2025ལོའི་ཁྲེང་ཏུའུ་འཛམ་གླིང་ལུས་རྩལ་འགྲན་ཚོགས་འགོ་བརྩམས།
ཡོང་ཁུངས། སི་ཁྲོན་བོད་སྐད་རླུང་འཕྲིན།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༨ ཚེས་ ༨

2025ལོའི་སྐབས་12པའི་ཁྲེང་ཏུའུ་འཛམ་གླིང་ལུས་རྩལ་འགྲན་ཚོགས་ནི་ཀྲུང་གོའི་སྐམ་ས་ཆེན་པོ་རུ་ཚོགས་ཐེངས་དང་པོ་ཡིན་ལ། སྤྱི་ཟླ་8པའི་ཚེས་7ཉིན་ནས་ཚེས་17ཉིན་གྱི་བར་འཚོགས་རྒྱུ་རེད། དེ་ནི་ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་ཕུད་པའི་ཆུ་ཚད་ཆེས་མཐོ་བའི་རྒྱལ་སྤྱིའི་ཕྱོགས་འདུས་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་ཤིག་ཡིན་ལ།ཐེངས་འདིའི་འཛམ་གླིང་ལུས་རྩལ་འགྲན་ཚོགས་ཐོག་རྣམ་གྲངས་ཆེ་གྲས་35དང་། ཡན་ལག་རྣམ་གྲངས་61། རྣམ་གྲངས་ཆུང་གྲས་254བཀོད་སྒྲིག་བྱས་ཡོད་ལ།དེ་དག་ཚོགས་ར་28ནས་འགྲན་བསྡུར་བྱ་རྒྱུ་རེད། ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ལ་མཐའ་ཡས་ལུས་རྩལ། ངོ་མཚར་ཁྲི་སྟོང་ཞེས་པ་བརྗོད་གཞིར་བཟུང་སྟེ། ལུས་རྩལ་དང་རིག་གནས་མཉམ་འདྲེས་དང་ཤེས་དཔལ་མཉམ་སྤྱོད་ཀྱི་རྒྱལ་སྤྱིའི་སྟེགས་བུ་འཛུགས་རྒྱུ་རེད།

