མཚོ་སྔོན་བོད་ཀྱི་ས་གདན་གྱིས་གྲོང་གསེབ་དར་སྤེལ་གྱི་བགྲོད་ལམ་གསར་པ་བཏོད་པ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༧ ཚེས་ ༢༤

པར་འདི་ནི་ཟླ7པའི་ཚེས21ཉིན་ལས་བཟོ་པ་ཞིག་གིས་ཟི་ལིང་གྲོང་ཁྱེར་ཧྲེན་ཡོན་ས་གདན་ཚོགས་པ་ཚད་ཡོད་ཀུང་ཟིའི་ཐོན་སྐྱེད་བཟོ་ཁང་ནས་མེ་ཏོག་གཙག་པའི་ཚུལ་རེད།

མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་གྱི་ཧྲེན་ཡོན་ས་གདན་སྡེ་ཚོགས་ཚད་ཡོད་ཀུང་སི་ནི་2007ལོར་བཙུགས་ཤིང་། བོད་ཀྱི་ས་གདན་ཇུས་འགོད་དང་ཐོན་སྐྱེད་བྱེད་པའི་དམངས་གཉེར་ཁེ་ལས་ཤིག་ཡིན། ཀུང་སི་བཙུགས་པའི་ཚུན། ཧུར་ཐག་གིས་མཐའ་འཁོར་ཤང་གྲོང་གི་ངལ་རྩོལ་པ་བསྡུ་ལེན་བྱས་ནས། ཆེས་ཐོག་མའི་མི་20ལྷག་ནས་ད་ལྟའི་མི་400ཙམ་ཡོད་པར་འཕེལ་རྒྱས་ཕྱིན་ལ། ལས་བཟོ་པའི་90%ནི་མཐའ་འཁོར་གྱི་སྡེ་བ་ནས་ཡོང་བ་ཡིན་ཞིང་། བོད་རིགས་དང་ཧོར་རིགས་སོགས་གྲངས་ཉུང་མི་རིགས་མང་པོ་ཡོད།

བོད་ཀྱི་ས་གདན་ནི་འཛམ་གླིང་གི་ས་གདན་གྲགས་ཆེན་གསུམ་གྱི་གྲས་ཡིན་པ་དང་། རྒྱུ་ཆ་ཚང་མ་ནི་བོད་ཀྱི་ལུག་དང་འབྲི་གཡག་སོགས་ཀྱི་ཁུ་ལུ་ཡིན་ལ། རྒྱ་གཡག་བོད་རུམ་བཟོ་རྩལ་ནི་2006ལོར་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་མིང་མཛོད་ནང་ཚུད་ཡོད།

ཉེ་བའི་ལོ་འགའི་རིང་། མཚོ་སྔོན་གྱིས་ཁྱད་དུ་འཕགས་པའི་རང་བྱུང་ཐོན་ཁུངས་དང་སྣ་མང་མི་རིགས་རིག་གནས་ཀྱི་ལེགས་ཆར་བརྟེན་ནས། བོད་ཀྱི་ས་གདན་ཁེ་ལས་མགྱོགས་མྱུར་ངང་ལེགས་བཅོས་རིམ་སྤར་བྱེད་པར་སྣེ་ཁྲིད་དེ། ཚོང་རའི་དགོས་མཁོར་བསྟུན་ནས། དེང་རབས་ཚན་རྩལ་དང་སྲོལ་རྒྱུན་ལག་རྩལ་མཉམ་འདྲེས་ཀྱི་བགྲོད་ལམ་དུ་བསྐྱོད་པར་འཚོལ་ཞིབ་བྱས་ཤིང་། སྲོལ་རྒྱུན་ལག་རྩལ་རྒྱུད་འཛིན་བྱེད་པའི་ཞོར་དུ་གྲོང་གསེབ་དར་སྤེལ་ལ་སྒུལ་ནུས་གསར་པ་བསྩལ།

པར་འདི་ནི་ཟླ་7པའི་ཚེས་21ཉིན་ལས་བཟོ་པ་ཞིག་གིས་ཟི་ལིང་གྲོང་ཁྱེར་ཧྲེན་ཡོན་ས་གདན་ཚོགས་པ་ཚད་ཡོད་ཀུང་ཟིའི་ཐོན་སྐྱེད་བཟོ་ཁང་ནས་ས་གདན་འཐག་པའི་ཚུལ་རེད།

པར་འདི་ནི་ཟླ་7པའི་ཚེས་21ཉིན་ལས་བཟོ་པ་ཞིག་གིས་ཟི་ལིང་གྲོང་ཁྱེར་ཧྲེན་ཡོན་ས་གདན་ཚོགས་པ་ཚད་ཡོད་ཀུང་ཟིའི་ཐོན་སྐྱེད་བཟོ་ཁང་ནས་ས་གདན་ལས་སྣོན་བྱེད་པའི་ཚུལ་རེད།

པར་འདི་ནི་ཟླ་7པའི་ཚེས་21ཉིན་ལས་བཟོ་པ་ཞིག་གིས་ཟི་ལིང་གྲོང་ཁྱེར་ཧྲེན་ཡོན་ས་གདན་ཚོགས་པ་ཚད་ཡོད་ཀུང་ཟིའི་ཐོན་སྐྱེད་བཟོ་ཁང་ནས་ས་གདན་ལས་སྣོན་བྱེད་པའི་ཚུལ་རེད།

པར་འདི་ནི་ཟླ་7པའི་ཚེས་21ཉིན་ཟི་ལིང་གྲོང་ཁྱེར་ཧྲེན་ཡོན་ས་གདན་ཚོགས་པ་ཚད་ཡོད་ཀུང་ཟིའི་ཐོན་སྐྱེད་བཟོ་ཁང་དུ་ལས་བཟོ་པ་ཞིག་གིས་ས་གདན་ལས་སྣོན་བྱེད་པའི་ཚུལ་རེད།

པར་འདི་ནི་ཟླ་7པའི་ཚེས་21ཉིན་ཟི་ལིང་གྲོང་ཁྱེར་ཧྲེན་ཡོན་ས་གདན་ཚོགས་པ་ཚད་ཡོད་ཀུང་ཟིའི་ཐོན་སྐྱེད་བཟོ་ཁང་དུ་པར་བླངས་པའི་ས་གདན་འགྲེམ་ཁུལ་རེད།

པར་འདི་ནི་ཟླ་7པའི་ཚེས་21ཉིན་ཟི་ལིང་གྲོང་ཁྱེར་ཧྲེན་ཡོན་ས་གདན་ཚོགས་པ་ཚད་ཡོད་ཀུང་ཟིའི་ཐོན་སྐྱེད་བཟོ་ཁང་དུ་ལས་བཟོ་པ་ཞིག་གིས་ས་གདན་ལས་སྣོན་ལག་ཆ་ཞིག་གསོ་བྱེད་པའི་ཚུལ་རེད།