མཛོད་དགེ་རྫོང་གིས་སློབ་གྲྭའི་དྲ་རྒྱའི་བདེ་འཇགས་སློབ་གསོ་སྤེལ་ནས་ནར་མ་སོན་པའི་ལོ་ཆུང་བྱིས་པར་དྲ་རྒྱ་སྲུང་ཡོལ་བསྐྲུན།

ནར་མ་སོན་པའི་ལོ་ཆུང་བྱིས་པར་བདེ་ཐང་ཡར་སྐུལ་གྱི་དྲ་རྒྱའི་རིག་གནས་གསོ་སྐྱོང་བྱས་ཏེ་ཁྲིམས་སྐྱོང་འདུ་ཤེས་ལེགས་པོ་བསྐྱེད་ཆེད། སྤྱི་ཟླ་6པའི་ཚེས་19ཉིན་ནས་སྤྱི་ཟླ་6པའི་ཚེས་23ཉིན་བར། མཛོད་དགེ་རྫོང་གི་སློབ་གསོའི་མ་ལག་གིས“ཤེས་དཔལ་དྲ་རྒྱའི་ཁོར་ཡུག་གཏོད་ནས་གཏུམ་སྤྱོད་ལ་རྒོལ་བ”ཞེས་སློབ་གྲྭའི་དྲ་རྒྱའི་བདེ་འཇགས་སློབ་གསོའི་བྱེད་སྒོ་སྤེལ། དྲིལ་བསྒྲགས་ཐབས་ལམ་སྣ་མང་བརྒྱུད་སྨྱན་སྦྱོར་གསར་པའི་སྟེགས་བུར་བསྒྲགས་ནས་ནར་མ་སོན་པའི་ལོ་ཆུང་བྱིས་པར་དྲ་རྒྱའི་བདེ་འཇགས་འཛིང་རགས་བརྟན་པོ་བསྐྲུན།

རྫོང་ཡོངས་ཀྱི་སློབ་གྲྭ་ཁག་གིས་འཛིན་གྲྭ་རེ་རེར་དྲ་རྒྱའི་བདེ་འཇགས་སློབ་གསོའི་བྱེད་སྒོ་སྤེལ། 《དྲ་རྒྱའི་གཏུམ་སྤྱོད་ཆ་འཕྲིན་བཅོས་སྐྱོང་གཏན་འབེབས》དང《ནར་མ་སོན་པའི་ལོ་ཆུང་བྱིས་པའི་དྲ་རྒྱ་སྲུང་སྐྱོབ་སྲོལ་ཡིག》གི་ནང་དོན་དྲིལ་བསྒྲགས་བྱས་པ་བརྒྱུད། གསོན་ཉམས་ལྡན་པའི་གྱོད་དཔེ་ལ་བརྟེན་ནས་དྲ་རྒྱའི་དཀྲོག་གཏམ་དང་དྲ་རྒྱའི་གཏུམ་སྤྱོད་ཀྱི་གནོད་འཚེ་དབྱེ་ཞིབ་བྱས། “དྲ་རྒྱ་ནི་སྒྲིག་ཁྲིམས་མེད་པའི་གནས་ཤིག་མ་ཡིན་པར། བསམ་སྦྱོར་གཉིས་ནས་ཁྲིམས་སྲུང་དགོས”ཞེས་དྲིས་ལན་འདེབས་པ་བཀོད་སྒྲིག་བྱས་ནས་སློབ་མར་དྲ་རྒྱའི་བར་སྟོང་གི་བྱ་སྤྱོད་མཐའ་ཐིག་བློ་ལ་གསལ་པོར་ངེས་པར་ཁྲིད་སྟོན་བྱས། “eདྲ་སྦྲེལ་ནས་རྔ་བ་བརྩེ་བས་ཕྱུག །འུ་ཅག་ཚང་མས་ཤེས་དཔལ་དྲ་སྦྲེལ་བྱ”དང་“འུ་ཅག་གིས་དྲ་རྒྱའི་དཀྲོག་གཏམ་དང་གཏུམ་སྤྱོད་གཏན་འགོག་བྱ”སོགས་ཀྱི་སྒྲོག་ཡིག་བཀོད་ནས་ཤེས་དཔལ་དྲ་རྒྱ་སྤྱོད་པའི་འདུ་ཤེས་ལེགས་པོ་བསྐྱེད། བྱེད་སྒོ་སྤེལ་ཡུལ་དུ་སློབ་མ་རྣམས་རྣམས་གྲོས་བསྡུར་ལ་ཞུགས་ནས“ཁྲིམས་ལྟར་དྲ་ཐོག་ཏུ་ཞུགས་ནས་དཔེ་བཟང་ཆུང་ཆུང་བྱ་རྒྱུ་ཡིན”ཞེས་བཤད་པས་སློབ་གསོའི་ཁོར་ཡུག་ལེགས་པོ་ཆགས་ཡོད།

