གཅིག་སྒྲིལ་རྫོང་དུ་འབྲི་གཡག་གི་འགྲན་བསྡུར་འདི་འདྲ་ཞིག་གཉེར་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
སྤེལ་དུས།: ༡༩༧༠ ལོའི་ཟླ་ ༡ ཚེས་ ༡

ཉེ་ཆར། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་རྭ་དབོའི་ཐང་དུ་ས་གནས་དེ་གས་འབྲི་གཡག་11537སྒྲིག་འཛུགས་བྱས་ཏེ། ས་མཐོའི་ཁྱད་ལྡན་འབྲོག་རའི་འདེམས་བསྐོའི་འགྲན་བསྡུར་ཞིག་གཉེར་ཡོད་པ་རེད། 

བྱེད་སྒོའི་སྤེལ་ཡུལ་དུ་འགྲན་བསྡུར་ནང་ཞུགས་པའི་འབྲི་གཡག་ལ་འོ་མའི་ཐོན་འབོར་འགྲན་བསྡུར་དང་། ཤ་ཤེད་བཟང་འགྲན།  གཡག་རྒྱུག་འགྲན་བསྡུར།  བྱིས་པའི་བེའུ་བཞོན་འགྲན་བསྡུར་སོགས་ཀྱི་རྣམ་གྲངས་སྤེལ་ཡོད།  དེ་དང་ཆབས་ཅིག་ཏུ། ཡུལ་དངོས་སུ་ཞིང་འབྲོག་ཐོན་རྫས་འགྲེམས་ཚོང་ཁུལ་དང་ཚགས་ཤ་མྱོང་དཔྱད་ཁུལ་བཙུགས་ཡོད་པ་མ་ཟད། འབྲི་གཡག་གི་སྤུས་མཐོའི་གོང་འཕེལ་གྱི་བཞུགས་མོལ་ཚོགས་འདུ་སོགས་ཀྱི་བྱེད་སྒོ་གཉེར་ནས།  ས་གནས་དེ་གའི་འབྲོག་ལས་ཐོན་ལས་དེ་རིག་གནས་ནས་ཐོན་ལས་ཀྱི་ཕྱོགས་མང་པོར་གོང་འཕེལ་ཕྱིན་པ་མངོན་ཡོད།

གཞན་ཡང་། ཡུལ་དངོས་སུ་སྲོལ་རྒྱུན་གྱི་སྦྲ་གུར་70ཕུབ་ཡོད་པ་དང་། དམངས་སྲོལ་ཉམས་ལེན་ཁུལ་བཀོད་སྒྲིག་བྱས་པ། ས་གནས་དེ་གའི་ཁྱད་ལྡན་གྱི་དམངས་སྲོལ་རིག་གནས་ཕུན་སུམ་ཚོགས་པོ་འགྲེམས་སྟོན་དང་དངོས་མིན་རིག་གནས་ཤུལ་བཞག་བརྩམས་ཆོས་འགྲེམས་སྟོན་བྱས་ཡོད།   དབྱིངས་ཞུགས་ཉམས་ལེན་དང་འཛད་སྤྱོད་འཛིན་ཤོག་སྤྲོད་པ་སོགས་ཀྱི་བྱ་ཐབས་བརྒྱུད། ཡུལ་སྐོར་བ་ཚོས་ས་གནས་དེ་གའི་ཁྱད་ལྡན་འབྲོག་པའི་དམངས་སྲོལ་རིག་གནས་ཆེས་ཐད་ཀར་དང་སྔར་བས་གཏིང་ཟབ་པའི་སྒོ་ནས་མྱོང་ཚོར་ཐུབ་པར་ཡིད་དབང་བཀུག་ཡོད་པ་རེད།