མཛོད་དགེ་རྫོང་རྨ་ཀླུང་སྒྲོག་འགྲེལ་ཚོ་ཆུང་གིས་སྟོད་མ་སྡེ་པར་སྒྲོག་འགྲེལ་བྱེད་སྒོ་སྤེལ།

ཡོང་ཁུངས། གངས་ལྗོངས་ཉི་གཞོན།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༦ ཚེས་ ༡༨

སྲིད་ཇུས་ཀྱི་རིགས་པའི་གཞུང་ལུགས“སྤྱིར་བཏང་གི་མི་སེར་གྱི་ཁྱིམ་དུ་སྤེལ་བར”སྐུལ་འདེད་གཏོང་ཆེད། ཉེ་ཆར་མཛོད་དགེ་རྫོང་གི“རྨ་ཀླུང་བརྩེ་བ”སྒྲོག་འགྲེལ་ཚོགས་པ་སྟག་ཚ་གྲོང་རྡལ་སྟོད་མ་སྡེ་པར་བསྐྱོད་དེ། “གཅིག་བསྡུས་དྲིལ་བསྒྲགས+ཁྱིམ་དུ་བཅར་འདྲིར་ཕྱིན་པ”བརྒྱུད་མང་ཚོགས་ལ་སྲིད་ཇུས་སྒྲོག་འགྲེལ་བྱས།

སྒྲོག་འགྲེལ་བྱ་ཡུལ་དུ་དྲིལ་བསྒྲགས་པས་རྒྱ་བོད་སྐད་གཉིས་ཀྱི་ལམ་ནས“འདུ་ཤེས་གསུམ”ལ་དམིགས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་མི་རིགས་མཐུན་སྒྲིལ། ཁོར་ཡུག་སྲུང་སྐྱོང་། ལས་ཞུགས་ལྟ་བ་བཅོས་བསྒྱུར། ནར་མ་སོན་པའི་ལོ་ཆུང་བྱིས་པ་སློབ་གྲྭར་འགྲིམ་པའི་གལ་ཆེའི་རང་བཞིན་སོགས་འབྲེལ་ཡོད་སྲིད་ཇུས་འགྲེལ་བཤད་བྱས། ཁ་གསལ་ལ་གོ་བདེ་བས་མང་ཚོགས་ཀྱི་བློ་ལ་ངེས་པར་བྱས། “རིགས་པའི་གཞུང་ལུགས+ལག་ལེན”ཟུང་དུ་སྦྲེལ་བའི་སྒྲོག་འགྲེལ་ལས་སྒོ་དེས་སྲིད་ཇུས་ཀྱི་སྙིང་དོན་བསྒྲགས་པར་མ་ཟད། སྟོད་མ་སྡེ་པའི་འཕེལ་རྒྱས་ལ་ཐུན་མོང་གི་ངོས་འཛིན་ལེགས་པོ་བསྐྱེད་དུ་བཅུག

སྒྲོག་འགྲེལ་ཚོ་ཆུང་གིས་རྒན་པ་རྣམས་ལ་འཚམས་འདྲི་བྱེད་སྐབས་གནའ་དེང་བསྡུར་བཞིན་འཚོ་བའི་འགྱུར་ལྡོག་གླེང་། སྔོན་ཆད་འགྲིམ་འགྲུལ་ཆ་རྐྱེན་ཞན་ལ་དངོས་ཟོག་དཀོན་པ་དང་ད་སྐབས་བགྲོད་ལམ་ལེགས་ལ་སྟབས་བདེ་བ། སྔོན་ཆད་སྨན་པར་བསྟེན་ཐག་རིང་ལ་སློབ་གྲྭར་འགྲོ་དཀའ་བ་དང་། ད་སྐབས་སྡེ་པའི་འཕྲོད་བསྟེན་ཁང་དང་སློབ་གྲྭ་སོགས་ཀྱི་ཆ་རྐྱེན་ལེགས་པོ་འདུག་པ་སོགས་གཏམ་གླེང་བརྒྱུད། རྒན་པ་རྣམས་ཀྱིས་འདས་ཟིན་པའི་ལོ་ཟླ་ཕྱིར་དྲན་བྱེད་བཞིན་དེང་སྐབས་ཀྱི་བདེ་སྐྱིད་འཚོ་བར་བསྟོད་བསྔགས་བྱས་པར་མ་ཟད། དམངས་ཕན་སྲིད་ཇུས་དེ“གནའ་དེང་གཏམ་གླེང”བརྒྱུད་མི་སེམས་ལ་གསལ་པོར་ངེས་སུ་བཅུག

སྒྲོག་འགྲེལ་ལས་སྒོ་དེ་ནི་སྲིད་ཇུས་སྒྲོག་སྤེལ་བྱེད་ཐེངས་ཤིག་ཡིན་པར་མ་ཟད། ལོ་ཟླའི་བརྩེ་ཞེན་མངོན་ཐེངས་ཤིག་ཀྱང་ཡིན་ལ། ཏང་གི་ཐུགས་ཁུར་མང་ཚོགས་ཀྱི་སེམས་ལ་ཉར་ཡོད།