2025ལོའི་ནོ་པེར་རྩོམ་རིག་བྱ་དགའ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། ཁམས་པའི་བརྙན་འཕྲིན་གྱི་དྲ་བ།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༡༠ ཚེས་ ༡༡

སི་ཝེས་དན་སི་ཐེ་ཁོར་མོའི་ས་གནས་དེ་གའི་དུས་ཚོད་ཉིས་སྟོང་ཉེར་ལྔ་ལོའི་ཟླ་བ་བཅུ་པའི་ཚེས་དགུ་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་དང་པོ་སྟེ། པེ་ཅིན་གྱི་དུས་ཚོད་ཕྱི་དྲོའི་ཆུ་ཚོད་བདུན་པར། སི་ཝེས་དན་སློབ་གླིང་གིས་2025ལོའི་ནོ་པེར་རྩོམ་རིག་བྱ་དགའ་ཧང་གྷ་རིའི་རྩོམ་པ་པོ་ལ་སི་ལོ་ཁ་སཱ་ཙིས་ནཱ་ཧོ་ཁའེ་ལ་གནང་ནས། ཁོང་གི་མི་སེམས་འགུག་ཅིང་མིག་རྒྱང་རིང་བའི་བརྩམས་ཆོས་ཀྱིས་འཇིག་རྟེན་དུས་མཐའི་འཇིགས་སྣང་ཁྲོད། སྒྱུ་རྩལ་གྱི་སྟོབས་ཤུགས་ཡང་བསྐྱར་ར་སྤྲོད་བྱས་པར་གཟེངས་བསྟོད་གནང་བ་རེད།