ས་ཐག་རིང་ཅ་ཞིན་གྱི་བྱམས་བརྩེ་ཡིས་ན་ཆུང་བྱིས་པར་དྲོད་ཁོལ་སྦྱིན།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༨ ཚེས་ ༡༤

ཤར་ནུབ་མཐུན་སྦྱོར་གྱི་ཕན་འབྲས་ལེགས་འདོན་གྱིས་བྱིས་པར་གཅེས་སྐྱོང་གི་ལས་རྣམ་གསར་པ་གཏོད་ཆེད། ཉེ་ཆར། ལེ་དབར་སྟོང་བརྒལ་བའི་སློབ་སྐྱོར་བཞུགས་མོལ་ཚོགས་འདུ་ཞིག་མཛོད་དགེ་རྫོང་དང་ཅ་ཤིན་གྲོང་ཁྱེར་ནན་ཧུའུ་ཁུལ་ནས་དུས་གཅིག་ལ་འཚོགས། “སྤྲིན་རིམ་གྱི་སྦྲེལ་ཐག”བརྒྱུད་ཤར་ནུབ་མཐུན་སྦྱོར་གྱི་ལས་དོན་མུ་མཐུད་དུ་སྤེལ།

བྱེད་སྒོ་སྤེལ་ཡུལ་དུ་ཅ་ཤིན་ཧྥེ་ཁུ་ཧྥུའར་གྱོན་ཆས་ཚད་ཡོད་ཀུང་སིའི་ཀྲང་ལི་ཏུང་དང་ཅ་ཤིན་གྲོང་ཁྱེར་ཀྲེང་དབྱང་ཁབ་བསླས་ཚད་ཡོད་ཀུང་སིའི་ཀྲུང་ཧའེ་ལིན“བྱམས་ལྡན་ཨ་ཕ”གཉིས་ཀྱིས་བརྙན་ལམ་བརྒྱུད་རོགས་སྐྱོར་གནང་བའི་བྱིས་པ་དང་བྱམས་བརྩེའི་ཁ་བརྡ་བྱས། ཁོ་ཚོའི་འཚོ་བ་དང་སློབ་སྦྱོང་གི་གནས་ཚུལ་དྲིས། ཁོ་ཚོར་ནམ་རྒྱུན་འབྲེལ་བ་མང་ཙམ་བྱས་ཏེ་ཕན་ཚུན་རྒྱུས་ལོན་ཡོད་པར་བྱ་དགོས་ལ། དཀའ་ངལ་ལ་འཕྲད་ན་དུས་ངེས་མེད་དུ་འབྲེལ་བ་བྱེད་དགོས་པ་ནན་གྱིས་སྐུལ། དེའི་རྗེས་སུ་སྤྱོད་ཡོན་གཉིས་ལེགས་ཀྱི་སློབ་མ་4ལ་སློབ་སྐྱོར་རོགས་དངུལ་3000རེ་བྱིན། རོགས་སྐྱོར་དེ་ཁོ་ཚོ་སློབ་ཆེན་མཐར་ཕྱིན་རག་བར་དུ་རྒྱུན་སྐྱོང་ངེས་པ་ཁས་བླངས། ལེ་དབར་སྟོང་ཕྲག་བརྒལ་བའི་བྱམས་སེམས་དེས་དཔལ་འབྱོར་གྱི་འདེགས་སྐྱོར་ཡིན་པ་མ་ཟད། བཟའ་མི་ལྟ་བུའི་ཐུགས་ཁུར་དང་རེ་འདུན་མཚོན་ཡོད།

རོགས་སྐྱོར་ཐོབ་པའི་སློབ་མས“ཨ་ཕ་ཀྲང་ལགས་དང་ཨ་ཕ་ཀྲུང་ལགས་ལ་ཐུགས་རྗེ་ཆེ་ཞུ། ང་ཚོས་སློབ་སྦྱོང་ལ་བརྩོན་པ་བསྐྱེད་དེ། མ་འོངས་པར་དཀའ་ངལ་ཅན་ལ་རོགས་སྐྱོར་བྱ་ངེས་ཡིན”ཞེས་སེམས་བསམ་པའི་གཏིང་ནས་བཀའ་དྲིན་ཞུས།

རྒྱུས་ལོན་པ་ལྟར་ན། དེ་ནི་ས་གནས་གཉིས་ཀྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“གྲུ་གཟིངས་དམར་པོ་འཚར་ལོངས”སྤྱི་ཕན་སློབ་སྐྱོར་གྲོས་མཐུན་བཞག་རྗེས་ཀྱི་མཉམ་ལས་ཞིག་རེད། མིག་སྔའི་བར་ནན་ཧུའུ་ཁུལ“བྱམས་ལྡན་ཕ་མ”ཚོགས་པས་མཛོད་དགེ་རྫོང་གི་དཀའ་ངལ་ཅན་གྱི་བྱིས་པ་26ལ་རོགས་སྐྱོར་བྱེད་མུས་རེད། ཞལ་འདེབས་མ་དངུལ་སྒོར་ཁྲི་20ལྷག་ཟིན་ཡོད།