གྲངས་གཞི་ལས་བོད་ལྗོངས་ཀྱི་ལོ་60ཡི་འཕོ་འགྱུར་ལ་བལྟ་བ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༨ ཚེས་ ༦

སྤྱི་ཟླ་8པའི་ཚེས་5ཉིན་གྱི་སྔ་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་ཚུན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ངོ་སྤྲོད་བྱས་པ་རེད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཡོངས་བསྒྲགས་ཚོགས་འདུའི་ཐོག་ལོ་ངོ་60སོང་ཚུན་གྱི་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་ངོ་སྤྲོད་གནང་བ་རེད།

གཅིག །སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་བརྟན་ལྷིང་བྱུང་བ།

བོད་རང་སྐྱོང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ཏེ། ཚན་རིག་ཅན་གྱི་ལམ་སྲོལ་དང་རྒྱུན་རྣམ་ཅན། ཁྲིམས་སྐྱོང་ཅན་འདུ་ཤེས་བཅས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་ལས་དོན་དུས་རྟག་ཏུ་སྤེལ་བ་དང་གཞི་རིམ་དུ་དོན་འཁྱོལ་ཏན་ཏིག་བྱས་པས། མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་བློ་ཡིད་ཚིམ་ཚད་རྒྱུན་མཐུད་99%ཡན་རྒྱུན་འཁྱོངས་ཐུབ་ཡོད།

གཉིས། དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ།

1.སྤྱི་ལོ་2024ལོར། བོད་ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་2765

ཟིན་པ་དེ་འགྱུར་མེད་རིན་གོང་ལྟར་བརྩིས་ན་སྤྱི་ལོ་1965ལོའི་ལྡབ་155ཡིན་པ་དང་། ལོ་རེར་8.9%འཕར་ཡོད།

2.སྤྱི་ལོ་2024ལོར། ས་གནས་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར་277ཟིན་པ་དེ་སྤྱི་ལོ་1965ལོའི་ལྡབ་1258ཡིན་པ་དང་། ལོ་རེར་12.9%འཕར་ཡོད། 

གསུམ། རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་པ།

མཚོ་བོད་དང་ཁྲོན་བོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པ་ནས་མཚོ་བོད་ལྕགས་ལམ་བསྐྲུན་ནས་འཁོར་སྐྱོད་བྱེད་པའི་བར་དང་། ད་དུང་བསྐྱར་དར་རྟགས་ཅན་གྱི་མེ་འཁོར་གངས་ལྗོངས་ས་མཐོར་བསྐྱོད་པའི་བར། བོད་ལྗོངས་འདི་ཉིད་མི་ཕྱུགས་ཀྱི་སྒལ་པར་བརྟེན་ནས་དངོས་ཟོག་དབོར་འདྲེན་བྱེད་པའི་ལོ་རྒྱུས་མཇུག་སྒྲིལ་ནས། གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ་བཅས་ཚུད་པའི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་རྒྱ་ཞིག་རིམ་བཞིན་ཆགས་ཡོད།

1.སྤྱི་ལོ་2024ལོའི་ལོ་མཇུག་བར། བོད་ལྗོངས་ཀྱི་གཞུང་ལམ་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཚད་དང་ལྕགས་ལམ་འཁོར་སྐྱོད་ལམ་ཚད་ཁག་སོ་སོ་སྤྱི་ལེ་ཁྲི་12.49དང་སྤྱི་ལེ་1359ཟིན་པ་དང་། རྒྱལ་སྤྱི་རྒྱལ་ནང་གི་མཁའ་ལམ་183ཟིན་ཡོད། 

2.མཚོ་བོད་དང་། ཁྲོན་བོད། བོད་དབུས་རྒྱུད། མངའ་རིས་བཅས་སུ་གློག་དྲ་4བསྐྲུན་ནས་སྤྱོད་འགོ་ཚུགས་ཤིང་། གློག་དྲ་གཙོ་བོ་རྫོང་ཚང་མར་ཁྱབ་ཡོད། 

