གངས་དཀར་རི་བོ་སོགས་རི་བོ་དགུའི་མཐོ་ཚད་གཏན་འཁེལ་བྱས་འདུག

ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
སྤེལ་དུས།: ༢༠༢༤ ལོའི་ཟླ་ ༡ ཚེས་ ༣





སྤེལ་དུས 2023-11-02 ཡོང་ཁུངས།  རྩོམ་པ་པོ།  




          ཉེ་ཆར་རང་བྱུང་ཐོན་ཁུངས་པུའུ་དང་རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུས་ཀྱིས《གངས་དཀར་རི་བོ་སོགས་རི་བོ་དགུའི་མཐོ་ཚད་གཞི་གྲངས་ཡོངས་བསྒྲགས་བྱེད་རྒྱུའི་སྐོར་གྱི་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས་ཤིང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐིག་རིས་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐིག་རིས་གྲུབ་འབྲས་དོ་དམ་སྲོལ་ཡིག》གཞིར་བཟུང་སྟེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ད་ལྟ་གངས་དཀར་རི་བོ་སོགས་རི་བོ་དགུའི་མཐོ་ཚད་གཞི་གྲངས་སྤྱི་བསྒྲགས་བྱས་པ་གཤམ་གསལ།


          གཅིག གངས་དཀར་རི་བོ། མཐོ་ཚད་ལ་སྨི7508.9ཡོད།





        


          གཉིས། རི་བོ་སྐུ་བླ། མཐོ་ཚད་ལ་སྨི6247.8ཡོད། 


          གསུམ། དུང་དཀར་རི་བོ། མཐོ་ཚད་ལ་སྨི4354.2ཡོད།


         བཞི། ཀོང་ཝུའུ་རི་བོ། མཐོ་ཚད་ལ་སྨི2507.2ཡོད།


          ལྔ། སེང་གེ་རྒྱལ་པོའི་རི་བོ། མཐོ་ཚད་ལ་སྨི4981.3ཡོད།


          དྲུག དགེ་བསྙེན་རི་བོ། མཐོ་ཚད་ལ་སྨི6174.5ཡོད། 



          བདུན། འཇམ་པའི་དབྱངས། མཐོ་ཚད་ལ་སྨི6033.0ཡོད།




          བརྒྱད། སྤྱན་རས་གཟིགས། མཐོ་ཚད་ལ་སྨི5998.5ཡོད།



          དགུ། ཕྱག་ན་རྡོ་རྗེ། མཐོ་ཚད་ལ་སྨི5951.3ཡོད།



          ད་ནས་བཟུང་། སྲིད་འཛིན་དོ་དམ་དང་གསར་འགྱུར་ཁྱབ་སྤེལ། ཕྱི་ཕྱོགས་སྤེལ་རེས། སློབ་ཁྲིད་ཚན་ཞིབ་སོགས་ཀྱི་བྱེད་སྒོའི་ནང་སྤྱོད་རྒྱུ་རེད།