“དྲ་མིག་དངོས་གཉེར”ལ་གཞིགས་ནས་རྒན་པར་ཞབས་འདེགས་ཞུས།

མངའ་ཁོངས་ཀྱི་ལོ་ལོན་རྣམས་ལ་དུས་ཐོག་ཏུ་སྤྱི་ཚོགས་འགན་སྲུང་དཔང་ཡིག་བཀོད་ནས་སྤྱི་ཚོགས་འགན་སྲུང་ལོངས་སྤྱོད་ཐུབ་པར་འགན་ལེན་བྱ་ཆེད། ཉེ་ཆར། མཛོད་དགེ་རྫོང་ཐང་སྐོར་གྲོང་རྡལ་གྱིས་དྲ་མིག་ལས་གཉེར་བ་སྒྲིག་འཛུགས་བྱས་ནས་ལོ་ལོན་རྣམས་ལ་སྤྱི་ཚོགས་འགན་སྲུང་དཔང་ཡིག་འགོད་རོགས་བྱས་ཏེ། ལོ་ལོན་རྣམས་ཀྱིས་རིག་ནུས་ལག་རྩལ་སྤྱོད་དཀའ་བའི་གནད་དོན་ཐག་གཅོད་བྱས།
གནས་ཚུལ་གསལ་རྟོགས་སྒོས་དགོས་མཁོར་རྒྱུས་ལོན་བྱས། དུས་སྔོན་ལ་ཡིག་ཚགས་ལྟ་ཀློག་དང་ཁ་པར་བཏང་བ་བརྒྱུད་མངའ་ཁོངས་ཀྱི་ལོ་ན་ཆེ་ལ་འགྲོ་སྐྱོད་སྟབས་བདེ་མིན་པ། བདག་སྐྱོང་བ་མེད་པའི་ལོ་ལོན་རྒན་པའི་མིང་ཐོ་ལེགས་སྒྲིག་བྱས། ཁྱིམ་དུ་ཞབས་ཞུ་འདོན་ཡུལ་གསལ་པོར་བཀོད་དེ་བྱ་བ་ལེགས་པོ་བསྒྲུབས།
ཁྱིམ་དུ་སོང་ནས་ངང་རྒྱུད་རིང་པོས་མཛུབ་སྟོན་བྱས། དྲ་མིག་ལས་གཉེར་བས་ཁ་པར་ཁྱེར་ནས་ལོ་ལོན་གྱི་ཁྱིམ་དུ་དཔང་འགོད་ཞབས་ཞུ་བཏོན། ཐོ་འགོད་བརྒྱུད་རིམ་གསལ་བཤད་བྱས་ནས་ལོ་ལོན་རྣམས་ལ་གདོང་འབྱེད་ལས་རིམ་གསལ་པོར་སྟོན། ལེགས་འགྲུབ་མ་བྱུང་བར་འགན་སྲུང་གསབ་དངུལ་འབྱོར་དཀའ་བའི་གནད་དོན་ཡོད་པས། དུས་ཐོག་ཏུ་སྤྱི་ཚོགས་འགན་སྲུང་སྡེ་ཁག་དང་མཐུན་སྦྱོར་བྱས་ཏེ་ཐག་གཅོད་བྱས།

ཐུགས་ཁུར་ཟབ་གཞེས་གནང་ནས་ཞབས་ཞུ་གང་ལེགས་བཏོན། ཁྱིམ་དུ་སོང་ནས་ཞབས་ཞུ་འདོན་པའི་བརྒྱུད་རིམ་ཁྲོད་དྲ་མིག་ལས་གཉེར་བས་རང་འགུལ་གྱིས་ལོ་ལོན་རྒན་པའི་ལུས་ཕུང་བདེ་ཐང་དང་འཚོ་བའི་དགོས་མཁོར་རྒྱུས་ལོན་བྱས། ཁོ་ཚོར་དབྱར་དུས་སུ་ཞོད་འགོག་དང་གློག་སྤྱོད་བདེ་འཇགས་ལ་གཟབ་དགོས་པའི་དྲན་སྐུལ་བྱས། དུས་མཚུངས་སུ་སྤྱི་ཚོགས་འགན་སྲུང་སྲིད་ཇུས་དང་འབྲེལ་ཡོད་དམངས་ཕན་ཞབས་ཞུ་དྲིལ་བསྒྲགས་བྱས་ནས། ལོ་ལོན་རྣམས་ལ་ཐང་སྐོར་གྲོང་རྡལ་གྱི་བྱམས་སེམས་སྐྱེལ།
ཁྱིམ་དུ་སོངས་ནས་དཔང་འགོད་ལས་སྒོར་དེར་བསྡོམས་པས་ལོ་ལོན་426ལ་ཞབས་ཞུ་བཏོན་པ་དང་། ལོ་ལོན་གྱི“ཐོ་འགོད་དཀའ་བའི”གནད་དོན་ཐག་གཅོད་བྱས་པས་སྡེ་མི་རྣམས་ཀྱིས་གདེང་འཇོག་ལེགས་པོ་གནང་།