ལི་ཐང་བསྟན་འཛིན་སོགས་ཀྱིས་འཁྲབ་པའི་གློག་བརྙན་གསར་པ་ཞིག་སྟོན་ལ་ཉེ།
ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༡༠ ཚེས་ ༢༡

ཟླ10ཚེས་20ཉིན། གློག་བརྙན《སུམ་པའི་རྒྱལ་ཕྲན་འཚོལ་བ》ཞེས་པའི་བརྙན་ཕབ་ལེགས་གྲུབ་མཛད་སྒོ་ཤམ་བྷ་ལ་གསོལ་མགྲོན་ཁང་དུ་འཚོགས་པ་རེད།

གློག་བརྙན་དེའི་འཁྲབ་ཁྲིད་པ་ནི་འཁྲབ་ཁྲིད་པ་གྲགས་ཅན་ལྷ་དཔལ་རྒྱལ་ཡིན་ཞིང་། བརྙན་ལེན་ཡུལ་ནི་སྙན་པའི་གྲགས་པ་ཕྱོགས་བཞིར་ཁྱབ་པའི་ནག་ཆུའི་གསའ་ཕུ་གངས་རིའི་འདབས་སུ་རེད།

གློག་བརྙན་དེ་འཁྲབ་མཁན་གཙོ་བོ་བསྟན་འཛིན་བརྩོན་འགྲུས་དང་བསོད་ནམས་དབང་མོ་སོགས་ཡིན་ཞིང་། གློག་བརྙན་དེའི་ནང་དོན་གཙོ་བོ་ནི་བུ་མོ་དབྱངས་ཅན་ལྷ་མོ་དང་སྣེ་ཤན་པ་པད་མ་སྟེས་དབང་གི་ཐུག་འཕྲད་བྱུང་རྗེས། ལས་འཕྲོའི་མདུད་པ་ཐེབས་ནས་མཉམ་དུ་འབྲོག་ཁུལ་དང་རྩྭ་ཐང་དུ་ཕུགས་འདུན་དོན་དུ་གཉེར་བའི་སྐོར་བརྗོད་པ་གང་ཞིག ཡིད་དུ་འོང་བའི་ནག་ཆུའི་རང་བྱུང་གི་མཛེས་ལྗོངས་དང་ཡུལ་སྲོལ་གོམས་འདྲིས་སོགས་ཇི་མ་ཇི་བཞིན་མཚོན་པར་བྱས་ཡོད།
