སྟག་ཚ་གྲོང་རྡལ་གྱིས་སྲོལ་རྒྱུན་གྱི་རྟ་རྒྱུག་བྱེད་སྒོ་སྤེལ།

ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༦ ཚེས་ ༡༢

ཉེ་ཆར། མཛོད་དགེ་རྫོང་སྟག་ཚ་གྲོང་རྡལ་བཞག་སྡོམ་ཕྱུགས་ར་རུ་མང་ཚོགས་ལས་ཀ“སེ་འབྲུ”ལས་གཞིའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟ་རྒྱུག་བྱེད་སྒོ་སྤེལ། སྟག་ཚ་གྲོང་རྡལ་གྱི་སྡེ་པ་4ནས་ཡོང་བའི་རྟ་པ་200ལྷག་གིས་བྱ་དགའ་73ལ་དམིགས་ནས་འགྲན་བསྡུར་བྱས་ཏེ། འབྲོག་ཁུལ་གྱི་ངོ་མཚར་བའི་སྲོལ་རྒྱུན་ལུས་རྩལ་རིག་གནས་ལེགས་པར་ངོམས།

འགྲན་བསྡུར་ཁྲོད། སྡེ་པ་ཁག་གི་འགྲན་ཞུགས་པ་རྣམས་ཀྱིས་དཔྱད་འདེམས་པའི་བཀོད་འདོམས་ལྟར་རྟ་ཡི་བང་རྩལ་འགྲན་པར་འབྲོག་པ་མང་ཚོགས་ཀྱི་དགའ་བསུའི་ཀི་སྒྲས་ཁེངས། འགྲན་བསྡུར་འགོ་ཚུགས་པ་ན་མངའ་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཡུལ་དངོས་སུ་ལྟད་མོར་ལྟ་བར་འབྱོར་བས། འགྲན་ལམ་གྱི་ལམ་རྒྱུད་དང་ལྗོངས་གཟིགས་སྟེགས་བུར་ལྟད་མོ་བས་ཁེངས་ཡོད། བར་སྐབས་སུ་ཆར་པ་བབས་ཀྱང་ཚང་མའི་རྟ་རྒྱུག་སྤྲོ་རྩེ་ལ་ལྟ་འདོད་ཀྱི་འདུན་པ་འགོག་ཏུ་མེད། ཁ་པར་གྱི་བརྙན་མིག་བརྒྱུད་རྟ་རྒྱུག་གི་ངོ་མཚར་བའི་ལྟད་མོ་ཟིན་ཐོར་བཀོད། ཡུལ་དངོས་སུ་རྟ་ཡི་རྨིག་སྒྲ་དང་དགའ་འབོད་ཀྱི་ཀི་སྒྲས་ཁེངས་པས་འཁྲུག་ཆ་དོད།

འགྲན་བསྡུར་བྱེད་སྒོ་དེས་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་པའི་དཔལ་ཡོན་དང་རིག་གནས་འཚོ་བ་ཕུན་ཚོགས་ཇེ་ཚོགས་སུ་བཏང་བར་མ་ཟད། ཁྱད་དུ་འཕགས་པའི་སྲོལ་རྒྱུན་གྱི་རིག་གནས་རྒྱུད་འཛིན་དང་དར་སྤེལ་བཏང་། རྗེས་ཕྱོགས་སྟག་ཚ་གྲོང་རྡལ་གྱིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ལེགས་པོ་བསྐྱེད་དེ། རྣམ་པ་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་བྱེད་སྒོ་གཉེར་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་ཆེ་རུ་དོད་བཞིན་མི་རིགས་ཁག“སེ་འབྲུ”བཞིན་མཐུན་སྒྲིལ་དམ་ཟབ་བྱེད་དུ་འཇུག་རྒྱུ་རེད།