ཆོས་རྗེས་ཡུལ་ཚོས་བྱེད་ཐབས་སྣ་མང་སྤྱད་དེ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་རིམ་བཤེར་དང་ཚན་གཞི་མཐོ་བའི་སྒོ་ནས་ལྟ་ཞིབ་པའི་འགན་འཁྲི་འཁུར་མིན་ལ་འཐེན་བཤེར་བྱས།

ཉེ་ཆར་མཛོད་དགེ་རྫོང་ཆོས་རྗེ་ཡུལ་ཚོས་ཞོད་དུས་ཀྱི་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་ཏེ། ས་གཤིས་གནོད་འཚེའི་རྐྱེན་ངན་ཡོད་ཁུལ་དང་ཆུ་ལོག་འབྱུང་ཉེན་ཆེ་ཁུལ་དུ་མངོན་མིན་རྐྱེན་ངན་རིམ་བཤེར་དང་ལྟ་ཞིབ་པའི་འགན་འཁྲི་འཁུར་ཚུལ་ལ་འཐེན་བཤེར་བྱས། དེ་མིན་འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བཅོས་སྒྲིག་སོགས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་། “ཞིབ་བཤེར+བཅོས་སྒྲིག+ལྟ་སྐུལ་དོ་དམ”གྱི་ལས་རྣམ་བརྒྱུད་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱས།
ལས་རེས་བས་མངའ་ཁུལ་གྱི་ས་གཤིས་གནོད་འཚེའི་རྐྱེན་ངན་ཡོད་ཁུལ་དང་ཆུ་ལོག་འབྱུང་ཉེན་ཆེ་ཁུལ་ལ“ཡོངས་ཁྱབ”ཞིབ་བཤེར་བྱས་པ་དང་། འདམ་རྡོའི་ཆུ་ལོག་འབྱུང་ཉེན་ཆེ་བའི་མངོན་མེད་རྐྱེན་ངན་དང་ཆུ་ལམ་གྱི་ཆུ་ལོག་ཐེག་ནུས། ཉེན་བརྡའི་མཚོན་རྟགས་ཆ་ཚང་ཡིན་མིན་སོགས་ལ་ལྟ་ཞིབ་བྱས་ཏེ། མངོན་མེད་རྐྱེན་ངན་གྱི་འགུལ་རྣམ་ཞིབ་བཤེར་རྩིས་ཐོ་བཟོས། དེ་དང་ཆབས་ཅིག་ཡུལ་ཚོའི་ཆུ་ལོག་སྔོན་འགོག་གཞུང་དོན་ཁང་གིས་མངོན་མེད་རྐྱེན་ངན་གནས་ཁག་གི་ལྟ་ཞིབ་པར་ཁྱོན་ཡོངས་ནས་ལྟ་སྐུལ་ཞིབ་བཤེར་བྱས། ཡུལ་དངོས་ནས་ལྟ་ཞིབ་དང་ཁ་པར་བཏང་ནས་ཁོ་ཚོ་ལས་གནས་སུ་ཡོད་མེད་དང་ཉེན་བརྡ་ཡར་ཞུ། སྒྲིག་ཆས་བདག་སྐྱོང་ལེགས་པོ་འདུག་མིན་ལ་ཞིབ་བཤེར་བྱས། འཐེན་བཤེར་ཁྲོད་ལྟ་ཞིབ་ཚད་ལེན་གྱི་ཟིན་ཐོ་ཁག་གཅིག་ཚད་ལྡན་མིན་པ་དང་ཉེན་བརྡ་གཏོང་བའི་བརྒྱུད་རིམ་ལ་རྒྱུས་མངའ་མེད་པ་སོགས་ཀྱི་གནད་དོན་ཤེས་རྟོགས་བྱུང་བ་དང་། ཡུལ་དངོས་ནས་མཛུབ་ཁྲིད་བྱས་པ་ལྟར་བཅོས་སྒྲིག་བྱས། དེར་མ་ཟད་ཡུན་ཐུང་གསོ་སྦྱོང་སྒྲིག་འཛུགས་བྱས་ནས་ལྟ་ཞིབ་པའི་འགན་འཁྲིའི་འདུ་ཤེས་དང་ལས་སྒོའི་ནུས་པ་ཆེ་རུ་བཏང་།

མངའ་ཁུལ་གྱི་ལག་དུམ་རེ་འགར་རྡོ་ལྷུང་བ་དང་སྡོང་བོའི་ཡག་ལ་འགྱེལ་བ་སོགས་འགོག་དངོས་ཡོད་པའི་གནད་དོན་ལ་དམིགས་ནས། ཡུལ་ཚོའི་བགྲོད་ལམ་བདེ་འཇགས་ལས་སྒྲུབ་རུ་ཁག་གིས་འགྲིམ་འགྲུལ་ཅུས་ཀྱི་ལས་དོན་མི་སྣ་དང་གྲོང་སྡེ“ཨུ་ལྷན་གཉིས”དང་མཉམ་འབྲེལ་སྒོས་འཕྲལ་མར་མཁོ་བསྟུན་གཙང་བཤེར་བྱེད་འགོ་བརྩམས། འཕྲུལ་ཆས་དང་རླངས་འཁོར་བཀོད་སྒྲིག་བྱས་ནས་ལམ་གཙོ་བོ་དང་ཀྱོག་ལམ་གྱི་གནད་དོན་བཅོས་སྒྲིག་བྱས། ལས་དོན་མི་སྣས་ལག་པས་ལམ་ངོས་ཀྱི་རྡོ་དང་ཡལ་ག་སྐམ་པོ་གཙང་སེལ་བྱས། རྡོ་ཆེ་ན་འཕྲུལ་ཆས་ཀྱིས་དབོར་འདྲེན་བྱས། དེ་དང་ཆབས་ཅིག་རྡོ་ལྷུང་ཉེན་ཆེ་ཁུལ་དུ་ཉེན་བརྡའི་མཚོན་རྟགས་བཀོད། ལས་དོན་དེར་གཞུང་ལམ་གྱི་རྐྱེན་ངན་12སེལ་བ་དང་། རྡོ་སོགས་འགོག་དངོས་ཏུན་4གཙང་སེལ་བྱས་པས་གཞུང་ལམ་ཁོར་ཡུག་ཇེ་ལེགས་སུ་བཏང་། དེ་མིན་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་གནས་ཁུལ་དང་ཆུ་ལོག་འབྱུང་ཉེན་ཆེ་ཁུལ་18ལ་ཞིབ་བཤེར་བྱས། ལྟ་ཞིབ་པ་10ལ་ལྟ་སྐུལ་བྱས། གནད་དོན་ཁག་4བཅོས་སྒྲིག་བྱས།