སེ་འབྲུ་བཞིན་སེམས་པ་གཅིག་ཏུ་སྦྲེལ་ནས་འཕྲོད་བསྟེན་བདེ་ཐང་གི་ཞབས་ཞུ་ལེགས་པོ་བཏོན།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༡༠ ཚེས་ ༢༢

གཞི་རིམ་ལ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ལེགས་པོ་བཏོན་ནས“མི་དམངས་ཀྱི་བདེ་ཐང་གཙིགས་སུ་འཛིན་པའི”སྙིང་དོན་ལག་ལེན་དུ་བསྟར་ཆེད། མཛོད་དགེ་རྫོང་སྨན་བཅོས་ཐུན་མོང་སྒྲིག་གཞི་ཐང་སྐོར་ཡན་ལག་སྨན་ཁང་གིས་ཐང་སྐོར་གྲོང་རྡལ་རྨ་ཁུག་ཐང་ཆེན་དུ་མང་ཚོགས་ལས་ཀ“སེ་འབྲུ་ལས་གཞི”འོས་འགན་སྨན་བཅོས་བྱེད་སྒོ་སྤེལ།

ཡུལ་དངོས་ནས་བདེ་ཐང་ཞབས་ཞུ་ལེགས་པོ་བཏོན་ནས་མང་ཚོགས་ཀྱི་བདེ་ཐང་བྱང་ཚད་མཐོ་རུ་བཏང་། རྒྱུན་མཐོང་གི་ནད་རིགས་འགོག་བཅོས་དང་འཕྲོད་བསྟེན་བདག་སྐྱོང་ལ་དོ་ཁུར་ཡོད་པའི་སྒོ་ནས། ལོ་ལོན་དང་གཅོད་ནད་ནད་པའི་བདེ་ཐང་གི་དགོས་མཁོ་སྐོང་བར་དམིགས་ནས། “སྔ་འགོག་སྔ་བཅོས་དང་འཕྲོད་བསྟེན་བདེ་ཐང་སྲུང་འཛིན”གྱི་སྡེ་ཁུལ་བསྐྲུན།

 

བྱེད་སྒོ་སྤེལ་ཡུལ་དུ་སྨན་པ་རྣམས་ཀྱིས་མང་ཚོགས་ལ་རིན་མི་དགོས་པར་ནད་ལ་བརྟག་པ་སྟེ། དེ་རུ་ནད་རིགས་རིམ་བཤེར་དང་རྨང་གཞིའི་བརྟག་དཔྱད། བདེ་ཐང་སྒྲོག་འགྲེལ་སོགས་ཀྱི་ནང་དོན་འདུས། མང་ཚོགས་ལ་ཁྲག་ཤེད་དང་ཁྲག་མངར་འཇལ་བར་མ་ཟད། རུས་ཚིགས་ཆེ་བའི་ནད་པར་གཤགས་བཅོས་བྱ་དགོས་མིན་གསལ་པོར་བརྟག །ཚད་ལྡན་ཅན་གྱི་དཔྱད་འཇོག་ཐབས་ལམ་བརྒྱུད་ཉེན་ཆེའི་ཚོགས་སྡེ(དཔེར་ན་ལོ་ལོན་ནམ་གཅོང་ནད་ཡོད་མཁན)ངོས་འཛིན་གསལ་པོར་བྱས་ཏེ། སྔ་ནས་འགོག་བཅོས་བྱ་རྒྱུ་མངོན་འགྱུར་བྱུང་བར་མ་ཟད། རིན་མི་དགོས་པར་སྨན་རྫས་དང་བདེ་ཐང་ལག་དེབ། དབྱུག་རྟན། ཆར་ལྭ། སྣུམ་དེམ་དང་ཚྭ་ཁོག་སོགས་བདེ་ཐང་དངོས་ཟོག་བྱིན། སྨན་པ་རྣམས་ཀྱིས་བརྟག་དཔྱད་བྱས་པའི་མཇུག་འབྲས་ལ་དམིགས་ནས་ལྟ་སྐྱོང་ཐབས་ཇུས་བཏོན་ནས། མང་ཚོགས་ཀྱི་བློ་ལ་བདེ་ཐང་གི་འཚོ་བ་རོལ་སྟངས་ངེས་སུ་བཅུག