མཛོད་དགེ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཚྭ་ལས་ཁྲོམ་རར་ཆེད་དམིགས་ཞིབ་བཤེར་བྱས།

ཡོང་ཁུངས།
སྤེལ་དུས།: ༢༠༢༣ ལོའི་ཟླ་ ༨ ཚེས་ ༣༡

    ཟླ8པའི་ཚེས24ཉིན་གྱི་ཕྱི་དྲོར།   འཇའ་ཕན་གྱིས་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་དོར་ཏེ།   བསྟུད་མར་འཛམ་གླིང་གི་དོ་ཁུར་དང་གླེང་ཕྱོགས་ཚ་བོ་བཟོས་པས།  ཕྱི་རྒྱལ་གྱི་ཁྲོམ་ར་ཁག་གཅིག་ཏུ་བཟའ་ཚྭ་འཕྲོག་ཉོ་བྱེད་པའི་སྣང་ཚུལ་བྱུང་། གྲོང་ཁྱེར་མི་དམངས་ཀྱི་འཇིགས་སྣང་བསལ་ཏེ། ཚོང་བདག་གིས་འབེལ་ཉོ་དཀོན་ཚོང་དང་རིན་གོང་ཧམ་སྤོ་བྱེད་པ་དང་།  ངན་འབྲེལ་རིན་སྤར་སོགས་ཀྱི་སྤྱོད་ཚུལ་ལ་རྡུང་རྡེག་གཏོང་ཆེད།  ཟླ8པའི་ཚེས25ཉིན་གྱི་སྔ་དྲོར།   མཛོད་དགེ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཚྭ་ལས་ཁྲོམ་རར་ཆེད་དམིགས་ཞིབ་བཤེར་བྱས་ཏེ།   བཟའ་ཚྭ་ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་སྒོས།   བཟའ་ཚྭ་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་བཏང་སྟེ་བཟའ་ཚྭ་ཁྲོམ་རའི་ཁོར་ཡུག་གཙང་མར་བཟོས།

    ཐེངས་འདིའི་ཞིབ་བཤེར་ཁྲོད་ཁྲིམས་འཛིན་མི་སྣ་ཁྲོམ་རའི་མདུན་སར་བསྐྱོད་དེ།   བཟའ་ཚྭ་སྡེབ་འཚོང་ཁེ་ལས་དང་རང་འདེམས་ཚོང་ཁང་ཆེ་འབྲིང་།   ཞིང་ཟོག་ཁྲོམ་ར་བཅས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ།   ཡུལ་དངོས་ནས་དྲན་སྐུལ་སློབ་སྟོན་ཡི་གེ་བཀྲམ་པར་མ་ཟད།  བདག་གཉེར་ཚོང་ཁང་གིས་གོ་སྐབས་འདི་ལ་བརྟེན་ནས་འབེལ་ཉོ་དཀོན་ཚོང་དང་རིན་གོང་ཧམ་སྤོ་བྱེད་མི་རུང་བ་དང་།    གལ་ཆེ་ཞིབ་བཤེར་བྱུང་ན་ཆད་པ་ལྕི་མོ་གཅོད་རྒྱུ་ཡིན་པར་གསལ་བརྡ་བཏང་།  གཞན་ཡང་སྲིད་གཞུང་སྤྱི་སྒྲོག་དྲ་བ་དང་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས།  འཕྲིན་ཕྲན་ལྟ་སྐུལ་དོ་དམ་ཚོགས་པ་སོགས་སྤྱད་དེ།   རྒྱ་ཆེའི་མང་ཚོགས་ལ《མཛོད་དགེ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་བཀྲམ་པའི་བཟའ་ཚྭ་ཁྲོམ་རའི་རིན་གོང་སྒྲིག་ལམ་ཚད་ལྡན་དུ་བཏང་བའི་སྐོར་གྱི་དྲན་སྐུལ་སློབ་སྟོན་ཡི་གེ》བཀྲམ།

    ཐེངས་འདིར་བསྡོམས་པའི་ཚྭ་ལས་ཀུང་སི1དང་སིལ་འཚོང་བདག་གཉེར་ཚོང་ཁང20ལྷག་ལ་ཞིབ་བཤེར་བྱས་ཤིང་།   བཟའ་ཚྭས་ཟས་རིགས3ལ་ལྟ་ཞིབ་ཚད་ལེན་བྱས།   ད་ཆར་མཛོད་དགེར་བཟའ་ཚྭའི་གསོག་འཇོག་འདང་ངེས་ཡོད་ཅིང་ཕྱིར་འཚོང་ལམ་བུ་ཤར་གཏོང་ཡིན་པ་དང་།   ཁྲོམ་རའི་སྒྲིག་ལམ་བཟང་ཞིང་རིན་གོང་བརྟན་པོ་རེད།