རྨ་ཆུའི་བཞུར་རྒྱུད་ཀྱི་འབྲོག་པའི་དབྱར་སྟོན་དུས་ཆེན།

ཉེ་ཆར། མཛོད་དགེ་རྫོང་རྨེ་ཆུ་ཡུལ་ཚོ་ཚ་ཁོ་སྡེ་པས་དབྱར་གྱི་དུས་སྟོན་ཐོག་མ་སྤེལ། གུར་དཀར་པོའི་ཐབ་ཚང་ནས་དུ་བ་ལོང་ལོང་དུ་འཕྱུར། བུད་མེད་རྣམས་ཀྱིས་ལུས་ལ་གཟབ་མཆོར་སྤྲས་ནས་ཟས་གཡོས་སྦྱོར་དང་ཇ་འདྲེན་པ། མགྲོན་པོར་སྣེ་ལེན་བྱེད་པ་སོགས་གང་སར་ཁོ་མོ་རྣམས་ཀྱི་རྒྱབ་གཟིགས་མཐོང་ཐུབ།

ཟས་ཞིམ་མོ་མཆོད་རྗེས་སྡེ་པའི་ནང་གི་གཞོན་ནུ་རྣམས་ཀྱིས་གར་སྟེགས་སུ་གླུ་ལེན་གར་རྩེ་བྱས་ཏེ་རིག་རྩལ་འཁྲབ་སྟོན་གྱི་གསོལ་སྟོན་བཤམས་པར་ཕོ་མོ་རྒན་གཞོན་རྣམས་ཀྱིས་དགའ་བསུ་ཐོབ། རྒྱུས་ལོན་པ་ལྟར་ན། སྡེ་པ་ཡོངས་ཀྱི་འབྲོག་ཁྱིམ་196ཡི་འབྲོག་པ་མང་ཚོགས་སྟོང་འདུས་པ་དུས་སྟོན་དེར་ཞུགས་ནས་དབྱར་སྟོན་ལ་བཀྲ་ཤིས་རྟེན་འབྲེལ་ཞུས་པ་དང་། ཡུལ་དངོས་སུ་དགའ་སྤྲོའི་དགོད་སྒྲས་ཁེངས། རྨེ་ཆུ་ཡུལ་ཚོའི་རྟ་རྒྱབ་དྲིལ་བསྒྲགས་རུ་ཁག་གིས་བྱེད་སྒོར་གཞིགས་ནས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནར་མ་སོན་པའི་ལོ་ཆུང་བྱིས་པ་སྲུང་སྐྱོབ་བཅའ་ཁྲིམས》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱིམ་ཚང་སློབ་གསོའི་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་སྒྲོག་འགྲེལ་བྱས། བྱེད་སྒོ་དེར་རྒྱ་ཆེའི་མང་ཚོགས་ལ་སྤྲོ་གསེང་ཐུབ་པར་མ་ཟད། ཁོ་ཚོའི་བསམ་པའི་དཔལ་ཡོན་སྔར་བས་ཕུན་སུམ་ཇེ་ཚོགས་སུ་བཏང་།

སྡེ་པའི་ཀྲི་པུའུ་ཡི་ཧྲུའུ་ཅི་བཀྲ་ཤིས་དོན་གྲུབ་ཀྱིས་བཤད་རྒྱུར། དབྱར་སྟོན་དུས་ཆེན་ནི་ཚང་མ་ལྷན་འཛོམས་བྱས་ནས་ངལ་གསོ་བྱེད་ཐེངས་ཤིག་ཡིན་པར་མ་ཟད། དམངས་སྲོལ་དང་འཆམ་མཐུན་གྱི་དུས་སྐབས་མངོན་སྟངས་ཤིག་ཀྱང་ཡིན། ཉེ་བའི་ལོ་ཤས་རིང་། རྫོང་ཨུའི་སྲིད་གཞུང་གིས་དམངས་སྲོལ་རིག་གནས་སྲུང་སྐྱོང་བྱེད་པར་ཚད་མཐོའི་མཐོང་ཆེན་བྱས་པ་དང་། ཡུལ་ཚོའི་ཏང་ཨུས་ཀྱང་ང་ཚོར་དཔལ་ཡོན་འཛུགས་སྐྱོང་ལ་ཁྲིད་སྟོན་བྱས། སྡེ་པའི་ཀྲི་པུའུ་ཡིས་ལས་དོན་སྤེལ་སྐབས་སྡེ་མིའི་བསམ་པའི་དཔལ་ཡོན་ལ་གཙིགས་སུ་བཟུང་ནས་སྐྱིད་སྣང་ཆེ་རུ་དོད་པས། ང་ཚོ་སྔར་བས་མཐུན་སྒྲིལ་དང་སྡེ་པའི་བྱ་བཞག་དར་རྒྱས་གོང་འཕེལ་བྱུང་ཅེས་བཤད།