ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཝུའུ་ལུའུ་མུའུ་ཆིར་ཕེབས་འབྱོར་ཟིན་པ་དང་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་བྱེད་སྒོར་ཞུགས་གནང་བ།
ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཝུའུ་ལུའུ་མུའུ་ཆིར་ཕེབས་འབྱོར་ཟིན་པ་དང་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་བྱེད་སྒོར་ཞུགས་གནང་བ། ཝང་ཧུའུ་ཉིང་དང་ཚའེ་ཆི་གནམ་གྲུ་གཅིག་ནང་ལྷན་བཞུགས་ཀྱིས་ཕེབས་པ།

སྤྱི་ཚེས་23ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཆེད་གཏོང་གནམ་གྲུར་བཞུགས་ནས་ཝུའུ་ལུའུ་མུའུ་ཆིར་ཕེབས་འབྱོར་ཟིན་པ་དང་། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་བྱེད་སྒོར་ཞུགས་གནང་རྒྱུ་རེད། ཞི་ཅིན་ཕིང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཡིན་པའི་ངོས་ནས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཤིན་ཅང་དུ་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་པའི་རྟེན་འབྲེལ་བྱེད་སྒོར་ཞུགས་པ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན་ཞིང་། དེ་ལས་ཏང་ཀྲུང་དབྱང་གིས་ཤིན་ཅང་གི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་ཤིན་ཅང་གི་མི་རིགས་ཁག་གི་མང་ཚོགས་ལ་བྱམས་བརྩེའི་ཐུགས་ཁུར་གནང་བ་གང་ལེགས་མཚོན་གྱི་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ཨུད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་ཝང་ཧུའུ་ཉིང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ཨུད། ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་ལྷན་དུ་ཕེབས་ཡོད།
སྟོན་དུས་སུ་ཤིན་ཅང་གི་ས་གཞི་ཆེན་མོར་ལོ་ལེགས་ཀྱི་རྣམ་པས་ཁེངས་ཤིང་། ཝུའུ་ལུའུ་མུའུ་ཆིའི་ཐེན་ཧྲན་རྒྱལ་སྤྱིའི་གནམ་ཐང་དུ་དགའ་སྤྲོའི་རྣམ་པས་ཡོངས་སུ་ཁེངས་ཡོད།


ཆུ་ཚོད་14དང་སྐར་མ་20ཙམ་ལ་ཞི་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་ཐེན་ཧྲན་རྒྱལ་སྤྱིའི་གནམ་ཐང་དུ་བབས་པ་དང་བསྟུན་གནམ་ཐང་དུ་ཕེབས་སྒུག་ཞུ་མཁན་ཤིན་ཅང་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ཚོས་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་། ཞི་ཅིན་ཕིང་མཆོག་གནམ་གྲུའི་སྒོ་ནས་ཕྱིར་ཕེབས་ཏེ་མང་ཚོགས་ལ་ཕྱག་གཡུག་གཡུག་གིས་གུས་ལན་གནང་བ་རེད།




ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཞའོ་ཅང་དང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་ཨེར་ཁེན་.ཐུའུ་ཉི་ཡ་ཙེ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཙུའུ་མུའུ་རེ་ཐི་.ཝུའུ་པུའུ་ལི། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ནུར་ལན་.ཨ་པུའུ་ཏུའུ་མན་ཅིན། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེའི་ཆབ་སྲིད་ཨུ་ཡོན་ཧོ་ཀྲུང་ཡིའུ་སོགས་ཀྱིས་གནམ་གྲུའི་སྐས་འཛེག་གཤམ་དུ་ཕེབས་བསུར་བཅར་ཡོད་པ་རེད། ཞི་ཅིན་ཕིང་སྐས་འཛེག་ནས་མར་ཕེབས་སྐབས་ལོ་ཆུང་གདོང་ལེན་རུ་མིས་མེ་ཏོག་སོས་པ་ཕུལ་བ་རེད། མི་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མིས་མི་རིགས་ཀྱི་རྒྱན་གོས་གྱོན་པ་དང་གླུ་ལེན་གར་འཁྲབ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པར་དགའ་བསུ་ཞུས་པ་དང་སྤྱི་ཁྱབ་ཧྲུའུ་ཅིར་སྙིང་དབུས་ནས་སྨོན་འདུན་བཟང་པོ་ཞུས་པ་རེད།
ཝུའུ་ལུའུ་མུའུ་ཆིའི་གྲོང་ཁྱེར་ཡོངས་སུ་དུས་ཆེན་གྱི་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། གནམ་ཐང་ནས་བཞུགས་གནས་བར་གྱི་ཁྲོམ་གཞུང་གཙོ་བོའི་གཡས་གཡོན་དུ་ཚོན་ཁྲ་ཅན་གྱི་དར་ཆ་ལྷབ་ལྷུབ་ཏུ་གཡོ་བ་དང་མི་རིགས་ཁག་གི་མང་ཚོགས་ཀྱིས་ལག་ཏུ་སྐར་ལྔའི་དར་དམར་འཁྱེར་ནས་དགའ་འབོད་བྱེད་བཞིན་དགའ་བསུ་དང་ཐུགས་རྗེ་ཆེ་ཞུ་ལུགས་མཚོན་པར་བྱས་ཡོད། ཞི་ཅིན་ཕིང་གིས་ལམ་རྒྱུད་ཀྱི་མང་ཚོགས་ལ་ཕྱག་གཡུག་གཡུག་གནང་ནས་བྱམས་བརྩེའི་ངང་གུས་ལན་གནང་བ་རེད།

ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པའི་འགན་བཞེས་མཁན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ལི་ཀན་ཅེ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཞུའེ་ཁེ་ལའེ་ཐི་.ཀྲ་ཁེར། རྒྱལ་དོན་ཨུ་ཡོན་ཁྲེན་དབྱི་ཆིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཏུང་ཧྥུང་། ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་ལིའུ་ཀྲེན་ལི། བྱེད་སྒོར་ཕེབས་རོགས་ཞུ་མཁན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧོ་ལི་ཧྥུང་། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་དོན་ཨུ་ཡོན་ཝང་ཞའོ་ཧུང་སོགས་གནམ་གྲུ་གཅིག་ནང་ལྷན་བཞུགས་ཀྱིས་ཕེབས་ཡོད་པ་རེད།
དུས་གཅིག་ཏུ་ཕེབས་འབྱོར་བྱུང་བའི་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཁོངས་མིའི་གྲས་སུ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། དམག་དཔུང་གི་འབྲེལ་ཡོད་ཚན་པ། ནང་སོག་དང་། ཀོང་ཤིས། བོད་ལྗོངས། ཉིང་ཞ་བཅས་རང་སྐྱོང་ལྗོངས་4དང་ཤིན་ཅང་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་སོགས་ཀྱང་ཡོད་པ་རེད།