བྱམས་མེ་གྲོང་རྡལ་གྱི“རྨ་རྒྱུད་རྟ་མཆོག”དྲིལ་བསྒྲགས་ཚོ་ཆུང་གིས“འདུ་ཤེས་གསུམ”ཞེས་པའི་བརྗོད་དོན་དྲིལ་བསྒྲགས་བྱེད་སྒོ་སྤེལ།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༦ ཚེས་ ༡༧

རྔ་བ་ཁུལ་མང་ཚོགས་ལས་ཀ“སེ་འབྲུ”ལས་གཞིའི་དྲིལ་བསྒྲགས་སློབ་གསོའི་སྙིང་དོན་ལག་ལེན་དུ་བཏབ་ནས། རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱི་རྒྱལ་ཁབ་ཀྱི་འདུ་ཤེས་དང་སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཆེ་རུ་གཏོང་ཆེད། ཉེ་ཆར་མཛོད་དགེ་རྫོང་བྱམས་མེ་གྲོང་རྡལ་གྱི“རྨ་རྒྱུད་རྟ་མཆོག”དྲིལ་བསྒྲགས་ཚོ་ཆུང་གིས་གྲོང་རྡལ་ཏང་ཨུའི་གཅིག་གྱུར་འཆར་འགོད་འོག །གྲོང་རྡལ་གྱི་སྲོལ་རྒྱུན་རྟ་རྒྱུག་འགྲན་ཚོགས་ཀྱི་གོ་སྐབས་དམ་འཛིན་གྱིས་རྟ་རྒྱུག་ར་བར“འདུ་ཤེས་གསུམ”ཞེས་པའི་བརྗོད་དོན་དྲིལ་བསྒྲགས་བྱེད་སྒོ་སྤེལ། ཡུལ་དངོས་ཀྱི་འབྲོག་པ་མང་ཚོགས་2000ལྷག་གི་ཡིད་ཀྱི་བརྟན་པ་འཕྲོག་ནས་བྱེད་སྒོར་ཞུགས་པ་དང་། རྒྱུན་ལྡན་གྱི་རྩ་འཛུགས་མི་གྲངས་ལས་བརྒལ་བས་སློབ་གསོ་ཐེབས་རྒྱ་ཆེས་ཆེར་བསྐྱེད་པའི་དམིགས་ཡུལ་མངོན་འགྱུར་བྱུང་།

དེ་ཡང་འབྲོག་པའི་དངོས་ཡོད་འཚོ་བ་དང་། རྒྱལ་ཁབ་དང་མི་རིགས་ཀྱི་ངོས་འཛིན་དང་འབྲེལ་ནས། ཐུན་མོང་གི་གཟི་བརྗིད་དང་མི་རིགས་ཀྱི་བརྩེ་ཞེན་ཟབ་པའི་སྲོལ་རྒྱུན་གྱི་རྟ་རྒྱུག་འགྲན་ཚོགས་དེར་རྒྱལ་ཁབ་ཀྱི་འདུ་ཤེས་དང་སྤྱི་དམངས་ཀྱི་འགན་འཁྲི། ཁྲིམས་སྐྱོང་གི་སྙིང་སྟོབས་བཅས་སྒྲོག་འགྲེལ་གནང་བར་གོ་སྐོན་བློ་འགུག་གི་དགེ་མཚན་ལྡན་ལ། དྲིལ་བསྒྲགས་ཀྱི་སློབ་གསོའི་ཕན་འབྲས་དང་སྐུལ་སློང་གི་ནུས་པ་ཆེས་ཆེར་འཕེལ་ནས། གཟབ་ནན་གྱི་བརྗོད་དོན་སྒྲོག་འགྲེལ་ལས་སྒོ་དེ་བག་ཕེབས་ཀྱི་ཁོར་ཡུག་ཁྲོད་མི་ཚང་མའི་བློ་ལ་ངེས་པར་བྱས།