ས་གནས་ཁག་གི་སློབ་གྲྭ་ཁག་གིས་དེང་རབས་ཀྱི་སློབ་གསོའི་ལག་རྩལ་སྤྱད་ནས་དྲིལ་བསྒྲགས་འཐབ་ཕྱོགས་ལེགས་པོ་བཙུགས། སློབ་གྲྭའི་LEDའཆར་ངོས་བརྒྱུད“འུ་ཅག་ཚང་མས་དྲ་རྒྱའི་དཀྲོག་གཏམ་རྒོལ”ཞེས་པའི་བརྙན་ཐུང་གང་མང་བསྟན་ནས་དྲ་རྒྱའི་ཆ་འཕྲིན་རྫུན་མ་ཁྱབ་སྤེལ་ཐབས་ལམ་དང་དེའི་མཇུག་འབྲས་གསལ་པོ་བསྟན། སློབ་གྲྭའི་སྤྱི་སྟེགས་དང་འཛིན་གྲྭའི་ཁྱིམ་བདག་ཚོགས་པ་སོགས་སྨྱན་སྦྱོར་གསར་པའི་སྟེགས་བུ་བརྒྱུད། དབང་གྲགས་སྡེ་ཁག་གིས་སྒྲིག་པའི་དྲ་རྒྱའི་བདེ་འཇགས་ཚན་རིག་ཁྱབ་གདལ་གྱི་ནང་དོན་བརྒྱུད་སྤེལ་བྱས་ཏེ། “སློབ་མ་གཅིག་ལ་སློབ་གསོ་བཏང་ནས་ཁྱིམ་ཚང་གང་བོར་སྐུལ་ཁྲིད་བྱས། སྤྱི་ཚོགས་ཡོངས་ལ་ཁྱབ་པར་སྐུལ་བའི”ཕན་ནུས་མངོན་འགྱུར་བྱས། སློབ་གྲྭ་ཁག་གཅིག་གིས་ད་དུང“དྲ་རྒྱའི་བདེ་འཇགས་ཤེས་བྱའི་ལག་དེབ་ཚགས་པར”དང“ཤེས་རིག་ལྡན་པའི་དྲ་ཞུགས་བརྗོད་དོན་ནག་པང་ཚགས་པར”སོགས་ཀྱི་རྣམ་པ་གསར་པ་བཏོད་དེ། སློབ་མར་གསར་རྩོམ་ཁྲོད་དུ“ཁྲིམས་ལྟར་དྲར་ཞུགས་པ་དང་ཤེས་དཔལ་ལྡན་པའི་སྒོས་དྲ་རྒྱ་སྤྱད་དེ་སྤྱོད་གཙང་རྔ་བ་བསྐྲུན་པའི”སྙིང་དོན་ལ་ངོས་འཛིན་གསལ་པོ་ཡོད་པར་བྱས།

དྲ་རྒྱའི་བདེ་འཇགས་སློབ་གསོའི་བྱེད་སྒོ་དེས་ནར་མ་སོན་པའི་ལོ་ཆུང་བྱིས་པ་འཚར་ལོངས་ཀྱི་དགོས་མཁོར་དམིགས་ནས། ཁྲིམས་སྒྲོག་བྱེད་སྒོ་དང་ལག་ལེན་སློབ་གསོ་ཟུང་འབྲེལ་སྒོས་གཞོན་ནུ་ལོ་ཆུང་གི་དྲ་ལམ་ཉེན་ཁ་གསལ་འབྱེད་ནུས་པ་དང་སྔོན་འགོག་འདུ་ཤེས་མཐོ་རུ་བཏང་། རྗེས་ཕྱོགས་སུ། རྫོང་སློབ་གསོ་ཅུས་ཀྱིས་དྲ་རྒྱའི་བདེ་འཇགས་སློབ་གསོ་རྒྱུན་རྣམ་ཅན་དུ་སྤེལ་བར་སྐུལ་ནས། “སློབ་གྲྭས་གཙོ་ཁྲིད་དང་ཁྱིམ་ཚང་གིས་མཐུན་སྦྱོར། སྤྱི་ཚོགས་ཐེ་ཞུགས”ཀྱི་སྲུང་སྐྱོང་ལམ་སྲོལ་འཐུས་ཚང་དུ་བཏང་ནས། ནར་མ་སོན་པའི་ལོ་ཆུང་བྱིས་པར་སྤྱོད་གཙང་དྲང་བདེན་གྱི་དྲ་རྒྱའི་བར་སྟོང་བསྐྲུན་ནས། མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་གསར་པ་གསོ་སྐྱོང་བྱ་རྒྱུར་འདེགས་སྐྱོར་བྱ་ངེས་རེད།