3.གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་གནད་དོན་རྩ་བ་ནས་སེལ་བ་དང་། སྲིད་འཛིན་གྲོང་ཚོ་ཚང་མར་འོད་སྐུད་དང་4Gདྲ་རྒྱ་ཤར་གཏོང་ཐུབ་ཡོད།

བཞི། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་ཇེ་མཐོར་སོང་བ།

དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་སྟེ་བོད་ལྗོངས་འདི་ཉིད་ལོ་ངོ་སྟོང་གི་ལྟོས་མེད་དབུལ་ཕོངས་ཀྱི་གནས་ལས་སྒྲོལ་ཡོད།

1.སློབ་གསོའི་བྱ་གཞག་སྔོན་ལ་འཕེལ་རྒྱས་བཏང་སྟེ། བུ་གསོ་ཁང་ནས་མཐོ་རིམ་སློབ་འབྲིང་བར་གྱི་ལོ་ངོ་15ཡི་རིང་གི་གཞུང་གྲོན་སློབ་གསོ་སྔ་སྣུར་དུ་ལག་བསྟར་བྱས་ཡོད། 

2.ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་། སྲུང་སྐྱོང་། བེད་སྤྱོད་བཅས་ནུས་ལྡན་བྱུང་བ་དང་། སྤྱི་པའི་རིག་གནས་ཀྱི་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད།

3.གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་དང་། ཞིང་འབྲོག་པའི་བདེ་ཐང་བརྟག་དཔྱད་ཡོངས་ཁྱབ་བྱུང་ནས་བོད་ལྗོངས་ཡོངས་ཀྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་72.5བར་མཐོ་རུ་ཕྱིན་ཡོད།

4.གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་དེང་རབས་ཅན་གྱི་ཁྱད་ཆོས་ལྡན་པའི་གྲོང་རྡལ་ཆུང་ཆུང་རེ་རེ་གངས་ལྗོངས་ས་མཐོའི་སྟེང་དུ་འགྱིང་ངེར་ཆགས་ཡོད།

ལྔ། སྐྱེ་ཁམས་བདེ་འཇགས་འགོག་སྲུང་ཉིན་རེ་བཞིན་སྲ་བརྟན་དུ་ཕྱིན་པ།

1.སྐྱེ་ཁམས་སྔོན་འཇོག་དང་སྲུང་སྐྱོང་ཨང་དང་པོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་ནན་པོ་བྱས་ནས་ལྗོངས་ཡོངས་ཀྱི་གཞུང་ཁོངས་ས་ཆ་50%ཡན་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ནང་བཅུག་ཡོད།

2.རི་ཆུ་ནགས་ཞིང་དང་། མཚེའུ་དང་རྩྭ་ཐང་། བྱེ་ས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་གཅིག་གྱུར་འཆར་འགོད་བྱས་ནས་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། ལྷག་པར་དུ་ཉེ་བའི་ལོ་ཤས་རིང་། ལྷོ་བྱང་རི་རྒྱུད་སྔོ་འགྱུར་ལས་གྲྭ་ལག་བསྟར་བྱས་ནས་ནགས་བཟོ་མུའུ་ཁྲི་100ལྷག་ཙམ་བྱས་པ་དང་། ལྗོངས་ཡོངས་ཀྱི་ནགས་ཚལ་ཁེབས་ཚད་12.31%བར་མཐོ་རུ་ཕྱིན་ཡོད། 

3.སྣོད་བཅུད་ལས་གནས་ཁྱོན་ཁྲི་44ལྷག་བཙུགས་པ་དང་། ལོ་རེར་སྤྲད་པའི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་15ལྷག་ཟིན་པས། སྣོད་བཅུད་འཛུགས་སྐྲུན་ཁྲོད་ནས་མི་དམངས་མང་ཚོགས་ཕྱུག་པོའི་ལམ་དུ་སྐྱོད་ཐུབ་པ་བྱུང་ཡོད།

