མཛོད་དགེའི་རྒྱལ་ཁབ་སྤྱི་གླིང་མཁའ་མཐའི་འགྲན་ཕྲན་རི་མ་ཐང་རྐང་རྒྱུག་འགྲན་བསྡུར་སྤེལ་འགོ་བརྩམས།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༨ ཚེས་ ༡༢

དབྱར་གཞུང་གི་མཛོད་དགེ་རྩྭ་ཐང་ལྗང་མདོག་གིས་ཁེངས། སྤྱི་ཟླ་8པའི་ཚེས་9ཉིན། 2025ལོའི་མཛོད་དགེའི་རྒྱལ་ཁབ་སྤྱི་གླིང་མཁའ་མཐའི་ལམ་ཕྲན་རི་མ་ཐང་རྐང་རྒྱུགས་འགྲན་བསྡུར་བྱང་སྐྱོད་ཐང་ཆེན་ནས་སྤེལ་འགོ་ཚུགས། འགོ་ཚུགས་མཛད་སྒོ་རུ་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གར་འཁྲབ་བཞིན་འགྲན་ཞུགས་པ་རྣམས་ལ་བཀྲ་ཤིས་ཁ་གཡང་བརྗོད།

སྤྱི་ཟླ་8པའི་ཚེས་10ཉིན་གྱི་སྔ་དྲོའི་ཆུ་ཚོད་8གྱི་སྟེང་ལ་འགོ་རྩོམ་མེ་མདའ་གྲགས་པ་དང་བསྟུན་ནས། འགྲན་ཞུགས་པ་རྣམས་ཐང་སྐྱོད་ཐང་ཆེན་ནས་ལམ་ལ་ཆས་ཏེ་རང་སོའི་དམིགས་སར་ཕྱིན། ཁོ་ཚོ་གྲོང་ཁུལ་ལམ་ལ་ཆས་ཏེ་ཁོད་ཡངས་པའི་རྩྭ་ཐང་ཆེན་མོར་རྒྱུགས་པ་དང་མཛོད་དགེའི་ཕུན་སུམ་ཚོགས་པའི་རང་བྱུང་མཛེས་ལྗོངས་མིག་གི་དགའ་སྟོན་དུ་མངོན། འགྲན་ཞུགས་པ་རྣམས་ཀྱིས་མཁའ་མཐའི་ལམ་ཕྲན་དུ་རང་ཉིད་ལ་འགྲན་སློང་བྱེད་ཞོར་མཛེས་ལྗོངས་ལ་མྱོང་རོལ་བྱས། སི་ཁྲོན་ནུབ་བྱང་མཐོ་སྒང་གི་རང་བྱུང་མཛེས་ལྗོངས་དེ་ནས་སྲོལ་རྒྱུན་གྱི་འཚོ་བ་རོལ་སྟངས་ཉམས་ལེན་བྱས། དེ་དང་ཆབས་ཅིག་ངོ་མཚར་བའི་འགྲན་རིམ་དེས་ལམ་འགྲམ་གྱི་ལྟད་མོ་བའི་ཡིད་ཀྱི་དང་བ་དྲངས། ཁོ་ཚོས་འགྲོ་མཚམས་བཞག་ནས་འགྲན་ཞུགས་པ་རྣམས་ལ་བཀྲ་ཤིས་ཁ་གཡང་བོས་བ་དང་། དེས་མཛོད་དགེའི་རྒྱལ་ཁབ་སྤྱི་གླིང་མཁའ་མཐའི་ལམ་ཕྲན་རི་མ་ཐང་རྐང་རྒྱུགས་འགྲན་ཐེངས་དེར་ཐུན་མིན་གྱི་གསོན་ཤུགས་འཕེལ་དུ་བཅུག །འགྲན་བསྡུར་དེས་རྒྱལ་ཡོངས་ས་གནས་སོ་སོ་ནས་ཡོང་བའི་ཡུལ་སྐོར་བ་རྣམས་ལ་རང་བྱུང་ཁམས་ཆེན་པའི་པང་དུ་ལོག་ནས་དེའི་མཛེས་ཉམས་རོལ་བའི་གོ་སྐབས་བྱིན། དེ་ནི་ལུས་རྩལ་འགྲན་ཚོགས་ཀྱི་རྒྱས་སྟོན་ཞིག་ཡིན་ལ། མཛོད་དགེའི་སྐྱེ་ཁམས་མིང་བྱང་ཡུལ་ཕྱོགས་ཀུན་ལ་སྒྲོག་པའི་གོ་སྐབས་ཞིག་ཀྱང་ཡིན། མི་མང་པོར་མཛོད་དགེ་ལ་གསར་ཆ་ཡོད་པར་བྱས་ཏེ་འཛམ་གླིང་གི་མཐོང་ལམ་དུ་མངོན།

རྒྱུས་ལོན་པ་ལྟར་ན། མཛོད་དགེའི་རྒྱལ་ཁབ་སྤྱི་མཁའ་མཐའི་ལམ་ཕྲན་རི་མ་ཐང་རྐང་རྒྱུགས་འགྲན་བསྡུར་སྐབས་གསུམ་པའི་ཡིད་དབང་འགུག་ཤུགས་ཆེ་རུ་ཕྱིན། འགྲན་ཞུགས་པ་ན་ནིང་དང་བསྡུར་ན་ལྡབ་གཅིག་འཕར་ཡོད། འགྲན་ཞུགས་པའི་ནང་ན་ལོ་6གྱི་གྲོགས་པོ་ཆུང་ཆུང་དང་ལོ་60སླེབས་པའི་རྒན་པ་འདུག །ལོ་ཚོད་མི་འདྲ་བའི་འགྲན་ཞུགས་པ་འགྲན་ར་གཅིག་ཏུ་འཛོམས་པ་དེས“དམངས་ཡོངས་འགྲན་རྒྱུགས་ལ་ཚད་བཀག་མེད་པའི”འགྲན་བསྡུར་གྱི་སྙིང་དོན་ལེགས་པར་མཚོན།