ཧྭ་ཞི་སྨན་ཁང་རུས་ནད་ཚན་ཁག་གི་ཆེད་མཁས་ཚོགས་པས་མཛོད་དགེ་རུ་རུས་ཚིགས་བརྗེ་བའི་གཤགས་བཅོས་དང་གསོ་སྦྱོང་ལས་སྒོ་སྤེལ།

ཉེ་ཆར། སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་རུས་ནད་ཚན་ཁག་གི་ཀྲུའུ་རེན་ཀྲོའུ་ཙུང་ཁེ་ཡིས་ཆེད་མཁས་ཚོགས་པའི་སྣེ་ཁྲིད་དེ། རུས་ཚིགས་བརྗེ་བའི་གཤགས་བཅོས་དང་ས་གནས་སྨན་བཅོས་ལས་དོན་པར་གསོ་སྦྱོང་བྱས་པ་དང་འབྲེལ་ནད་པ་ཕ་ཡུལ་ལ་སྐྱེལ་བའི་བྱེད་སྒོ་སྤེལ། སྨན་བཅོས་ཚོགས་པས་པུས་ཚིགས་བརྗེ་བའི་གཤགས་བཅོས་ལེགས་གྲུབ་བྱུང་བའི་ནད་པ་9མཛོད་དགེ་རྫོང་དལ་སྐྱེལ་མ་བྱས་ནས་མཛོད་དགེ་རྫོང་མི་དམངས་སྨན་ཁང་དུ་སྨན་བཅོས་བྱེད་སྒོ་རབ་དང་རིམ་པ་སྤེལ།

རྫོང་མི་དམངས་སྨན་ཁང་དུ་ས་གནས་གཉིས་ཀྱི་སྨན་བཅོས་མི་སྣས་ནད་པ་བདག་སྤྲོད་མཛད་སྒོ་སྤེལ། ཧྭ་ཞི་སྨན་ཁང་གི་སྨན་བཅོས་དཔུང་ཁག་གིས་གཤགས་བཅོས་བྱས་རྗེས་ཀྱི་ནད་ཐོ་ཆ་ཚང་མཛོད་དགེ་རྫོང་མི་དམངས་སྨན་ཁང་ལ་སྤྲད་ནས། རྗེས་སོའི་ཁམས་གསོ་སྨན་བཅོས་སྦྲེལ་ཐག་ལེགས་པོ་ཡོང་རྒྱུ་མངོན་འགྱུར་བྱུང་། ཆེད་མཁས་ཚོགས་པས་ཚན་ཁག་མཉམ་འབྲེལ་གྱི་ནད་བརྟག་ལས་སྒོ་སྤེལ། གཤགས་བཅོས་བྱས་རྗེས་ཀྱི་ཁམས་གསོའི་འཆར་གཞི་ལེགས་པོ་བཀོད། དེ་མིན་གཤགས་བཅོས་བྱ་རྒྱུར་སྒུག་པའི་ནད་པ་གཞན་9ལ་གཤགས་བཅོས་མ་བྱས་གོང་གི་དཔྱད་དཔོག་བྱས། ཆེད་མཁས་ཚོགས་པས་ད་དུང་དེ་སྔོན་གཤགས་བཅོས་བྱས་ཟིན་པའི་ནད་པར་རྗེས་འདེད་འཚམས་འདྲི་བྱས། གཟུགས་བརྙན་རིག་པའི་བརྟག་དཔྱད་དང་བྱེད་ནུས་དཔྱད་དཔོག་བྱས་པ་བརྒྱུད་གཤགས་བཅོས་ཀྱི་ཡུན་ཕན་དགེ་མཚན་ལེགས་པར་མངོན།

