མཛོད་དགེ་རྫོང་གིས་གྲོང་གསེབ་བུད་མེད་ཀྱི“སྐྲན་གཉིས”བརྟག་དཔྱད་བྱེད་པའི་ལོ་འཁོར་གྱི་དམིགས་ཚད་ལེགས་གྲུབ་བྱུང་།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༩ ཚེས་ ༩

ད་ལོ་ནས་བཟུང་། མཛོད་དགེ་རྫོང་གིས་མངལ་སྐེའི་འབྲས་སྐྲན་དང་ནུ་མའི་འབྲས་སྐྲན་བརྟག་དཔྱད་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་། གྲོང་གསེབ་ཀྱི་བུད་མེད་དང་གྲོང་མཁར་གྱི་འཚོ་བའི་འགན་སྲུང་སྤྲོད་ཡུལ། དམིགས་བསལ་དབུལ་ཕོངས་མི་སྣ་སོགས་གཙོ་གནད་ཚོགས་སྤྱི་ལ་དམིགས་ནས“སྔོན་འགོག་གཙོ་བོ་དང་འགོག་བཅོས་ཟུང་འབྲེལ”མཐའ་འཁྱོངས་བྱས་ཏེ་ནུས་ཤུགས་ཡོད་རྒུས་བུད་མེད་ཀྱི་བདེ་ཐང་ལ་འགན་སྲུང་བྱས།

རྫོང་ཡོངས་ཀྱིས་གནད་ལ་འཁེལ་བའི་ཞིབ་དཔྱད་དང་སྟ་གོན་གང་ལེགས་བྱས་པ་བརྒྱུད། འགུལ་རྣམ་རྩིས་ཐོ་བཟོས་ནས་ལོ་ན་35ནས་64ལོན་བའི་བུད་མེད་ལ་གཙོ་གནད་བརྟག་དཔྱད་བྱས། རྫོང་མ་བུ་བདེ་སྲུང་ཁང་དང་གཞི་རིམ་གྱི་སྨན་བཅོས་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་བརྟག་དཔྱད་ས་ཚིགས་13བཀོད་སྒྲིག་བྱས་པ་དང་སྒྲོག་འགྲེལ་བྱེད་སྒོ་ཐེངས་9སྤེལ།  སྒྲོག་དེབ་2000ལྷག་བཀྲམ། སྤུས་ཚད་ལ་དམ་འཛིན་བྱས་ཏེ་རྒྱུན་ལྡན་མིན་པར་རྗེས་འདེད་བརྟག་དཔྱད་ཀྱི་ལམ་སྲོལ་དོན་འཁྱོལ་བྱས་ནས། རྗེས་འདེད་བརྟག་དཔྱད་བྱེད་ཚད་100%ཟིན་ཡོད། ཁ་པར་བཏང་བ་དང་ཡུལ་དངོས་སུ་སོང་སྟེ། བརྟག་དཔྱད་བྱ་ཡུལ་ལ་དུས་ཐོག་ཏུ་གོང་རིམ་སྨན་བཅོས་ལས་ཁུངས་སུ་སྨན་བཅོས་བརྟག་དཔྱད་ཚད་ལྡན་བྱ་དགོས་པའི་དྲན་སྐུལ་བྱས། ནད་ཐོ་ལེགས་པོ་བཀོད་ནས་སྨན་བཅོས་བརྟག་དཔྱད་ཟིན་ཐོ་རྗེས་འདེད་ཐུབ་ལ་མགོ་མཇུག་ཚང་བར་འགན་ལེན་བྱས།

རིམ་པ་ཁག་གི་སྨན་བཅོས་ལས་ཁུངས་ཀྱིས་མཐུན་སྦྱོར་ལེགས་འདོན་བྱས་པ་དང་། སྡེ་ཁག་ཁག་གིས་གཞོགས་འདེགས་དམ་ཟབ་བྱས་པ། རྒྱ་ཆེའི་བུད་མེད་མང་ཚོགས་སྨན་བཅོས་བརྟག་དཔྱད་ལས་སྒོར་ཧུར་གྱིས་ཞུགས་པས། མཛོད་དགེ་རྫོང་གི“སྐྲན་གཉིས”བརྟག་དཔྱད་ལས་དོན་ལ་ཚད་བརྒལ་རང་བཞིན་གྱི་གྲུབ་འབྲས་ཐོབ། མིག་སྔའི་བར་དུ་མི་ཐེངས་1701ལ“སྐྲན་གཉིས”སྨན་བཅོས་བརྟག་དཔྱད་བྱས་པ་དང་། ལོ་འཁོར་གྱི་དམིགས་ཚད་1700དང་བསྡུར་ན་མི་1མང་བས་དུས་ཚོད་ཐུང་ཐུང་ནང་ལས་འགན་ལེགས་འགྲུབ་བྱུང་ཡོད།  “སྐྲན་གཉིས”བརྟག་དཔྱད་ཀྱི་ཁྱབ་རྒྱ་ཆེ་རུ་བཏང་ནས་བདེ་ཐང་འགན་སྲུང་སྲིད་ཇུས་ཀྱིས་བུད་མེད་མང་ཚོགས་མང་པོར་ཕན་བདེ་བསྐྲུན།