ཨེ་ཙིའི་ནད་དང་མཆིན་ཚད་ག་པའི་ཤེས་བྱ་ཁྱབ་གདལ་བཏང་།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༧ ཚེས་ ༣༡

སྤྱི་ཟླ་7པའི་ཚེས་28ཉིན་ནི“འཛམ་གླིང་མཆིན་ཚད་ཉིན་མོ”15པ་ཡིན། དམངས་ཡོངས་ཀྱིས་ནད་དུག་རང་བཞིན་གྱི་མཆིན་ཚད་དང་ཨེ་ཙེའི་ནད། མཆིན་ཚད་ག་པ་བཅས་ཀྱི་འགོག་བཅོས་འདུ་ཤེས་སྔར་བས་ཆེ་རུ་གཏོང་ཆེད། མཛོད་དགེ་རྫོང་རིམས་འགོག་ལྟེ་གནས་ཀྱིས་ལས་དོན་མི་སྣས་བྱེད་སྒོ་རབ་དང་རིམ་པ་སྤེལ།

ཡུལ་དངོས་སུ་རིམས་འགོག་ལྟེ་གནས་ཀྱི་ལས་གཉེར་བས་ཨེ་ཙིའི་ནད་དང་མཆིན་ཚད་ག་པའི་འགོག་བཅོས་ཤེས་བྱ་གསལ་བཤད་ཞིབ་ཕྲ་བྱས་པ་དང་ཆབས་ཅིག་ཚང་མས་བཏོན་པའི་དོགས་གཞིར་འགྲེལ་ལན་བཏབ།

དྲིལ་བསྒྲགས་བྱེད་སྒོ་དེ་བརྒྱུད་ནས་སྤྱི་ཚོགས་ཀྱིས་ནད་དུག་རང་བཞིན་གྱི་མཆིན་ཚད་དང་ཨེ་ཙིའི་ནད། མཆིན་ཚད་ག་པའི་ནད་པར་མཐོང་ཆུང་བྱེད་ཚད་ཇེ་ཉུང་དུ་བཏང་། དེ་ནི་ཡར་སྐུལ་དང་བདེ་ཐང་། འཆམ་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་བསྐྲུན་ནས། སྤྱི་ཚོགས་ཡོངས་ལ་རིམས་ནད་འགོག་བཅོས་བྱེད་པའི་སྐུལ་སེམས་བསྐྱེད་དེ། མང་ཚོགས་ཀྱིས་ཨེ་ཙིའི་ནད་དང་མཆིན་ཚད་ག་པར་ངོས་འཛིན་གསལ་པོར་ཡོད་པར་བྱས། “རང་ཉིད་ནི་བདེ་ཐང་གི་འགན་འཁུར་བ་དང་པོ་ཡིན་པའི”འདུ་ཤེས་མི་སེམས་ལ་བཞག་ནས། མང་ཚོགས་ཀྱི་རང་ངོས་འགོག་བཅོས་དང་རང་འགུག་བརྟག་དཔྱད། སྨན་བཅོས་ཀྱི་འདུ་ཤེས་ལེགས་པོ་བསྐྱེད། བྱེད་སྒོ་སྤེལ་རྗེས་འདྲི་ཤོག་ལས་མངོན་པ་ལྟར་ན། མང་ཚོགས་90%ཡིས་ཨེ་ཙིའི་ནད་དང་མཆིན་ཚད་ག་པའི་འགོག་བཅོས་ཤེས་བྱར་རྒྱུས་ལོན་ཟབ་མོ་བྱུང་ཅེས་བཤད།

དྲིལ་བསྒྲགས་བྱེད་སྒོ་དེར་ཨེ་ཙིའི་ནད་ཀྱི་སྒྲོག་ཤོག་120ལྷག་དང་། མཆིན་ཚད་ག་པའི་སྒྲོག་ཤོག་120ལྷག་བཀྲམ་པ་དང་། ལེགས་སྐྱེས་120ལྷག་བྱིན། ཨེ་ཙིའི་ནད་དང་མཆིན་ཚད་ག་པ། རེང་དུག་བཅས་ཀྱི་འདྲི་ཤོག་50ལྷག་བཀྲམ།