མཛོད་དགེ་རྫོང་གིས་སྤྱི་ཚོགས་རྩ་འཛུགས་སྐྱེད་སྲིང་གཞི་གནས་ཐོག་མ་བཙུགས།

ཡོང་ཁུངས།
སྤེལ་དུས།: ༢༠༢༣ ལོའི་ཟླ་ ༩ ཚེས་ ༤

    ཉེ་ཆར་མཛོད་དགེ་རྫོང་སྤྱི་ཚོགས་རྩ་འཛུགས་སྐྱེད་སྲིང་གཞི་གནས་ཐོག་མ་བཙུགས་ཏེ་སྒོ་བྱང་དངོས་སུ་བཀལ།  སྤྱི་ཚོགས་རྩ་འཛུགས་སྐྱེད་སྲིང་གཞི་གནས་ཚུགས་པ་ནི། མཛོད་དགེ་རྫོང་སྤྱི་ཚོགས་རྩ་འཛུགས་འཕེལ་རྒྱས་ཀྱི་རྡོ་རིང་གསར་བ་ཡིན་ལ།  སྤྱི་ཚོགས་དོ་དམ་གསར་གཏོད་བྱེད་ཐབས་གལ་ཆེན་ཡང་ཡིན་པས། མཛོད་དགེའི་སྤྱི་ཚོགས་རྩ་འཛུགས་བདེ་བླག་ངང་འཕེལ་བར་རམ་འདེགས་དང་སྤྱི་ཚོགས་བཅོས་སྐྱོང་ལ་ཕན་ནུས་གལ་ཆེན་འདོན་རྒྱུ་རེད།

    གསར་འགོད་པས་རྒྱུས་ལོན་པ་ལྟར་ན།  ཉེ་བའི་ལོ་ཤས་རིང་མཛོད་དགེ་རྫོང་གིས་རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་གི་འབོད་སྐུལ་དང་ལེན་གང་ལེགས་བྱས་པར་བརྟེན།  རྫོང་ཡོངས་ཀྱི་སྤྱི་ཚོགས་རྩ་འཛུགས་ལ་འཕེལ་རྒྱས་ངེས་ཅན་བྱུང་སྟེ།  གཞི་ཁྱོན་ངེས་ཅན་གྱི་རྣམ་པ་ཐོག་མར་གྲུབ།  རྫོང་དམངས་སྲིད་ཅུས་ཀྱིས་ཀྲེ་ཅང་རོགས་སྐྱོར་ཐོན་ཁུངས་དང་མཐུད་སྦྲེལ་གང་ལེགས་སྒོས།   རྔ་བ་ཁུལ་གྱི་རྫོང་རིམ་པའི་སྒྲིག་ཆས་ཆ་ཚང་ལྡན་པའི་སྤྱི་ཚོགས་རྩ་འཛུགས་སྐྱེད་སྲིང་གཞི་གནས་ཐོག་མ་བཙུགས།

སྐྱེད་སྲིང་གཞི་གནས་ཀྱི་བྱེད་ནུས་ཁང་སྣ་ཚོགས་ཏེ། དང་བླངས་པའི་གཞིས་ཁྱིམ་དང་སྐྱེད་སྲིང་གཞུང་ལས་ཁང་།   ཡིག་ཚགས་ཁང་།  སེམས་ཁམས་བློ་འདྲི་ཁང་།  མགྲོན་བསུ་ཁང་།  ནུས་མང་གྲོས་ཚོགས་ཁང་བཅས་བཙུགས་ཡོད། དེང་རབས་ཅན་གྱི་ནང་ཤག་གསར་བའི་མཛེས་ཉམས་དང་། བྱེད་ནུས་ཆ་ཚང་ལྡན་པའི་ལས་སྒྲུབ་ཁུལ་གྱིས་ཀུན་གྱི་མིག་དབང་ལྷག་ཏུ་འཕྲོག

