བློ་མཐུན་རག་སྡིས་ཀྱི་སྐུ་ཕུང་པེ་ཅིང་དུ་ཞུགས་འབུལ་ཞུས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༦ ཚེས་ ༡༣

ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི་སོགས་པ་པའོ་ཧྲན་གསར་བརྗེའི་སྤྱི་པའི་བང་སོར་ཕེབས་ནས་ཞལ་གྱེས་ཞུས་ཡོད།

བློ་མཐུན་རག་སྡིས་ལ་སྙུན་གཞི་ལྕི་མོ་ཕོག་རིང་དང་སྐུ་གཤེགས་རྗེས། བློ་མཐུན་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་། ཧུའུ་ཅིན་ཐའོ་སོགས་སྨན་ཁང་དུ་གཟིགས་པར་ཕེབས་པའམ་ཡང་ན་བྱ་ཐབས་སྣ་མང་བརྒྱུད་ནས་བློ་མཐུན་རག་སྡིས་སྐུ་གཤེགས་པར་མྱ་ངན་ཟབ་མོ་ཞུས་པ་མ་ཟད། ཁོང་གི་གཉེན་ཉེར་ཐུགས་གསོའི་འཚམས་འདྲི་ཞུས་པ་རེད།

ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན། ལྷག་བསམ་རྣམ་དག་གི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ། རང་རྒྱལ་གྱི་མི་རིགས་ལས་དོན་དང་སྤྱི་ཚོགས་རིང་ལུགས་ཁྲིམས་ལུགས་འཛུགས་སྐྱོང་གི་ཁྱད་དུ་འཕགས་པའི་འགོ་ཁྲིད་པ། བོད་རིགས་མི་དམངས་ཀྱི་ཕུལ་དུ་བྱུང་བའི་བུ་ཕྲུག །སྐབས་བཅུ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བློ་མཐུན་རག་སྡིས་ཀྱི་སྐུ་ཕུང་ཚེས་12ཉིན་པེ་ཅིང་པ་པའོ་ཧྲན་གསར་བརྗེའི་སྤྱི་པའི་བང་སོར་ཞུགས་འབུལ་ཞུས་ཡོད།

བློ་མཐུན་རག་སྡིས་སྙུན་གཞིས་རྐྱེན་པས་2025ལོའི་ཟླ་6ཚེས་6ཉིན་གྱི་ཆུ་ཚོད་2དང་སྐར་མ་15ཐོག་པེ་ཅིང་དུ་སྐུ་གཤེགས་པ་དང་། སྐུ་གཤེགས་དུས་དགུང་ལོ་87ཡིན་པ་རེད།

བློ་མཐུན་རག་སྡིས་ལ་སྙུན་གཞི་ལྕི་མོ་ཕོག་རིང་དང་སྐུ་གཤེགས་རྗེས། བློ་མཐུན་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་། ཧུའུ་ཅིན་ཐའོ་སོགས་སྨན་ཁང་དུ་གཟིགས་པར་ཕེབས་པའམ་ཡང་ན་བྱ་ཐབས་སྣ་མང་བརྒྱུད་ནས་བློ་མཐུན་རག་སྡིས་སྐུ་གཤེགས་པར་མྱ་ངན་ཟབ་མོ་ཞུས་པ་མ་ཟད། ཁོང་གི་གཉེན་ཉེར་ཐུགས་གསོའི་འཚམས་འདྲི་ཞུས་པ་རེད།

ཚེས་12ཉིན་གྱི་སྔ་དྲོར། པ་པའོ་ཧྲན་གསར་བརྗེའི་སྤྱི་པའི་བང་སོའི་ཚོམས་ཆེན་དུ་སྒམ་བརླིང་གི་རྣམ་པས་ཁེངས་ཤིང་མྱ་ངན་རོལ་མོའི་སྒྲ་གདངས་དམའ་པོར་གྲགས། ཚོམས་ཆེན་གྱི་དབུས་སུ་གཞི་རས་ནག་པོའི་སྟེང“བློ་མཐུན་རག་སྡིས་ལ་ཡིད་སེམས་སྐྱོ་པོས་མྱ་ངན་ཞུ”ཞེས་པའི་ཡི་གེ་དཀར་པོ་བྲིས་པའི་འཕྲེད་འགེལ་སྦྱར་ཡིག་བཀལ་ཡོད་པ་དང་། དེའི་འོག་ཏུ་བློ་མཐུན་རག་སྡིས་ཀྱི་སྐུ་པར་བཀལ་ཡོད། བློ་མཐུན་རག་སྡིས་ཀྱི་སྐུ་ཕུང་མེ་ཏོག་སོས་པ་དང་ཤུག་པའི་ཡལ་འདབ་ཀྱི་དབུས་སུ་བཞུགས་སུ་གསོལ་ཞིང་། སྐུ་ཕུང་སྟེང་དུ་དམར་མདངས་བཀྲ་བའི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་དར་བསྒྲོན་ཡོད།

སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ཙམ་ལ། ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི་སོགས་མྱ་ངན་རོལ་མོའི་ཁྲོད་དལ་བུར་བློ་མཐུན་རག་སྡིས་ཀྱི་སྐུ་ཕུང་གི་མདུན་དུ་ཕེབས་ཏེ་ངག་བསྡམས་ནས་མྱ་ངན་ཞུས་པ་དང་། བློ་མཐུན་རག་སྡིས་ཀྱི་སྐུ་ཕུང་ལ་གུས་འདུད་ལན་གསུམ་ཞུས་པ་མ་ཟད། བློ་མཐུན་རག་སྡིས་ཀྱི་གཉེན་ཉེ་དང་རེ་རེ་བཞིན་ཕྱག་བཏང་ནས་ཐུགས་གསོའི་འཚམས་འདྲི་ཞུས་གནང་ཡོད།

ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་ཞལ་གྱེས་ཞུ་བར་ཕེབས་པའམ་ཡང་ན་བྱེད་ཐབས་སྣ་ཚོགས་བརྒྱུད་ནས་མྱ་ངན་ཞུས་ཡོད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་། བློ་མཐུན་རག་སྡིས་སྐུ་འཚོ་བཞུགས་སྐབས་ཀྱི་མཛའ་གྲོགས་དང་ཕ་ཡུལ་གྱི་འཐུས་མི་ཡང་ཞལ་གྱེས་ཞུ་བར་བཅར་ཡོད།