4.བོད་ལྗོངས་ཀྱི་ཁོར་ཡུག་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་99.7%ཡན་ལ་སླེབས་པ་དང་། གཙང་ཆུ་དང་མཚེའུ་གཙོ་བོའི་ཆུའི་སྤུས་ཚད་100%ལ་སླེབས་ཤིང་། བོད་ལྗོངས་ནི་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན། 

དྲུག །བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གང་ལེགས་བྱུང་བ།

མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་།དམངས་གཙོའི་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ། མི་རིགས་ཁག་གི་མི་དམངས་ཁྲིམས་ལྟར་སྲིད་ཞུགས་སྲིད་གྲོས་བྱེད་པའི་དབང་ཆ་ཡོངས་སུ་འགན་སྲུང་ཐུབ་ཡོད།

1.བོད་ལྗོངས་ཡོངས་སུ་རིམ་བཞིའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁྱོན་བསྡོམས་42153ཡོད་པ་དང་། བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གིས་89.2%ཟིན་པ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་ནང་བོད་རིགས་ཀྱི་འཐུས་མི་24ཡོད་པ་དེའི་ནང་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་འཐུས་མི་16ཀྱིས་བརྒྱ་ཆ་66.7%ཟིན་པ། མོན་པ་རིགས་དང་ལྷོ་པ་རིགས་སོགས་མི་འབོར་ཅུང་ཉུང་བའི་མི་རིགས་ལ་ཡང་རང་ཉིད་ཀྱི་འཐུས་མི་ཡོད།

2.བོད་སྡོད་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་29ཡོད་པའི་ནང་གྲངས་ཉུང་མི་རིགས་ཀྱི་ཨུ་ཡོན་གྱིས་86.2%ཟིན་ཡོད།

3.གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་པ་དང་། སྲིད་འཛིན་གྲོང་ཚོར་གྲོང་ཚོའི་ལས་དོན་སྤྱི་བསྒྲགས་སྒྲོམ་བཙུགས་པས་མང་ཚོགས་ཀྱིས་གནས་ཚུལ་ཤེས་དབང་དང་། ཞུགས་པའི་དབང་ཆ། ཇུས་ཐག་གཅོད་པའི་དབང་ཆ། ལྟ་སྐུལ་བྱེད་པའི་དབང་ཆ་བཅས་ལ་འགན་སྲུང་ཧུར་ཐག་ཐུབ་ཡོད།

བདུན། ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ།

ལོ་ངོ་60ཡི་རིང་། བོད་ལྗོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་ཆུང་བ་ནས་ཆེ་རུ་དང་། ཉམས་ཞན་ནས་སྟོབས་ལྡན་དུ་གྱུར་བ་དང་། ཏང་འཛུགས་སྐྱོང་ཚན་རིག་ཅན་དང་ལམ་ལུགས་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཞིང་། ཏང་གི་སྲིད་སྐྱོང་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། 

1.སྤྱི་ལོ་2024ལོར་བོད་ལྗོངས་ཡོངས་ཀྱི་ཏང་ཡོན་མི་གྲངས་རང་སྐྱོང་ལྗོངས་དབུ་བརྙེས་སྐབས་ཀྱི་ཁྲི་1.48ནས་ཁྲི་47.04བར་མང་དུ་ཕྱིན་ཡོད། 

2.གཞི་རིམ་ལ་དམ་འཛིན་ཆེན་པོ་བྱེད་པའི་ཁ་ཕྱོགས་གསལ་པོ་མཐའ་འཁྱོངས་བྱས་ཏེ། སྤྱི་ལོ་2011ལོ་ནས་བཟུང་། ལས་བྱེད་པ་ཁག་14དང་མི་གྲངས་ཁྲི་29.7ལྷག་གྲོང་ཚོར་བཅའ་སྡོད་བྱས་ཏེ་མུ་མཐུད་མང་ཚོགས་ཀྱི་དོན་དག་དངོས་སྒྲུབ་པ་དང་དཀའ་ངལ་ཐག་གཅོད་བྱས་ཏེ། ཏང་དང་མང་ཚོགས་དབར་སྦྲེལ་ཟམ་བསྐྲུན་ཡོད།