མཛོད་དགེ་རྫོང་གིས་བྱི་རིམས་ཞིབ་བཤེར་ཡུལ་དངོས་ལས་དོན་སྤེལ།

བྱི་བའི་རིམས་ནད་ནི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་འཇིགས་སྐུལ་ཚབས་ཆེན་གཏོང་བའི་རིམས་ནད་ལྕི་མོ་ཞིག་ཡིན། བྱི་བའི་རིམས་ནད་འགོག་བཅོས་ལས་དོན་ཡག་པོ་བསྒྲུབ་པ་དང་། རང་བྱུང་གི་རིམས་ནད་འབྱུང་ཁུངས་སྲོག་ཆགས་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བཞིན། རིམས་ནད་འགོས་པའི་སྲོག་ཆགས་དུས་ཐོག་ཏུ་ཤེས་རྟོགས་དང་སྔོན་འགོག་བྱེད་ཐབས་སྤྱད་དེ་རིམས་ནད་འགོག་བཅོས་ལ་འགན་སྲུང་བྱ་ཆེད། རྫོང་རིམས་འགོག་ལྟེ་གནས་ཀྱིས་ཉེ་ཆར་ཁྲེང་ཟི་ལྕགས་ལམ་རྒྱུད་ཀྱི་བཞག་སྡོམ་གྲོང་རྡལ་དུ་བྱི་བའི་རིམས་ནད་ལ་ལྟ་ཞིབ་ཚད་ལེན་བྱས།

ལྟ་ཞིབ་ལས་དོན་དེར་ལུག་ཁྲག་100དང་མཚན་འགྲུལ་བྱི་བའི་མཆིན་པ་དང་མཚེར་བ་40འཚོལ་བསྡུ་བྱས་ནས་ཚོད་ལྟ་ཁང་དུ་ཞིབ་དཔྱད་བྱས། ལྕགས་ལམ་ལམ་རྒྱུད་ཀྱི་ཨར་ལས་མི་སྣ་དང་ཡུལ་སྐོར་བ་གཙོར་བཟུང་སྟེ། “བྱི་བར་ཟས་བྱིན་མི་རུང་བར་བར་ཐག་རིང་དུ་བཅད་དེ་བྱི་རིམས་འགོས་པའི་ཉེན་ཁ་ཇེ་ཆུང་དུ་གཏོང་དགོས་པ”སོགས་བདེ་ཐང་དྲན་སྐུལ་གནང་ནས་ཀུན་གྱིས་འགོག་བཅོས་བྱེད་པའི་དམིགས་ཡུལ་ལེགས་འགྲུབ་ཡོང་བར་སྐུལ་འདེད་བཏང་།