སེམས་ཤུགས་གཅིག་སྒྲིལ་གྱིས་མཛེས་ལྡན་ལྔའི་གྲོང་གསེབ་ལེགས་པོར་བསྐྲུན།

ད་ལོ་ནས་བཟུང་ཐེ་བོ་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱིས་བཏོན་པའི་ཁུལ་གཅིག་གནས་གཉིས་ཁྱིམ་གཞིས་གསུམ་གྱི་འཐབ་ཇུས་བཀོད་སྒྲིག་ལ་དམིགས་ཏེ། ཏང་འཛུགས་སྐྱོང་གིས་གྲོང་གསེབ་དར་སྤེལ་ལ་སྣེ་ཁྲིད་པ་མཐའ་འཁྱོངས་སྒོས། ཐོན་ལས་དམ་འཛིན་དང་ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་དང་འཕེལ་རྒྱས་ལ་ཤུགས་སྣོན། ཁོར་སྲུང་ལས་བརྩོན། ཞིང་ལས་ཡུལ་སྐོར་ཟུང་འབྲེལ། གྲོང་གསེབ་ཀྱི་ཐོན་ལས་སྤུས་ལེགས་འཕེལ་རྒྱས་བཅས་ལ་སྐུལ་འདེད་སྒོས། བཀོད་པ་མཛེས་ལ་ཐོན་ལས་ལེགས་པ། ཁོར་ཡུག་མཛེས་ཤིང་འཚོ་བ་སྐྱིད་པ། ལུགས་སྲོལ་ལེགས་པའི་མཛེས་ལྡན་ལྔའི་གྲོང་གསེབ་ལེགས་པོར་བསྐྲུན་ནས། སྐྱེ་ཁམས་ལེགས་ཤིང་འཆམ་མཐུན་བདེ་སྐྱིད་ལྡན་པའི་འབྱོར་འབྲིང་གི་ཁྱིམ་གཞིས་གསུམ་ལེགས་འཛུགས་མངོན་འགྱུར་བྱས།

ཉེ་ཆར་ཐེ་བོ་གྲོང་རྡལ་རྣམ་གྲངས་གཞུང་དོན་ཁང་དང་གྲོང་ཚོར་སྡོད་པའི་ལས་བྱེད་པ། གྲོང་ཚོ་ཨུ་ལྷན་གཉིས་བཅས་ཀྱིས་ཕྱོགས་གསུམ་པའི་ཇུས་འགོད་ཀུང་སི་དང་མཉམ་འབྲེལ་སྒོས་མི་སྣ་སྒྲིག་འཛུགས་བྱས་ཏེ། ཁྱིམ་གཞིས་གསུམ་འཛུགས་སྐྲུན་ཁུལ་དུ་ཡུལ་དངོས་བརྟག་དཔྱད་དུ་བསྐྱོད་ནས། གྲོང་ཚོའི་གནས་ཚུལ་དངོས་ལ་རྒྱུས་ལོན་གང་ལེགས་བྱས་ཏེ། ཐོན་ལས་རྨང་གཞིའི་སྒྲིག་ཆས་དང་ཁྱད་ལྡན་ཁོར་ཡུག་ཇུས་འགོད་ཐད་གྲོས་ཞིབ་བྱས། རི་དྭགས་ཤྭ་ཁྲ་རང་བྱུང་སྲུང་སྐྱོང་ཁུལ་དང་བྲག་བྱ་རྒོད། སྲོལ་རྒྱུན་གྱི་ཞིང་སྡེའི་མཛེས་ལྗོངས་བཅས་ལ་བརྟེན་ནས། རང་ བྱུང་དང་ས་བབ་ཀྱི་ལེགས་ཆ་བེད་སྤྱོད་གང་ལེགས་བྱས་ཏེ་ཐོན་ལས་དང་ཡུལ་སྐོར། སྐྱེ་ཁམས་དང་འཕེལ་རྒྱས་བཅས་ཟུང་དུ་འབྲེལ་བའི་གྲོང་གསེབ་དར་སྤེལ་བྱེད་སྟངས་གསར་བ་བཏོད།
མི་མེད་གནམ་གྲུའི་པར་ལེན་ལག་རྩལ་སྤྱད་དེ། གྲོང་རྡལ་ཡོངས་ཀྱི་ཁྱིམ་གཞིས་གསུམ་འཛུགས་སྐྲུན་གྲོང་ཚོ4དང་། གཙོ་གནད་གསར་སྐྲུན་གྲོང་ཚོ2ཀྱི་དུས་མགོའི་ཇུས་འགོད་རི་མོ་དང་དངོས་ལྗོངས་རི་མོ་མྱུར་བུ་ལེགས་འགྲུབ་བྱས།