2025ལོའི་མཛོད་དགེའི་རྒྱལ་ཁབ་སྤྱི་གླིང་གི་རྐང་འཁོར་འགྲན་བསྡུར་བདེ་བླག་ངང་མཇུག་བསྡུས།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༨ ཚེས་ ༡༩

སྤྱི་ཟླ་8པའི་ཚེས་16ཉིན་ནས་ཚེས་17ཉིན་བར། 2025ལོའི་མཛོད་དགེ་རྒྱལ་ཁབ་སྤྱི་གླིང་གི་རྐང་འཁོར་འགྲན་བསྡུར་བདེ་བླག་ངང་སྤེལ། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་རྐང་འཁོར་ལ་དགའ་ཞེན་ཡོད་མཁན་རྣམས་དེ་གར་འཛོམས་ནས། “ཐང་སྐོར-མཚོ་ཁྲ”སྐྱེ་ཁམས་སྐོར་ལམ་དུ་རྩལ་ནུས་ངོམ། “ལུས་རྩལ+སྐྱེ་ཁམས+རིག་གནས”སྙིང་དོན་དུ་བཟུང་བའི་འགྲན་བསྡུར་དེ་རྐང་འགོར་འགྲན་རྩལ་གྱི་གར་སྟེགས་ཤིག་ཡིན་པ་མ་ཟད། མཛོད་དགེའི་རིག་གནས་ཡུལ་སྐོར་འཕེལ་རྩ་སྐུད་པ་གཅིག་ཏུ་སྦྲེལ་ནས། སྐྱེ་ཁམས་སྲུང་སྐྱོང་དང་རིག་གནས་ཡུལ་སྐོར་མཉམ་སྤེལ་གྱི་ལག་ལེན་ཞིག་ཀྱང་ཡིན།  རྫོང་རིམ་པའི་འབྲེལ་ཡོད་སྡེ་ཁག་དང་འགྲན་ཞུགས་པ1300ལྷག་དགྱེས་སྟོན་དེར་ཞུགས་ཡོད།

འགྲན་བསྡུར་དེར“རྨ་རྒྱུད་རྟ་མཆོག་དང་གནམ་གྲུ། རྟ་བ་སོགས་ལ་མཇལ་བ”ཞེས་བརྗོད་དོན་དུ་བཟུང་ནས། མཛོད་དགེའི་རྩྭ་ཐང་གི་མཛེས་ཉམས་དང་མི་རིགས་རིག་གནས་འགྲན་བསྡུར་ཁྲོད་འགྲེམ་སྟོན་བྱས་ཏེ། འགྲན་ཞུགས་པ་རྣམས་ཀྱིས་སྐོར་རྩལ་འགྲན་བཞིན་སྐྱེ་ཁམས་ཀྱི་མཛེས་པར་རོལ།  “མི་དང་རང་བྱུང་འཆམ་མཐུན་མཉམ་གནས”ཀྱི་སྙིང་དོན་བརྒྱུད་སྤྲོད་བྱས། མཐར་ཏུང་ཅུན་ཧྭ་དང་ལི་སི་ལ་སྐྱེས་པ་དང་བུད་མེད་ཚོ་ཆུང་གི་ཨང་དང་པོ་ཐོབ། སི་ཁྲོན་ཧྥུང་ཧྥུང་ཧྥེ་ཉི་ཧྲི་རླངས་འཁོར་རུ་ཁག་ལ་ཆེས་ལེགས་པའི་རུ་ཁགག་གི་བྱ་དགའ་ཐོབ། བྱ་དགའ་སྟེར་བའི་མཛད་སྒོར་མི་རིགས་ཀྱི་གླུ་གར་དང་ལུས་རྩལ་གྱི་བརྗིད་ཉམས་གཅིག་ཏུ་འདྲེས་ནས་རྩྭ་ཐང་དུ་ཡིད་ཀྱི་དང་བ་འདྲེན་པའི་མཛེས་ལྗོངས་ལེགས་པོ་བཀོད།

འགྲན་ཞུགས་པ་རྣམས་མཐའ་ཐིག་ལས་བརྒལ་བ་དང་བསྟུན་ནས་འགྲན་བསྡུར་དེ་བདེ་བླག་ངང་མཇུག་སྒྲིལ་བ་དང་། དེས་མཛོད་དགེའི་སྐྱེ་ཁམས་མཛེས་ཉམས་ཀུན་གྱི་མཐོང་ལམ་དུ་བཀོད་པ་མ་ཟད། མཛོད་དགེའི་ལོ་ཧྲིལ་པོའི་རིག་གནས་ཡུལ་སྐོར་གྱི་ངོ་མཚར་བའི“བསྡུས་གཟིགས”ལེགས་པར་མངོན།

རྐང་འཁོར་འགྲན་བསྡུར་གྱི“ལུས་རྩལ་ནུས་ཤགས”ནས་དམའ་འཕུར་ཡུལ་སྐོར། ཞིབ་འཇུག་སློབ་སྦྱོང་ཡུལ་སྐོར་གྱི“ཕྱོགས་མང་རྒྱ་བསྐྱེད་པ”། རི་མ་ཐང་ལམ་ཕྲན་གྱི་རྐང་རྒྱུག་འགྲན་བསྡུར་བཅས་རིམ་པ་བཞིན་སྤེལ་བ་དང་།  “མཁའ་དབྱིངས་དང་སྐམ་ས་མཉམ་འགྲུལ”གྱིས་ཁོངས་ཡོངས་ཡུལ་སྐོར་ཁོར་ཡུལ་ལེགས་པོ་བསྐྲུན་ནས། ཡུལ་སྐོར་བར་མཁའ་དབྱིངས་ནས་ས་ངོས་སོགས་ཕྱོགས་ཡོངས་ནས་རྩྭ་ཐང་གི་མཛེས་ལྗོངས་མྱོང་རོལ་ཐུབ་པར་བྱས།  མཛོད་དགེ་རྫོང་གིས་སྐྱེ་ཁམས་རྨང་རྡོ་བཙུགས་ནས་རིག་གནས་དང་ལུས་རྩལ་གྱི་དར་སྐུད་ཡུལ་སྐོར་དུ་སྦྲེལ་མུས་རེད།

འབྱུང་རིམ་གྱི་འཕེལ་རིམ་ཁྲོད་མཐོ་སྒང་གི་གནས་མཆོག་དེ་རྒྱལ་ཁབ་སྤྱི་གླིང་གི་འདེགས་གནས་བྱས་ཏེ། འགྲན་བསྡུར་བརྒྱུད་ཐོན་ཁུངས་སྐུལ་ཁྲིད་དང་རིག་གནས་སྲོག་ཤིང་དུ་བཟུང་ནས། འགྲན་བསྡུར་སྤེལ་ཐེངས་རེ་རེ་སྐྱེ་ཁམས་སྲུང་སྐྱོང་དང་རིག་གནས་རྒྱུན་འཛིན་གྱི་ལག་ལེན་དུ་བསྒྱུར་ཏེ། སྐྱེ་ཁམས་སྲུང་སྐྱོང་དང་རིག་གནས་ཡུལ་སྐོར་མཉམ་དར་གྱི་བཀོད་པར་གསོན་ཤུགས་རྒྱས་པའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་འབྲི་ངེས་རེད།