འབའ་ཐང་རྫོང་དུ་སླེ་གྲུག་འགྲན་སྡུར་འདི་འདྲ་ཞིག་སྤེལ་བཞིན་ཡོད།
ཡོང་ཁུངས། ཁམས་པའི་དྲ་བ།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༡༠ ཚེས་ ༡༥

སྤྱི་ཟླ་10པའི་ཚེས་11ཉིན། འབའ་ཐང་རྫོང་ལུས་རྩལ་ཁང་དུ་2025ལོའི་དམངས་ཡོངས་ཀྱི་ལུས་སྦྱོང“མི་རིགས་མཐུན་སྒྲིལ་གཟེངས་བུམ”གྱི་སླེ་གྲུག་འགྲན་སྡུར་དངོས་སུ་འགོ་བཙུགས་པ་རེད། ད་ཐེངས་ཀྱི་འགྲན་སྡུར་ནང་རུ་ཁག་7ཞུགས་ཡོད་ཅིང་། ཉིན་བརྒྱད་ཀྱི་དུས་ཚོད་ནང་འགྲན་སྡུར་22སྤེལ་དགོས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི“མི་རིགས་མཐུན་སྒྲིལ་གཟེངས་བུམ”སླེ་གྲུག་འགྲན་སྡུར་ནི་འབའ་ཐང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པ་དང་། རྫོང་སློབ་གསོ་ལུས་རྩལ་ཅུས་ཀྱི་སྒྲུབ་འགན་འཁུར་བ་རེད། འགྲན་སྡུར་ནང་ཞུགས་པའི་རུ་ཁག་7ནི་གྲོང་རྡལ་དང་ལས་ཁུངས་སོ་སོའི་རུ་ཁག་ཡིན་ལ། བྱེད་སྒོ་འདི་ནི་མི་རིགས་ཁག་གི་མང་ཚོགས་འགྲོ་འོང་མཉམ་འདྲེས་བྱེད་པའི་གོ་སྐབས་ཤིག་ཀྱང་ཡིན་པ་རེད།
