《འོད་སྟོང་འཕྲོ་བའི་ལོ་ངོ་དྲུག་ཅུ། ས་མཐོའི་སྙན་ངག་ལེའུ་》བསྟན་པ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༨ ཚེས་ ༡༨

ལོ་ངོ་དྲུག་ཅུ་ནི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་པོའི་ནང་མིག་ལྡེབ་དབང་ཙམ་ཡིན་མོད། བོད་ལྗོངས་ཀྱི་ས་གཞི་ཆེན་མོར་ལོ་ངོ་སྟོང་གི་མཆོང་བརྒལ་དང་ངོ་མཚར་གཏོད་པའི་མཛེས་སྡུག་གི་ལམ་བུ་ཞིག་རེད།

བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་དྲུག་ཅུ་འཁོར་བར་རྟེན་འབྲེལ་ཞུ་ཆེད། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་སྲིད་གླེང་པར་གཞི་《འོད་སྟོང་འཕྲོ་བའི་ལོ་ངོ་དྲུག་ཅུ་སྟེ། ས་མཐོའི་སྙན་ངག་ལེའུ་》སྒྲིག་བཟོ་ཚགས་ཚུད་པོ་བྱས་ཏེ། སྤྱི་ཟླ་8པའི་ཚེས་17ཉིན་ནས་བཟུང་། སྤྱི་ཁྱབ་ལས་ཁུངས་ཀྱི་ཀྲུང་དབྱང་བརྙན་འཕྲིན་ཕྱོགས་བསྡུས་འཕྲིན་ལམ་དང་པོ་དང་། རྒྱ་ཡིག་གི་རྒྱལ་སྤྱིའི་འཕྲིན་ལམ་ཐོག་སྟོན་རྒྱུ་དང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་དང་། དབྱང་བརྙན་མཐོང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དྲ་བ་སོགས་སྤྱི་ཁྱབ་ལས་ཁུངས་ཀྱི་སྨྱན་སྦྱོར་གསར་པའི་སྟེགས་བུའི་ཐོག་དུས་གཅིག་ཏུ་སྟོན་རྒྱུ་ཡིན་པ་རེད། 

《འོད་སྟོང་འཕྲོ་བའི་ལོ་ངོ་དྲུག་ཅུ་སྟེ། ས་མཐོའི་སྙན་ངག་ལེའུ་》ཞེས་པར་ཁྱོན་ལེའུ་དྲུག་དང་ལེའུ་རེར་དུས་ཚོད་སྐར་མ་30ཡོད་ཅིང་། དེ་དག་ཁག་སོ་སོ་ནི་《ལོ་ངོ་སྟོང་གི་མཆོང་བརྒལ་》དང་། 《ཁྱིམ་དང་རྒྱལ་ཁབ་ཀྱི་སེམས་མཐུན་》《གསར་པའི་ཕྱོགས་སུ་སྐྱོད་པ་》《གངས་རིའི་གླུ་དབྱངས་》《ཞི་མཐུན་མཉམ་གནས་》《བློ་ཁ་ཕྱོགས་ས་》བཅས་རེད། པར་གཞི་དེ་དག་གིས་བོད་ལྗོངས་འདི་ཉིད་ཀྲུང་གོ་གུང་ཁྲན་ཏང་གི་སྟོབས་ལྡན་འགོ་ཁྲིད་འོག་ཟམ་མི་ཆད་པར་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་བྱས་པའི་ལོ་ངོ་དྲུག་ཅུའི་འོད་སྟོང་འཕྲོ་བའི་མཛེས་རིས་གཅིག་སྡུད་ཐོག་མངོན་པ་དང་།  དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་མཛུབ་ཁྲིད་འོག་བརྟན་ལྷིང་དང་། འཕེལ་རྒྱས།  འབྱུང་ཁམས།  མཐའ་དར་བཅས་དོན་ཆེན་བཞི་ལ་དམིགས་ནས།  བོད་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་རྨང་གཞི་གཏིང་ཟབ་པོར་འགྲེལ་བཤད་གཏིང་ཟབ་བྱས་པ།  ཀྲུང་གོའི་རྣམ་པའི་དེང་རབས་ཅན་དེ་གངས་ལྗོངས་ས་མཐོར་གྲུབ་འབྲས་ཐོབ་པའི་ལག་ལེན་བསྟར་བར་གསོན་ཉམས་དོད་པོས་གསལ་འགྲེལ་བྱས་ཡོད། སྤྱི་ཟླ་8པའི་ཚེས་17ཉིན་ནས་ཚེས་19ཉིན་བར། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ཕྱོགས་བསྡུས་འཕྲིན་ལམ་དང་པོ་དང་། རྒྱ་ཡིག་གི་རྒྱལ་སྤྱིའི་འཕྲིན་ལམ་ཐོག་《འོད་སྟོང་འཕྲོ་བའི་ལོ་ངོ་དྲུག་ཅུ་སྟེ། ས་མཐོའི་སྙན་ངག་ལེའུ་》སྟོན་པ་བརྒྱུད། བོད་ལྗོངས་ཀྱི་ལོ་ངོ་དྲུག་ཅུའི་འཕོ་འགྱུར་ལ་བདེན་དཔང་བྱ་རྒྱུ་རེད།