བྱེད་སྒོ་སྤེལ་བའི་རིང་ལ་ཆེད་མཁས་ཚོགས་པ་འབྲོག་ཁུལ་དུ་ཕྱིན་པར་ནད་པར་བརྟག་དཔྱད་བྱས། ས་གནས་ཀྱི་མང་ཚོགས་ལ་འོས་འགན་སྨོན་བཅོས་དང་བདེ་ཐང་མཛུབ་སྟོན་གྱི་ཞབས་ཞུ་ལེགས་པོ་བཏོན། ཧྭ་ཞིའི་ཆེད་ཁམས་པས་རྫོང་མི་དམངས་སྨན་ཁང་དུ་པུས་ཚིགས་ཡོངས་རྫོགས་བརྗེ་བའི་འཁྲབ་ཁྲིད་གཤགས་བཅོས་བྱས་ནས། ས་གནས་ཀྱིས་སྨན་བཅོས་མི་སྣར་སློབ་སྦྱོང་གི་གོ་སྐབས་ལེགས་པོ་མཁོ་འདོན་བྱས། དེ་རྗེས་རུས་ཚིགས་ནད་འགོག་བཅོས་བྱ་སྤྱོད་སྒྲོག་འགྲེལ་ཚོགས་འདུ་འཚོགས་པ་དང་། རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་བསྟན་འཛིན་དཔལ་མོ་ཚོགས་འདུར་ཞུགས་ཏེ་ཤིས་ཚིག་ཕུལ། ཧྭ་ཞི་སྨན་ཁང་གིས་ལྷག་བསམ་ཟོལ་མེད་ཀྱིས་བྱས་རྗེས་གང་མང་བཞག་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས། རུས་ཚིགས་ནད་འགོག་བཅོས་ལས་དོན་ནི་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱེད་པའི་དམངས་འཚོ་དོན་དག་ཅིག་ཡིན་པས། ས་གནས་ཀྱི་སྨན་བཅོས་ཞབས་ཞུའི་ཆུ་ཚད་མུ་མཐུད་མཐོ་རུ་གཏོང་དགོས་ཞེས་ནན་བཤད་བྱས། ཧྭ་ཞི་སྨན་ཁང་གི་རུས་ནད་ཚན་ཁག་གི་ཆེད་མཁས་པ་དང་རྫོང་རིམ་པའི་སྨན་བཅོས་ལས་ཁུངས་ཀྱི་འགན་འཁུར་པ། དེ་མིན་འབྲེལ་ཡོད་སྨན་དོན་འཐུས་མི་སོགས་ཚོགས་འདུར་ཞུགས་ནས་སྐྱོབ་བཅོས་ལས་དོན་གྱི་སྙན་ཞུ་དང་ལག་རྩལ་གསར་པ་བཀོལ་སྤྱོད་འོས་སྦྱོང་བྱས་པར་ཉན།
རོགས་སྐྱོར་བྱེད་སྒོ་དེས་ལག་རྩལ་མཛུབ་ཁྲིད་དང་གཤགས་བཅོས་འཁྲབ་ཁྲིད། རིག་གཞུང་སྤེལ་རེས་སོགས་ཀྱི་ལམ་ནས་མཛོད་དགེ་ས་ཁུལ་གྱི་རུས་ཚིགས་ཆེ་ནད་ཀྱི་སྨན་བཅོས་ཆུ་ཚད་མཐོ་རུ་བཏང་ལ། ས་གནས་དེ་གའི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་ནུས་ལྡན་བྱས། ཧྭ་ཞི་སྨན་ཁང་རུས་ནད་ཚན་ཁག་གི་ཆེད་ཁམས་ཚོགས་པས་ལོ་ངོ་བཞིའི་རིང་ལ་མཐོ་སྒང་གི་གྲང་ངར་ཆེ་ལ་དབྱང་དབུགས་དཀོན་པའི་དཀའ་ངལ་ཁྱད་བསད་བྱས་ཏེ། “གངས་ལྗོངས་ཀྱི་རུས་ཚིགས། སྒང་གཞུང་དྲང་འདྲེན།”ཞེས་རིན་མི་དགོས་པའི་སྐྱོབ་བཅོས་ལས་སྒོར་སྤེལ་ནས་མཛོད་དགེ་རྫོང་གི་ནད་པ་73ལ་བདེ་ཐང་གི་རེ་བ་སྦྱིན། “ཚེ་སྲོག་གཙིག་ཏུ་བཀུར་ནས་ཉམ་ཐག་ནད་པ་སྐྱོབ”ཀྱི་བླ་ན་མེད་པའི་སྙིང་སྟོབས་ནས་ལེགས་པར་མངོན། ས་ཁུལ་གཉིས་མཉམ་ལས་མཉམ་འབྲེལ་བྱས་པ་བརྒྱུད་ནད་པའི“རྐང་བར་ཚུགས་ནས་ཕྱུག་འགྱུར་གྱི་ལམ་ལ་འགྲིམ་པའི”རེ་འདུན་མངོན་འགྱུར་ཡོང་བར་རོགས་རམ་བྱས་པར་མ་ཟད། མཐོ་སྒང་གི་མང་ཚོགས་ཀྱི་བདེ་ཐང་འགོག་སྲུང་བརྟན་པོ་བྱས་ཏེ་གྲོང་གསེབ་དར་རྒྱས་ཡོང་བར་འདེགས་ནུས་བཏོན།