ཞིང་ཆེན་ནགས་ལས་ཚན་རིག་ཁང་གི་ཆེད་མཁས་པས་མཛོད་དགེ་རྫོང་གི་ནགས་ཚལ་རྩྭ་ཐང་དང་བརླན་སའི་ཐཱན་བསྡུ་རྣམ་གྲགས་གསལ་སྤེལ་ལ་གསོ་སྦྱོང་བྱས།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༨ ཚེས་ ༡༥

རྒྱལ་ཁབ་ཀྱི“ཐཱན་གཉིས”འཐབ་ཇུས་བཀོད་སྒྲིག་ལག་ལེན་དུ་བཏབ་ནས་སྐྱེ་ཁམས་ཐོན་ཁུངས་ཀྱི་རིན་ཐང་འཕོ་འགྱུར་གྱི་གོ་སྐབས་གསར་པ་དམ་འཛིན་དང་། མཛོད་དགེ་རྫོང་གི་ནགས་ཚལ་རྩྭ་ཐང་དང་བརླན་སའི་སྐྱེ་ཁམས་མ་ལག་གི་ཐཱན་བསྡུ་རྣམ་གྲངས་གསར་སྤེལ་ནུས་པ་ཆེ་རུ་གཏོང་ཆེད། སྤྱི་ཟླ་8པའི་ཚེས་13ཉིན། སི་ཁྲོན་ཞིང་ཆེན་ནགས་ལས་ཚན་རིག་ཞིབ་འཇུག་ཁང་གི་ཆེད་མཁས་ཚོགས་པས་མཛོད་དགེ་རྫོང་དུ་ནགས་ཚལ་རྩྭ་ཐང་དང་བརླན་སའི་ཐཱན་བསྡུ་རྣམ་གྲངས་གསལ་སྤེལ་ཚོད་ལྟ་བྱེད་པར་གསོ་སྦྱོང་བྱས། རྫོང་ནགས་ཚལ་རྩྭ་ཐང་ཅུས་ཀྱི་འབྲེལ་ཡོད་མི་སྣ་གསོ་སྦྱོང་ལ་ཞུགས།

ཞིང་ཆེན་ནགས་ལས་ཚན་རིག་ཁང་གི་ཆེད་མཁས་པས་CCERདང་། སི་ཁྲོན་ཞིང་ཆེན་ཐཱན་སྤྱི་ཕན་གྱི་འབྲེལ་ཡོད་སྲིད་ཇུས། ཐཱན་བསྡུ་རྣམ་གྲངས་གསར་སྤེལ། ཐོན་ཁུངས་བརྟག་དཔྱད་བྱེད་ཐབས། ཐཱན་བསྡུ་ཚད་འཇལ་ལག་རྩལ། རྣམ་གྲངས་གསར་སྤེལ་གྱི་བརྒྱུད་རིམ། ཁྲོམ་རའི་ཉོ་ཚོང་ལམ་སྲོལ་སོགས་ལ་དམིགས་ནས་སློབ་ཁྲིད་བྱས། གསོ་སྦྱོང་དུ་ཞུགས་མཁན་རྣམས་ཀྱིས་མཛོད་དགེའི་གྲང་ངར་ཆེ་བའི་བརླན་སའི་ཐཱན་བསྡུའི་གཞི་གྲངས་འཚོལ་བསྡུ་དང་བརླན་སའི་ཐཱན་བསྡུ་བརྟག་པའི་རིག་པ་ཞིབ་འཇུག་སོགས་དོན་དངོས་ཀྱི་གནད་དོན་ལ་དམིགས་ནས་ཆེད་མཁས་པར་བློ་འདྲི་གནང་།

ལས་རིམ་རྗེས་མར་མཛོད་དགེ་རྫོང་ནགས་ཚལ་རྩྭ་ཐང་ཅུས་ཀྱིས་ཐོན་ཁུངས་ཀྱི་ལེགས་བབ་ལ་བརྟེན་ནས་རྫོང་ཁོངས་ཀྱི་ནགས་ཚལ་རྩྭ་ཐང་དང་བརླན་སའི་ཐཱན་བསྡུ་ཐོན་ཁུངས་ཀྱི་གཞི་རྩའི་བརྟག་དཔྱད་བྱེད་འགྲོས་ཇེ་མགྱོགས་སུ་གཏོང་བ་དང་། ཞིང་ཆེན་རིམ་པའི་ལག་རྩལ་ལ་བརྟེན་ནས་མཉམ་ལས་ཟབ་སྤེལ་སྒོས་གྲང་ངར་ཆེ་བའི་སྐྱེ་ཁམས་མ་ལག་གི་ཐཱན་བསྡུ་ལྟ་ཞིབ་ཚད་ལེན་ལག་རྩལ་གྱི་དཀའ་གནད་སྒྲོལ་ཏེ། “ཐཱན་བསྡུ+”རྣམ་པ་འཚོལ་ཞིབ་བྱ་ངེས། ཐཱན་བསྡུ་ཡོང་འབབ་ཀྱིས་སྐྱེ་ཁམས་སྲུང་སྐྱོང་དང་འབྲོག་པའི་འཚོ་བ་ཇེ་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་ངེས། རྫོང་ཁོངས་ཀྱི་ནགས་ཚལ་རྩྭ་ཐང་དང་བརླན་སའི་ཐཱན་བསྡུ་རྣམ་གྲངས་གསར་སྤེལ་ལ་ཚོད་ལྟ་བྱེད་པར་སྐུལ་ཁྲིད་བྱས་ཏེ། རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་ལྗང་མདོག་གི་སྒུལ་ཤུགས་བསྩལ་ངེས།