ཁྱིམ་རྒྱུད་ཀྱི་ལོ་ཚོད་ལས་ཀྱང་ཆེ་ཤོས་ཡོད་པ་རེད། འདི་ནི་རྒྱུ་སྐར་གཞན་པའི་གྲུབ་ཆ་དང་། རིམ་འགྱུར། སྔ་དུས་ཀྱི་བརྟན་སྐར་ལོ་རྒྱུས་འཚོལ་ཞིབ་བྱེད་པར་དཀོན་པའི་མ་དཔེ་ཞིག་ཡིན་པར་བརྟེན། ཚན་རིག་གི་དོན་སྙིང་གལ་ཆེན་ལྡན།

དབྱེ་འབྱེད་ཚད་མཐོ་བའི་པར་ཆས་ལས་ས་ངོས་ཉེར་སྤྱོད་མ་ལག་གིས་བསྡུ་ལེན་དང་ཐག་གཅོད་བྱས་རྗེས་གཞི་གྲངས་མངོན་པ་ལྟར་ན། པར་རིས་ཁྲོད་སྐར་མའི་གོ་ལ་འདིར་སྐར་མ་དུ་བ་མཇུག་རིང་གི་ཁྱད་ཆོས་མངོན་གསལ་ཡོད་པ་དང་། སྐར་མའི་གོ་ལའི་ཉིང་རྡུལ་དང་དེའི་མཐའ་འཁོར་གྱི་སྐར་མ་དུ་བ་མཇུག་རིང་གི་ཐུན་མོང་གིས་གྲུབ་ཡོད་ཅིང་། ཚངས་ཐིག་ལ་སྟོང་སྨི་སྟོང་ཕྲག་ཁ་ཤས་ཡོད། ཚན་རིག་ཞིབ་འཇུག་མི་སྣས་བསྟུད་མར་སྐར་ཆ་༣༠རིང་པར་བླངས་པའི་པར་རིས་བརྒྱུད་དེ་བཟོས་པའི་འགུལ་རིས་གཟུགས་བརྙན་གྱིས་སྐར་མའི་གོ་ལ་དེའི་འགུལ་སྐྱོད་ལམ་ཐིག་གསལ་བོར་མངོན་ཡོད། ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་འདི་དག་བརྒྱུད་ནས་ཚན་རིག་ཞིབ་འཇུག་མི་སྣས་གོམ་གང་མདུན་སྤོས་ཀྱིས་ཨ་ཐི་ལ་སི་ལ་ཞིབ་འཇུག་གཏིང་ཟབ་བྱེད་བཞིན་ཡོད།
ཨ་ཐི་ལ་སི་ལ་རྒྱལ་ཁའི་ངང་ལྟ་ཞིབ་ཚད་ལེན་བྱེད་ཐུབ་པ་ནི་གནམ་འདྲི་ཨང་དང་པོའི་སྔོན་ལས་བརྒལ་བའི་ལས་འགན་གལ་ཆེན་ཞིག་ཡིན་པ་དང་། འཚོལ་ཞིབ་ཚད་ལེན་ཡོ་བྱད་སྤྱད་དེ་གནམ་འདྲི་ཨང་གཉིས་པར་རྒྱུ་སྐར་ཆུང་ཆུང་འཚོལ་ཞིབ་ཚད་ལེན་བྱེད་པར་ལག་རྩལ་ཚོད་ལྟ་དང་ཉམས་མྱོང་གསོག་འཇོག་བྱས་ཡོད།
གནམ་འདྲི་དང་པོའི་འཚོལ་ཞིབ་ཡོ་བྱད་༢༠༢༡ལོའི་ཟླ་༢པར་སྐར་མ་མིག་དམར་གྱི་སྐོར་ལམ་དུ་བསྐྱོད་པ་དང་། ད་བར་ལོ་༤དང་ཟླ་༨ བརྟན་པོར་འཁོར་ཞིང་ད་དུང་སྔར་བཞིན་འཁོར་སྐྱོད་བྱེད་བཞིན་ཡོད།