    ཀྲུང་གུང་མཛོད་དགེ་རྫོང་སྤྱི་ཚོགས་སྐྱེད་སྲིང་གཞི་གནས་ཀྱི་མཉམ་འབྲེལ་ཀྲི་པུའུ་ཨུ་ལྷན་གྱི་ཀྲིུ་པུའུ་ཧྲུའུ་ཅི་སྤང་རྒྱན་མེ་ཏོག་སྤྱི་ཚོགས་ལས་དོན་ཞབས་ཞུ་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་སྒྲུབ་པ་ལིའུ་ཝུན་ཡུས་ཀྱིས་བཤད་རྒྱུར། མཛོད་དགེ་རྫོང་སྤྱི་ཚོགས་རྩ་འཛུགས་སྐྱེད་སྲིང་གཞི་གནས་ནི་ང་ཚོའི་རྫོང་ཡོངས་ཀྱི་སྤྱི་ཚོགས་རྩ་འཛུགས36གི་གནས་མལ་ཡིན།   སྔོན་ཆད་ང་ཚོར་ལས་དོན་སྒྲུབ་གནས་དང་ལས་སྒྲུབ་གྲོན་དངུལ་མེད་པས། འཕེལ་རྒྱས་ཡོང་བར་དཀའ་ངལ་བྱུང་།  ད་ལྟ་ལན་ཧུའུ་ཁུལ་གྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་སྐྱེད་སྲིང་གཞི་གནས་བཙུགས་ཏེ། སྐྱེད་སྲིང་ཐེབས་རྩ་བཙུགས་ནས་ཏང་འཛུགས་སྐྱོང་གིས་ཁྲིད་སྟོན་དང་སྲིད་གཞུང་གིས་སྣེ་ཁྲིད་པ།  སྤྱི་ཚོགས་རྩ་འཛུགས་ལས་སྒོར་ཞུགས་པའི་སྒོ་ནས།   རྒྱ་ཆེའི་མང་ཚོགས་ལ་ཁེ་ཕན་རེག་པར་སྤྱི་ཕན་ཞབས་ཞུ་སྣ་ཚོགས་སྤེལ་རྒྱུ་རེད། རྗེས་སོར་ང་ཚོས་ཚད་ལྡན་ཅན་དང་ཆེད་ལས་ཅན།  རྒྱུན་རྣམ་ཅན་བཅས་ཀྱི་སྒོ་ནས་སྐྱེད་སྲིང་གཞི་གནས་བདག་གཉེར་བྱས་ཏེ། རྩ་འཛུགས་སྔར་ལས་མང་བོར་རྒྱབ་སྐྱོར་འཐོབ་པ་དང་། མང་ཚོགས་སྔར་ལས་མང་བོར་ཁེ་ཕན་རེག་ཏུ་འཇུག་རྒྱུ་ཡིན།

    ད་ཆའི་བར་སྤྱི་ཚོགས་རྩ་འཛུགས་སྐྱེད་སྲིང་གཞི་གནས་སུ་སྤྱི་ཚོགས་རྩ་འཛུགས5བཅའ་སྡོད་བྱས་ཤིང་།  སྐྱེད་སྲིང་གཞི་གནས་ཀྱིས་ཚང་མར་ཏང་འཛུགས་སྐྱོང་གི་ཁྲིད་སྟོན་དང་སྲིད་ཇུས་བློ་འདྲི།  རྣམ་གྲངས་ཀྱི་རྒྱབ་སྐྱོར།  འཇོན་མི་སྐྱེད་སྲིང་།  ཐོན་ཁུངས་མཐུན་སྦྲེལ།  ནུས་པ་གསོ་སྐྱོང་།   སྤྱི་ཕན་ལག་ལེན།  ལྟ་སྐུལ་དོ་དམ་དང་སྐུལ་སྟོན་གདེང་འཇོག་སོགས་ཆེད་ལས་ཅན་གྱི་ཞབས་ཞུ་འདོན་སྤྲོད་བྱེད་རྒྱུ་རེད། རྗེས་སོར་རྫོང་ཡོངས་ཀྱི་སྤྱི་ཚོགས་རྩ་འཛུགས36གིས་སྐྱེད་སྲིང་གཞི་གནས་ལ་བརྟེན་ཏེ། སྲིད་གཞུང་གི་མ་དངུལ་རྒྱབ་སྐྱོར་དང་ཆེད་ལས་ཚོགས་ཁག་གི་དོ་དམ།  སྤྱི་ཚོགས་ཀྱི་མང་ཚོགས་ལ་ཕན་འཐོབ་པ་བཅས་ཀྱི་བདག་གཉེར་རྣམ་པས་ཞབས་ཞུའི་ལས་སྒོ་སྤེལ་བ་དང་། སྤྱི་ཚོགས་བཅོས་སྐྱོང་ལས་སྒོར་ཞུགས་ཏེ།   མཛོད་དགེ་རྫོང་སྤྱི་ཚོགས་རྩ་འཛུགས་རྒྱུན་མཐུད་ངང་འཕེལ་བར་སྐུལ་འདེད་གཏོང་རྒྱུ་རེད།